ཟམ་པའི་རབ་བྱེད།

ཐོར་བུ།        2021-08-13

ངས།

ཤེལ་གྱི་སྒེའུ་ཁང་ལས།

མར་ཟམ་སྟེང་གི་མི་ཚོགས་ལ་བལྟས།

མི་ཚོགས་ཀྱིས་ཁུར་བོ་ལྕི་མོ་རེ་རེ་ཕྲག་སྟེང་

དུ་བཀྱགས་ནས།

འགྲོ་བཞིན་འདུག།

མི་ཚོགས་ཀྱི་གོམ་པ་སྤོ་སའི།

ཟམ་པ་དེའི་འཕྲེད་དུ་གློག་སྐུད་མང་པོ་

ཞིག་བརྐྱངས་འདུག།

གློག་སྐུད་དེ་དག་ཨེ།

སུ་ཞིག་སྤྲུལ་བ་ལྟ་བུའི་གློག་སྐུད་དེ་དག་གི་སྣེ་མོ།

སྦུ་གུ་མང་པོ་ཞིག་གི་བུ་གར་ཟུག་འདུག།

ཟམ་པའི་འོག་ཏུ།ཆུ་བོ་སྔོམ་པོ།

ཆུ་བོའི་ཁ་རུ།འཁྱགས་དར་ལེབ་མོ་འགས།

མི་ཚོགས་ཀྱི་འཚང་ཁ་རྒྱག་པ་བཞིན།

འཚང་ཁ་རྒྱག།

འཁྱག་དར་དེ་ཚོའི་གྲལ་དུ།གད་སྙིགས་ཀྱང་འདུག།

བྱི་རུ་འཚོང་བའི་ཚོང་བ་འགའ།

བྱི་རུ་ཉོ་བའི་སྐུ་ཞབས་འགའ།

བྱི་རུར་ལྟད་མོ་ལྟ་བའི་མི་ཚོགས་མང་པོས།

ཟམ་པ་དེའི་སྟེང་དུ་འདུས།

ཁོ་ཚོས།

“འདི་བྱིར་དམར་རེད།

འདི་ཡག་རུང་གོང་ཆེན་པོ་རེད།”

མང་པོ་ཞིག་འཆད་ཀྱིན་པ་འདི་ནི།

ངས་བལྟས་ན།

དུས་ཚོད་འགྲོ་ཐབས་ཤིག་ཡིན་ནམ་སྙམ།

འབྲོག་པ་འགས།

ཟན་སྣུམ་འགྱིགས་དམ་ཆེ་ཙམ་རེ།

ལག་ཏུ་འཇུས།

རྒྱ་མི་འགས།

གློག་སྐོར་ལྕགས་རྟར་ཞོན་ཕར་ཚུར་འགྲོ།

ཧེ་ཧེ་ཚོས་མགོ་ཀླད་ཁེབ་ཙམ་གྱི།

ཞྭ་་དཀར་པོ་རེ་གོན་ནས་ཕར་ཚུར་འགྲོ།

འོ། དེ་དག་ལས་དམིགས་བསལ་བ་ཞིག་ནི།

གྲྭ་པ་ཞིག་གིས།སུ་ཞིག་ལ།

ཟམ་སྟེང་དུ་གཟུགས་མཐོང་རྒྱག་གིན་འདུག།

ཡར་འཁོར་མར་འཁོར་མང་པོ་བྱེད་ཀྱིན།

ཡུན་རིང་བོར་ཟམ་སྟེང་ནས།

གཟུགས་མཐོང་བརྒྱབ་ནས་བསྡད་བྱུང་།

ཟམ་པ་དེའི་སྣེ་རུ།

ཁ་ལོ་པ་མང་པོ་འདུག།

“དཀར་མཛེས་དཀར་མཛེས།

ལི་ཐང་ལི་ཐང་།ཁྲིན་ཏུའུ་ཁྲིན་ཏུའུ”སོགས།

ས་ཆ་མང་པོ་ཞིག་གི་མིང་འབོད་ཀྱིན་འདུག།

ཁ་ལོ་པ་དེ་དག་གིས།རྒྱབ་ཏུ་ཁུག་མ་ཁུར་མཁན་དང་།

ལག་ཏུ་ཁུག་མ་བཟུང་ཡོད་མཁན་ཚོར།

དམིགས་སུ་བསལ་ནས་“ག་ཤེད་དུ་

འགྲོ་འམ་”ཟེར་གྱིན་འདུག།

ད་ནི་ངས། ཟམ་པ་དེ།

མིག་ལམ་ནས་བསྐྱུར་དགོས་ས་རེད།

ཁ་ལོ་པས་ང་ལ་ཁ་པར་བཏང་ནས།

“འགྲོ་རན་སོང”ཟེར།

  • ལེ་ཚན་སྔོན་མ།:མཚན་མོའི་སྒྲུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།