ལོ་དེའི་མིང་ལ་ལང་ཚོ་ཟེར།

གནུབས་རྒྱལ་མཚན།        2021-08-06

ལོ་དེའི་དབྱར་ཁའི་ལང་ཚོ་འུ་གཉིས་རེད།།

ལོ་དེའི་མེ་ཏོག་རྣ་ཚར་འུ་གཉིས་རེད།།

ལོ་དེའི་ཉི་འོད་ཟེར་མ་འུ་གཉིས་རེད།།

ལོ་དེའི་ཟླ་ཟིལ་སྐ་རགས་འུ་གཉིས་རེད།།

ལོ་དེའི་ནམ་ཟླའི་བརྩེ་བ་འུ་གཉིས་རེད།།

ལོ་དེའི་གཏམ་རྒྱུད་བཞུད་ལམ་འུ་གཉིས་རེད།།

ལོ་དེའི་སྦྲང་ཆར་བདུད་རྩི་འུ་གཉིས་རེད།།

ལོ་དེའི་དབྱར་ཁའི་རྣམ་ཐར་འུ་གཉིས་རེད།།

ལོ་དེའི་དུང་བའི་ཚེས་ཞག་འུ་གཉིས་རེད།།

ལོ་དེའི་ས་སྲོད་མཚམས་སྤྲིན་འུ་གཉིས་རེད།།

ལོ་དེའི་ནེའུ་གསིང་གཞིས་ཀ་འུ་གཉིས་རེད།།

ལོ་དེའི་ཞོགས་པའི་སྣང་བ་འུ་གཉིས་རེད།།

ལོ་དེའི་གཙང་བོའི་མཆོད་ཆབ་འུ་གཉིས་རེད།།

ལོ་དེའི་རླུང་བུའི་རྒྱལ་མཚན་འུ་གཉིས་རེད།།

ལོ་དེའི་མཚན་མོའི་སྔུར་སྒྲ་འུ་གཉིས་རེེད།།

ལོ་དེའི་ལོ་ཟླའི་བརྗོད་དོན་འུ་གཉིས་རེད།།

ལོ་དེའི་དར་བབ་གཞོན་ནུ་འུ་གཉིས་རེད།།

ལོ་དེའི་འཛུམ་ཕྲེང་མུ་ཏིག་འུ་གཉིས་རེད།།

ལོ་དེའི་ཚེ་སྲོག་ཐག་སྒྲ་འུ་གཉིས་རེད།།

ལོ་དེའི་སྒྲུང་གཏམ་འབྲི་མཁན་འུ་གཉིས་རེད།།

ལོ་དེའི་རུམ་ཁའི་དྲོད་ཐིག་འུ་གཉིས་རེད།།

ལོ་དེའི་སྙིང་ཆུང་འགྲོགས་མཁན་འུ་གཉིས་རེད།།

ལོ་དེའི་ནམ་མཁའི་ཚེས་རིས་འུ་གཉིས་རེད།།

ལོ་དེའི་མཉམ་འདྲེས་འོ་ཆུ་འུ་གཉིས་རེད།།

ལོ་དེའི་དབྱར་མགོའི་སྐྱ་རེངས་འུ་གཉིས་རེད།།

ལོ་དེའི་རྩི་ཤིང་བསིལ་གདུགས་འུ་གཉིས་རེད།།

ལོ་དེའི་འཁོར་བའི་སྲབ་དཀྱོགས་འུ་གཉིས་རེད།།

ལོ་དེའི་འདང་གི་རི་མོ་འུ་གཉིས་རེད།།

ལོ་དེའི་ཉིན་མོའི་མགོན་པོ་འུ་གཉིས་རེད།།

ལོ་དེའི་ཆ་འགྲིག་མིག་ཟུང་འུ་གཉིས་རེད།།

ལོ་དེའི་མཚན་མོའི་དབང་བོ་འུ་གཉིས་རེད།།

ལོ་དེའི་ལྷན་འགྲོགས་སྙིང་ཆུང་འུ་གཉིས་རེད།།



  • ལེ་ཚན་སྔོན་མ།:བརྩེ་བའི་སོར་ཕྲེང་།
  • ལེ་ཚན་རྗེས་མ།:སྒྱུ་འཕྲུལ་གྱི་གཞས།