རེ་སྒུག་དབྱར་གྱི་དཔལ་ཡོན་འཛུམ་པ།

ཐབ་ཕྱི།        2021-08-02

ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱར་འཁོར་བའི་ཤིས་ཚིག།

ལྷོ་རྒྱལ་འཛམ་གླིང་གོ་ལའི་ཡང་རྩེ་རུ།།

ཤར་གྱི་སྲིད་འཛིན་རྒྱལ་ཚབ་འཕྲེང་བའི་རྒྱུན།།

དགེ་ལེགས་ནམ་མཁའི་ཕང་བ་གཞོལ་མཛད་པ།།

ཏང་གི་མགོན་པོ་ཉིན་མོར་བྱེད་དུ་བརྗོད།།

ཡ་གླིང་ཕྱུག་མོ་ཀྲུང་ཧྭའི་གཞིས་ཀ་ན།།

མི་རིགས་ང་དྲུག་ཡིད་མཐུན་སྐྱེས་པའི་ཚལ།།

ན་ཆུང་ཕྱེ་ལེབ་གར་གྱིས་ལྡིང་པ་འདི།།

རེ་སྒུག་དབྱར་གྱི་དཔལ་ཡོན་འཛུམ་སྟངས་ཤིག།

རླབས་ཆེན་དམངས་དོན་སྟོང་ཕྲག་བྱེ་བའི་ཁུར།།

འདེགས་པའི་རྩལ་རྫོགས་ཀྲུང་གོ་གུང་ཁྲན་ཏང་།།

ལོ་བརྒྱར་འཁོར་བ་དགྱེས་པའི་འཛུམ་དཀར་གྱིས།།

དོ་ནུབ་ཟླ་བའི་དཀྱིལ་འཁོར་སྒོར་བར་བྱས།།

དུས་རབས་གསར་པའི་རྣམ་རྒྱལ་ཁང་བཟང་དུ།།

ཕུན་ཚོགས་ལོ་བརྒྱའི་དགའ་སྟོན་བྱེད་པ་པོ།།

མཐོང་བས་ཡིད་འཕྲོག་གུང་ཁྲན་རིང་ལུགས་ཉིད།།

རྔུལ་ཁྲག་རྒྱ་མཚོའི་ཀློང་གི་མེ་ཏོག་ལགས།།

མཚན་མོ་འདི་ནི་གཡང་གི་ལྷས་ར་སྟེ།།

རྒྱལ་གླུ་སིང་སིང་སྒྲོག་པའི་འགྱུར་ཁུགས་ཀྱིས།།

འོད་ཀྱི་རྣམ་པར་སྦྲུམ་པའི་འཛིན་མའི་ཁྱོན།།

ལུགས་གཉིས་བདུད་རྩིའི་ཆུ་བོ་འཕེལ་བར་མཛད།།



  • ལེ་ཚན་སྔོན་མ།:སྒྱུ་མའི་ལྟེང་ཀ།
  • ལེ་ཚན་རྗེས་མ།:རྗེས་དྲན་དད་པའི་མཆོད་སྤྲིན།