རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་བཟོ་ལས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

བདེ་སྐྱིད་ཀྱིས་བསྒྱུར།        2021-08-02

ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་སྟོབས་ལྡན་བཟོ་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་དང་། འཕེལ་རྒྱས་གསར་པའི་འདུ་ཤེས་རྒྱུན་འཁྱོངས་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། དྲུག་ཐོག་གཅིག་སྣོན་པའི་འབྱུང་འཕྲོད་དེང་རབས་ཅན་གྱི་བཟོ་ལས་གང་མགྱོགས་བསྐྲུན་ནས། ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བར་སྐུལ་འདེད་བཏང་བ་རེད།

གཅིག་ནས་འཆར་འགོད་ཀྱིས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ་དང་། གཉིས་ནས་འཕེལ་རྒྱས་ཀྱི་གཙོ་གནད་མངོན་གསལ་དོད་པོ་བྱ་དགོས། གསུམ་ནས་གླིང་ཁུལ་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱ་དགོས། བཞི་ནས་གྲུབ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་རྒྱག་དགོས། ལྔ་ནས་མཐིལ་ཚད་མཐའ་གཅིག་ཏུ་བསྲུང་དགོས་པ་རེད།།



  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་སྤྱི་ཁྱབ་ཆུ་དཔོན་གྱི་ཚང་འཛོམས་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།