ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་གནོད་འཚེའི་སྐྱེ་དངོས་འགོག་བཅོས་ཀྱི་བརྟག་ཞིབ་ལས་དོན་སྤེལ་བ།

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    2021-07-28

“སྐྱེ་ཁམས་ཤེས་དཔལ་དང་མཛེས་སྡུག་ལྷ་ས་འཛུགས་སྐྲུན”གྱི་ཆེད་དོན་བརྟག་ཞིབ་ལ་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཆུ་ཤུར་རྫོང་དུ་གནོད་འཚེའི་སྐྱེ་དངོས་ཀྱི་ཆེད་དོན་བརྟག་ཞིབ་ལས་དོན་སྤེལ་བ་རེད།

བརྟག་ཞིབ་བྱས་པ་བརྒྱུད། ཉེ་བའི་ལོ་ཤས་རིང་། ཆུ་ཤུར་རྫོང་གི་ནགས་ལས་ཀྱི་གནོད་འཚེའི་སྐྱེ་དངོས་འགོག་བཅོས་ལས་དོན་ལ་ཕན་འབྲས་ཡག་པོ་ཐོན་ཡང་། འགོག་བཅོས་ཀྱི་གྲོན་དངུལ་མི་འདང་བ་དང་། ཆེད་ལས་ལག་རྩལ་པ་དཀོན་པ། ལས་འབོར་མང་དུ་དང་ལས་སྒོའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་རིམས་བཤེར་ལས་དོན་སྤེལ་དཀའ་བ་སོགས་ཀྱི་གནད་དོན་སྔར་བཞིན་ལྷག་ཡོད་པ་ཤེས་རྟོགས་བྱུང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེ་ནས་ཤེས་རྟོགས་བྱུང་བའི་གནོད་འབུ་ཆིང་དབྱང་ཐེན་ཉིའུ་ལ་དམིགས་ནས། ལྷ་ས་གྲོང་ཁྱེར་ནགས་ཚལ་མེ་ཟོན་ས་ཚིགས་ཀྱིས་ཤང་དང་གྲོང་རྡལ་གྱི་ནགས་ལས་དང་རྩྭ་རའི་ཆེད་ལས་ལག་རྩལ་པ་དང་སྡོང་ཕྲུག་རྟེན་གཞིའི་འགན་འཁུར་བར་འབྲེལ་ཡོད་སྔོན་འགོག་དང་ཚོད་འཛིན་གྱི་ལག་རྩལ་དང་། སྨན་ཆུ་དང་སྨན་གཏོར་ཡོ་ཆས་བེད་སྤྱོད་སོགས་ཀྱི་ལག་རྩལ་ཤེས་བྱ་གསལ་འགྲེལ་བྱས་པ་དང་སྦྲགས། 2021ལོ་འཁོར་གྱི་གནོད་འཚེའི་སྐྱེ་དངོས་འགོག་བཅོས་ལས་དོན་སྐོར་གྱི་བརྟག་དཔྱད་འདྲི་ཤོག་90ལྷག་ཙམ་སྤྲད་པ་རེད།


  • ལེ་ཚན་སྔོན་མ།:བསྐྱར་དར་རྟགས་ཅན་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།