མེས་རྒྱལ་ལ་བསྔགས་པ།

མིག་དམར་དོན་འགྲུབ་ཀྱིས་བྲིས།        2021-07-30

ཤར་ཕྱོགས་ཀྱི་ནམ་མཁའ་རུ།།

སྤྲིན་དཀར་གྱི་ཕང་ཕུང་གཡོ།།

སྦྲང་ཆར་གྱི་དངོས་གྲུབ་འཇོ།།

སྲིད་གསུམ་ན་བདེ་བ་བརྔུབལ།།

ཞི་འཛུམ་གྱི་ཟླ་བ་བཞིན།།

རླབས་ཆེན་གྱི་མེས་རྒྱལ་གྱིས།།

མུན་ཁྲོད་ཀྱི་མཁའ་དབྱིངས་སུ།།

འོད་སྣང་གི་མཛེས་སྡུག་ངོམ།།

གསར་བརྗེ་ཡི་རྗེས་འབྲས་ལ།།

འོད་སྟོང་གི་གཟི་བྱིན་འཕྲོ།།

གཟི་བརྗིད་ཀྱི་ཚན་ཁ་འབར།།

ཉམས་རྒུད་ཀྱི་ཞྭ་མོ་ཕུད།།

ང་དྲུག་གི་མི་རིགས་ལ།།

བརྩེ་ལྡན་གྱི་མེས་རྒྱལ་གྱི།།

བྱམས་སེམས་ཀྱི་ཐུགས་རྗེ་དེས།།

ང་དྲུག་གི་དཀལ་ངལ་སྒྲོལ།།

མེས་རྒྱལ་གྱི་འཁྲུངས་སྐར་ལ།།

ང་དྲུག་གིས་གདང་གཅིག་ཏུ།།

སྤྱི་མཐུན་གྱི་མེས་རྒྱ་འདི།།

དུས་གསར་གྱི་སྔོན་ཐོན་དགོས།།

  • ལེ་ཚན་སྔོན་མ།:བྲོ་མ་ཡིད་འཛིན་ལྷ་མོ།
  • ལེ་ཚན་རྗེས་མ།:མཚོ་མཐར་བསྐྱོད་པའི་ཚོར་སྣང་།