གཟོབས། ཁྲེང་ཏུའུ་ལ་ཏོག་གསར་གློ་རིམས་ཀྱི་ནད་པ་གསུམ་བྱུང་འདུག

    ཡོང་ཁུངས། ཁམས་པའི་བརྙན་འཕྲིན།    2021-07-28

གཟོབས། ཁྲེང་ཏུའུ་ལ་ཏོག་གསར་གློ་རིམས་ཀྱི་ནད་པ་གསུམ་བྱུང་འདུག


    2021ལོའི་ཟླ7པའི་ཚེས27ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཉིས་བར། ཁྲེང་ཏུའུ་གྲོང་ཁྱེར་ལ་ཏོག་གསར་གློ་ཚད་ཀྱི་ནད་རྟགས་མངོན་པའི་རང་སའི་ནད་པ་གསུམ་ཇེ་མང་དུ་སོང་། རིམས་ནད་གནས་ཚུལ་བྱུང་རྗེས། ཁྲེང་ཏུའུ་གྲོང་ཁྱེར་གྱིས་མྱུར་དུ་བབ་བསྟུན་ཐག་གཅོད་སྔོན་དཔག་འཆར་གཞི་ལྟར། འཕྲལ་མར་བབ་བསྟུན་རྣམ་པར་བསྒྱུར་ནས་རིམས་ནད་ཐག་གཅོད་ལས་ཀ་སྤེལ་བ་རེད།


     ཐོག་མའི་བརྟག་དཔྱད་ལྟར་ན། ནད་པ་དང་པོ་ནི་སྐྱེས་པ་ཞིག་ཡིན་ལ་ལོ་སོ་བཞི། ནད་པ་གཉིས་པ་བུད་མེད་ཅིག་ཡིན་ལ་ལོ་སོ་གསུམ། ནད་པ་གསུམ་པ་བུ་ཞིག་ཡིན་ལ་ལོ་བདུན་རེད། ཁོ་གསུམ་ནི་ཁྱིམ་ཚང་གཅིག་བཟའ་མི་ཡིན་ལ། ཟླ7པའི་ཚེས17ཉིན་ཁྲེང་ཏུའུ་ཐེན་ཧྥུའུ་གནམ་ཐང་ནས་གནམ་གྲུ་འཕུར་ཐེངསCA8581ལ་བསྡད་དེ་ཁྲང་ཧྲ་ཧོང་ཧྭ་གནམ་ཐང་དུ་སླེབས། ཟླ7པའི་ཚེས17དང19ཉིན་ཁྲང་ཧྲ་གྲོང་ཁྱེར་དང་ཧོའེ་ཧྭ་གྲོང་ཁྱེར་བརྒྱུད་དེ་ཀྲང་ཅ་ཅེ་གྲོང་ཁྱེར་དུ་འབྱོར་བ་རེད། ཟླ7པའི་ཚེས20ནས་ཚེས22ཉིན་བར་ཀྲང་ཅ་ཅེ་དང་། ཐེན་མོན་རི་བོའི་ནགས་ཚལ་སྤྱི་གླིང་། རོང་ཆེན་སོགས་སུ་ཡུལ་སྐོར་དུ་བསྐྱོད་པ་རེད། ཟླ7པའི་ཚེས23དང་ཚེས24ཉིན་ཁྲང་ཏེ་གྲོང་ཁྱེར་དུ་ཡུལ་སྐོར་བྱས་པ་དང་ཟླ7པའི་ཚེས25ཉིན་ཁྲང་ཏེ་ཐའོ་ཧྭ་ཡོན་གནམ་ཐང་ནས་གནམ་གྲུMU9886བསྡད་དེ་ཁྲེང་ཏུའུ་ཐེན་ཧྥུའུ་གནམ་ཐང་དུ་ལོག་པ་རེད། ཟླ7པའི་ཚེས26ཉིན། ཡའོ་ཕེན་ཏའོ་ཞི་ཨན་དང་། ཀོང་ཧྥུ་ཆའོ་བྱང་ལམ། ཧྲི་ཨར་ཆའོ་ལམ། ཏུང་ཕོ་སྤྲོ་གསེང་ཐང་ཆེན་བཅས་ཀྱི་ཉེ་འཁོར་ནས་འགྲོ་འདུག་བྱས་འདུག

     ཟླ7པའི་ཚེས27ཉིན་གྱི་སྔ་དྲོར། ནད་པ་གསུམ་པ་ནང་མིའི་ཕེབས་རོགས་འོག་སི་ཁྲོན་ཞིང་ཆེན་མི་དམངས་སྨན་ཁང་དུ་སྨན་པ་བསྟེན་པར་ཡོང་ཞིང་། སྨན་པས་ནད་པ་གསུམ་པར་ཚ་བརྒྱབ་ཡོད་པ་རྟོགས་ཤིང་། ཏོག་གསར་གློ་ཚད་ཀྱི་ཉིང་སྐྱུར་ཞིབ་དཔྱད་བྱས་པ་བརྒྱུད་ཁོ་གསུམ་ལ་ནད་རྟགས་མངོན་འདུག ནད་ཐོག་ཆེད་མཁས་ཚོགས་པས་བརྟག་དཔྱད་བྱས་པ་བརྒྱུད། ནད་གཞི་ཡང་བའི་ནད་པ་རེད་ཟེར།  མིག་སྔར་མི་གསུམ་པོ་ལོགས་སུ་བཀར་ནས་སྨན་བཅོས་བྱེད་པ་དང་ནད་གཞི་གཏན་འཇགས་ཡིན་ལ། ཁྲེང་ཏུའུ་གྲོང་ཁྱེར་གྱི་འགྲོ་འདུག་ལམ་ཐིག་ཞིབ་ཕྲ་གཏིང་ཟབ་སྒོས་རྩད་གཅོད་བྱེད་སྒང་རེད།

     ཁྲེང་ཏུའུ་གྲོང་ཁྱེར་གྱིས་འཕྲལ་དུ་ནད་དཔེ་འཁོར་རྒྱུག་ཁུངས་འབྱེད་དང་འབྲེལ་འདྲིས་ཟབ་མཁན་ལ་རྗེས་འདེད་གྲལ་བཤེར་དང་དོ་དམ་ཚོད་འཛིན་བཅས་ཀྱི་ལས་དོན་སྤེལ་ནས། དེའི་ལས་དོན་དང་སྡོད་གནས་སོགས་འགྲོ་འདུག་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་དུག་སེལ་བྱས་ཏེ་མཚན་མོ་དེ་རང་དུ་སྡེ་ཁུལ་གྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་དེ་བཞིན་ནད་དུག་ལྟ་ཞིབ་ཚད་ལེན་གྱི་ལས་དོན་སྤེལ་བ་རེད། རྗེས་ནས་ཁྲེང་ཏུའུ་གྲོང་ཁྱེར་གྱིས་འཁོར་རྒྱུག་གནས་ཚུལ་ལ་གཞིགས་ནས་མུ་མཐུད་དུ་གཙོ་གནད་མི་སྣ་དང་ས་ཁོངས་དོ་དམ་ཚོད་འཛིན་ཡག་པོ་བྱས་ཏེ་རིམས་ནད་བརྟག་དཔྱད་དང་ཐག་གཅོད་བྱས་ཚུལ་དུས་ལྟར་ཡོངས་བསྒྲགས་བྱས་ནས་གྲོང་མིའི་དོ་ཁུར་ལ་ལན་བསྐྱོན་པ་རེད།

      རྒྱ་ཆེའི་གྲོང་མིས་གཞུང་ཕྱོགས་ཀྱི་དབང་གྲགས་ཡོངས་བསྒྲགས་བྱ་རྒྱུར་དོ་ཁུར་བྱས་ཏེ་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཁ་ཤུབས་རྒྱག་པ་དང་། ལག་པ་འཁྲུ་བ། རླུང་རྒྱུ་བ། འདུ་འཛོམས་མི་བྱེད་པ། འབྲེལ་འདྲིས་བར་ཐག་རྒྱུན་འཁྱོངས་བྱེད་པ། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་། དཀྲོག་གཏམ་མི་བཤད་པ། དཀྲོག་གཏམ་མི་བཟོ་བ་བཅས་བྱས་ཏེ་སྲིད་གཞུང་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་རིམས་འགོག་བྱ་ཐབས་ཁག་དོན་འཁྱོལ་བྱེད་དགོས།


  • ལེ་ཚན་སྔོན་མ།:ཏོག་གསར་གློ་རིམས་འགོག་ཟོན་གྱི་བརྡ་ཐོ་ཛ་དྲག་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10