རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སློབ་གསོའི་སྐོར་གྱི་བརྡ་ཐོ་བཏང་།

        2021-07-27

     ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིསའོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་སློབ་སྦྱོང་གི་ཁུར་བོ་དང་སློབ་ཕྱིའི་གསོ་སྦྱོང་ཁུར་བོ་སྔར་བས་ཇེ་ཡང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆརཔར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན། 

གཙོ་གནད། 
1 དགེ་རྒན་གྱིས་སློབ་ཆུང་སློབ་མས་སློབ་གྲྭའི་ནང་དུ་ཡིག་ཐོག་གི་སྦྱོང་ཚན་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱ་དགོས་པ་དང་དམའ་འབྲིང་སློབ་མས་སློབ་གྲྭའི་ནང་དུ་ཡིག་ཐོག་གི་སྦྱོང་ཚན་མང་ཆེ་བ་ལེགས་འགྲུབ་བྱ་དགོས་པའི་མཛུབ་སྟོན་བྱེད་དགོས། 
2 སློབ་ཕྱིའི་གསོ་སྦྱོང་སློབ་གྲྭས་རྒྱལ་ཁབ་ཀྱི་ཁྲིམས་གཏན་དུས་ཆེན་དང་ངལ་གསོའི་ཉིན་མོ། དབྱར་དགུན་གྱི་གུང་གསེང་དུས་སུ་སློབ་ཚན་གསོ་སྦྱོང་བྱས་མི་ཆོག 
3 གསོ་སྦྱོང་སློབ་གྲྭས་ཚོང་རར་མ་དངུལ་བསྡུ་རུབ་བྱེད་མི་ཆོག་པ་དང་མ་དངུལ་ཅན་གྱི་འཁོར་རྒྱུག་གཏན་ནས་བྱེད་མི་ཆོག
4 ས་གནས་ཁག་གིས་ད་ནས་བཟུང་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མར་ཕྱོགས་པའི་སློབ་ཚན་སོགས་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིར་ཞིབ་མཆན་མི་འགོད་པ་དང་ད་ཡོད་ཀྱི་སློབ་ཚན་གསོ་སྦྱོང་སྒྲིག་གཞིས་ཁེ་སྤོགས་མིན་པའི་སྒྲིག་གཞིའི་ཐོག་གཅིག་གྱུར་ཐོ་འགོད་བྱ་དགོས། 
5 དྲ་ཐོག་གསོ་སྦྱོང་སྒྲིག་གཞིས་པར་རྒྱག་འཚོལ་བཤེར་སོགས་སློབ་མའི་བསམ་གཞིག་ནུས་པར་སྒྱིད་ལུག་དང་སློབ་མའི་རང་ཚུགས་བསམ་གཞིག་ལ་ཤུགས་རྐྱེན་ཐེབས་པ། སློབ་གསོ་སློབ་ཁྲིད་ཀྱི་ཆོས་ཉིད་དང་འགལ་བ་བཅས་ཀྱི་སློབ་སྦྱོང་བྱ་ཐབས་མི་ལེགས་པ་མཁོ་འདོན་དང་བརྒྱུད་སྤེལ་བྱེད་མི་ཆོག།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲིར་བརྟག་ཞིབ་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།