ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲིར་བརྟག་ཞིབ་གནང་།

        2021-07-23

ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲིར་བརྟག་ཞིབ་གནང་།

       སྤྱི་ཟླ7པའི་ཚེས21ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་ལྗོངས་སུ་བརྟག་ཞིབ་གནང་བར་ཕེབས་ཡོད། ཉིན་དེའི་སྔ་དྲོར། ཞི་ཅིན་ཕིང་གནམ་གྲུར་བཞུགས་ཏེ་ཉིང་ཁྲི་སྨན་གླིང་གནམ་ཐང་དུ་ཕེབས་འབྱོར་ཟིན་རྗེས། བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་ཡོད་པ་རེད། དེ་རྗེས་ཁོང་རླངས་འཁོར་ལ་བཞུགས་ཏེ་ཉང་ཆུའི་ཟམ་ཆེན་དུ་ཕེབས་ནས། ཡར་ཀླུང་གཙང་པོ་དང་ཉང་ཆུའི་འབབ་རྒྱུད་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་མཛད་ཡོད། ཉིན་དེའི་ཕྱི་དྲོར། ཞི་ཅིན་ཕིང་སྔ་རྗེས་སུ་ཉིང་ཁྲི་གྲོང་ཁྱེར་ཇུས་འགོད་ཁང་དང་། བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོ། ཀོང་པོའི་སྤྱི་གླིང་བཅས་སུ་ཕེབས་ནས་གྲོང་ཁྱེར་འཕེལ་རྒྱས་ཀྱི་འཆར་འགོད་དང་། གྲོང་གསེབ་དར་རྒྱས། གྲོང་ཁྱེར་སྤྱི་གླིང་གི་འཛུགས་སྐྲུན་སོགས་ཀྱི་ཐད་རྟོག་ཞིབ་གནང་ཡོད། ཚེས22ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཉིང་ཁྲི་མེ་འཁོར་འབབ་ཚུགས་སུ་ཕེབས་ནས། ཁྲོན་བོད་ལྕགས་ལམ་གྱི་སྤྱིའི་འཆར་འགོད་དང་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལམ་དུམ་བུའི་འཛུགས་སྐྲུན་ལས་གཉེར་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་མཛད་ཡོད། དེ་རྗེས་མེ་འཁོར་ལ་བཞུགས་ཏེ་ལྷ་སར་ཕེབས་པ་དང་། ས་གནས་ས་ཐོག་ཏུ་ལྷ་ཉིང་ལྕགས་ལམ་འགྲམ་རྒྱུད་ཀྱི་འཛུགས་སྐྲུན་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་གནང་ཡོད་པ་རེད།


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་ཕྱོགས་སྡོམ་ཚོགས་འདུ་པེ་ཅིང་དུ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།