སྤྱི་ཟླ8པར་ལོ12ནས17བར་གྱི་མི་ལ་ཏོག་གསར་འགོག་ཁབ་རྒྱག་ཆོག།

ཐུབ་ཀྱིས་བསྒྱུར།        2021-07-22

   སྤྱི་ཟླ7པའི་ཚེས19ཉིན་ལ། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་ལོ་སྨད་ཀྱི་ཏོག་གསར་གློ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སུ་ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་གྱིས་འདི་ལོའི་སྤྱི་ཟླ8ནས་ལོ12ནས17བར་གྱི་མི་སྣ་སྟེ་མཐོ་འབྲིང་སློབ་མ་རྣམས་ལ་ཏོག་གསར་གྱི་རིམས་འགོག་སྨན་ཁབ་བརྒྱག་རྒྱུ་ཡིན་པ་དང་། སྤྱི་ཟླ9པར་ལོ12ནས14བར་གྱི་མི་སྣ་སྟེ་སློབ་འབྲིང་སློབ་མ་རྣམས་ལ་ཏོག་གསར་གྱི་རིམས་འགོག་སྨན་ཁབ་བརྒྱག་རྒྱུ་ཡིན་པ་རེད།

སྤྱི་ཟླ8པར་ལོ12ནས17བར་གྱི་མི་ལ་ཏོག་གསར་འགོག་ཁབ་རྒྱག་ཆོག།

     རྒྱུས་ལོན་བྱུང་བ་ལྟར་ན། སི་ཁྲོན་ལ་ད་ཆར་སློབ་གྲྭར་ཡོད་པའི་སློབ་འབྲིང་གི་སློབ་མ་ཁྲི279.79ཡོད་པ་དང་། སློབ་གྲྭར་ཡོད་པའི་མཐོ་འབྲིང་གི་སློབ་མ་ཁྲི235.55ཡོད་ཅིང་། ལོ12ནས17བར་གྱི་མི་ཚོགས་གཙོ་བོ་ཡིན་པ་རེད།  གྲོས་ཚོགས་སུ་ད་དུང་དེང་སྐབས་སུ་ལོ12ནས17བར་གྱི་མི་ཚོགས་ལ་འགོས་དུག་བསད་པའི་ཐར་སྨན་ལས་བེད་སྤྱོད་བྱེད་མི་ཆོག་ཅེས་བསྟན་ཡོད།

     དེ་སྔོན་ལ་རྒྱལ་ཁབ་སྨན་ལས་ཚོགས་པའི་ཏོག་གསར་གློ་རིམས་ཀྱི་རིམས་འགོག་སྨན་ཁབ་དེ་ལོ3ནས17བར་གྱི་མི་ཚོགས་ལ་རྒྱག་ཆོག་པའི་ཆོག་མཆན་ཐོབ་ཡོད།

     ཆེད་རམས་པ་ཝང་ཀུའེ་ཆང་གིས་རིམས་འགོག་སྨན་ཁབ་རྒྱག་སྟངས་དར་མ་དང་ཁྱད་པར་མེད་ཅིང་། ཁབ་གཉིས་བརྒྱག་དགོས་པ་དང་། བར་མཚམས་ཉིན21ནས30བར་བརྒལ་དགོས། ལུས་པོ་ཡོངས་ལ་སྨན་ལོག་ཐེབས་པ་ཧ་ཅང་ཉུང་ཞིང་། འགའ་ཞིག་གི་ཁབ་རྒྱག་སར་ན་བ་དང་སྐྲང་སྲིད་ལ། འགའ་ཞིག་ལ་ཚ་བ་རྒྱས་སྲིད་ཀྱང་། ནད་ཚུལ་འདི་དག་རྦད་དེ་ཚོད་འཛིན་ཐུབ་པས་ཉེན་ཁ་མེད་པ་རེད་ཅེས་བཤད།

ཕྲུ་གུར་ཏོག་གསར་གྱི་རིམས་འགོག་སྨན་ཁབ་རྒྱག་དུས་གཟབ་གཟབ་བྱ་དགོས་ས་བཞི་ཡོད་དེ།

གཅིག་ནི་ངེས་པར་དུ་ཕ་མ་འཁྲིས་སུ་ཡོད་དགོས།

གཉིས་ནི་རིམས་འགོག་སྨན་ཁབ་གཞན་དག་རྒྱག་པའི་དུས་ཚོད་ལས་ཉིན14འགྱང་དགོས།

གསུམ་ནི་ངལ་དུབ་ཆེ་བའི་དུས་དང་ལྟོགས་པ་ཡིན་དུས་རྒྱག་མི་རུང་།

བཞི་ནི་ཏོག་གསར་གྱི་རིམས་འགོག་སྨན་ཁབ་བརྒྱབ་རྗེས་སྐར་མ30ཙམ་ངལ་གསོས་ནས་བརྟག་དཔྱད་བྱ་དགོས།


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་འཐབ་ཇུས་ཆེན་པོ་དྲུག།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་གིས་གསེར་རྟ་དང་དཔལ་ཡུལ་དུ་རྟོག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།