ཁུལ་དཔོན་གྱིས་ད་ཆའི་གཙོ་གནད་ལས་དོན་གསུམ་སྒྲུབ་པར་བླང་བྱ་བཏོན།

        2021-07-23

ཁུལ་དཔོན་གྱིས་ད་ཆའི་གཙོ་གནད་ལས་དོན་གསུམ་སྒྲུབ་པར་བླང་བྱ་བཏོན།

    སྤྱི་ཟླ7པའི་ཚེས21ཉིན་ལ། ཁུལ་ཡོངས་ཀྱི་ནགས་ཚལ་རྩྭ་ཐང་གི་མེ་ཟོན་མེ་གསོད་དང་ཆུ་ལོག་གནོད་སེལ་དང་ས་གཤིས་འགོག་བཅོས། དྲྭ་གཅིག་ཀུན་སྒྲུབ་བཅས་ཀྱི་ལས་དོན་གསུམ་གྱི་གཟུགས་ལམ་བཀོད་བཏང་གྲོས་ཚོགས་དེ་དར་མདོར་འཚོགས། གྲོས་ཚོགས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུ་ལོག་གི་གནོད་པ་འགོག་སྐྱོབ་ལས་དོན་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་འབྲེལ་ཡོད་གྲོས་ཚོགས་སྙིང་དོན་བཅས་བརྒྱུད་བསྒྲགས་བྱས་ཤིང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་དང་ཆུ་ལོག་གནོད་སེལ་དང་ས་གཤིས་འགོག་བཅོས། དྲྭ་གཅིག་མཉམ་སྒྲུབ་བཅས་ཀྱི་ལས་དོན་བསྒྲུབས་ཚུལ་ལ་ཕྱིར་མིག་བལྟས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཞའོ་ཡིའུ་ཚའེ་གྲོས་ཚོགས་སུ་ཞུགས་ནས་གསུང་བཤད་གནང་བ་དང་། གྲོས་ཚོགས་དེ་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པའི་ཐོག་ནས་གྲོང་སྡེ་རིམ་པར་འཚོགས་ཡོད།

     ཞའོ་ཡིའུ་ཚའེ་ཡིས་ཆུ་ལོག་གནོད་སེལ་དང་ས་གཤིས་འགོག་བཅོས་ལས་དོན་ངེས་པར་དུ་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱས་ཏེ། ཕྱོགས་ཁག་གི་འགན་འཁྲི་དོན་ཐོག་འཁྱོལ་བ་དང་ཉེན་ཁ་མི་མངོན་པ་ཚགས་བཤེར་བྱ་རྒྱུ་དོན་ཐོག་འཁྱོལ་བ། ཉེན་བརྡ་ལྟ་ཞིབ་ཚད་ལེན་དོན་ཐོག་འཁྱོལ་བ། འཚུབ་བསྟུན་གྲབས་སྦྱོང་དོན་ཐོག་འཁྱོལ་བ། ཉེན་སྐྱོབ་གྲ་སྒྲིག་དོན་ཐོག་འཁྱོལ་བ་བཅས་བྱས་ཏེ། ཆུ་འབྲུབ་དུས་རིམ་གྱི་ཆུ་ལོག་གནོད་སེལ་དང་ས་གཤིས་འགོག་བཅོས་དམག་འཐབ་ལས་མཐའ་གཅིག་ཏུ་རྒྱལ་ཁ་འཐོབ་པར་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

    ཞའོ་ཡིའུ་ཚའེ་ཡིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ངེས་པར་དུ་རྒྱུན་རྣམ་ཅན་དུ་དམ་འཛིན་ཡག་པོ་བྱས་ཏེ། སྔར་ལྷག་གིས་མི་འདང་ས་ཁ་གསབ་དང་ཉེན་ཁ་མི་མངོན་པར་ཞིབ་བཤེར། དཔུང་སྡེ་སྦྱོང་བརྡར་བཅས་བྱས་ཏེ། ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་ཚབས་ཆེན་མི་ཤོར་བ་དང་། མི་སྣ་ཤི་རྨས་ཚབས་ཆེན་མི་འབྱུང་བའི་མཐིལ་ཚད་འདི་གཉིས་བརྟན་སྲུང་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

    ཞའོ་ཡིའུ་ཚའེ་ཡིས་ངེས་པར་དུ་ཁོངས་གཏོགས་འགན་འཁྲི་སྔར་བས་ནན་ལ་འཁྱོལ་བ་དང་ལས་དོན་བྱེད་ཐབས་སྔར་བས་ཞིབ་ཕྲར་གཏོང་བ། ཉེན་ཁ་མི་མངོན་པར་སྔར་བས་ཚགས་བཤེར་བཅས་བྱས་ཏེ། མཉམ་འགོག་མཉམ་འཛིན་དང་ལྷན་འགོག་ལྷན་བཅོས་ཀྱི་འགོག་ར་བརྟན་པོར་བསྐྲུན་ནས་རིམས་ཚུལ་འགོག་ཟོན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏང་དགོས། ངེས་པར་དུ་དྲྭ་གཅིག་ཀུན་སྒྲུབ་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱས་ཤིང་། མགོ་ཁྲིད་གཙོ་བོས་དངོས་སུ་སྒྲུབ་པ་དང་། ཕྱོགས་གཉིས་ནས་མཉམ་འདྲེས་ངང་སྒྲུབ་པ། དོན་གཅིག་ཐེངས་གཅིག་ལ་སྒྲུབ་པ། ཚད་ལྡན་ཅན་ཁྲིམས་ལྟར་སྒྲུབ་པ་བཅས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། ཁུལ་ཡོངས་ཀྱི་སྲིད་དོན་ཞབས་ཞུའི་འབྲེལ་མཐུད་སྒྲུབ་གསུམ་གྱི་ནུས་པ་ཕྱོགས་ཡོངས་ནས་ཇེ་ཆེར་གཏང་དགོས་ཞེས་ནན་གསུང་གནང་བ་རེད།།


ཐུབ་ཀྱིས་བསྒྱུར།

རྩོམ་སྒྲིག་པ། བདེ་ཆེན།


  • ལེ་ཚན་སྔོན་མ།:དར་མདོར་བྲིས་པ་ཞིག་གི་ཡིག་གཟུགས་འགྲེམ་སྟོན་བྱེད་བཞིན་ཡོད།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གིས་རྩྭ་ཐང་སྲུང་སྐྱོང་འདི་འདྲ་བྱེད་བཞིན་འདུག།
  • དོ་སྣང་ཆེ་བའི་རྩོམ།