ཧྲེན་དབྱང་གིས་གསེར་རྟ་དང་དཔལ་ཡུལ་དུ་རྟོག་ཞིབ་གནང་།

ཐུབ་ཀྱིས་བསྒྱུར།        2021-07-22

ཧྲེན་དབྱང་གིས་གསེར་རྟ་དང་དཔལ་ཡུལ་དུ་རྟོག་ཞིབ་གནང་།


   སྤྱི་ཟླ7པའི་ཚེས17ནས19ཉིན་གྱི་བར། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གསེར་རྟ་དང་དཔལ་ཡུལ་རྫོང་དུ་ཕེབས་ནས་ཡུལ་དངོས་སུ་ཆུ་ལོག་གི་ལམ་བཅད་ཚུལ་དང་ས་གཤིས་གནོད་པ་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་དང་། ཆུ་འབྲུབ་དུས་ཀྱི་གནོད་ཟོན་གནོད་སྐྱུང་དང་ཉེན་མེད་ཐོན་སྐྱེད་སོགས་ཀྱི་ལས་ཀར་རྟོག་ཞིབ་གནང་བ་རེད།


ཧྲེན་དབྱང་གིས་གསེར་རྟ་དང་དཔལ་ཡུལ་དུ་རྟོག་ཞིབ་གནང་།


   ཁོང་གིས་ནན་གསུང་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེན་མེད་ཐོན་སྐྱེད་སྐོར་གྱི་གསུང་བཤད་གལ་ཆེན་དགོངས་དོན་སློབ་སྦྱོང་དང་ལག་ལེན་དངོས་སུ་བསྟར་དགོས་ཤིང་། མི་དམངས་དང་ཚེ་སྲོག་གོང་ན་མེད་པའི་བསམ་བློ་རྒྱུན་འཁྱོངས་བྱེད་ཅིང་། དུས་ནམ་ཡང་གནོད་ཟོན་གནོད་སྐྱུང་གནོད་སྐྱོབ་ཀྱི་ལས་ཀ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། གནོད་ཟོན་གནོད་འགོག་གནོད་སྐྱོབ་གསུམ་ཟུང་དུ་སྦྲེལ་ནས་ཁ་གཏད་འཇལ་བའི་བྱེད་ཐབས་དམ་ནན་དང་ཞིབ་ཕྲ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ཉེན་མེད་ཡོང་བ་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་བརླིང་ཡོང་བར་ཁག་ཐེག་བྱ་དགོས།

   ཧྲེན་དབྱང་གིས་གསེར་རྟ་རྫོང་གི་ཧོར་ཤུལ་ཡུལ་ཤོག་དང་དཔལ་ཡུལ་རྫོང་གི་གཙང་མདོ་ཡུལ་ཤོག་སོགས་སུ་རྟོག་ཞིབ་གནང་དུས་ནན་གསུང་གནང་དོན། ཉེན་མེད་ཐོན་སྐྱེད་ལས་དོན་ནི་མི་དམངས་ཀྱི་བདེ་རྩར་དང་འབྲེལ་བ་ཡོད་ཅིང་། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་འཕེལ་རྒྱས་བཅས་ཡོང་བའི་སྤྱི་ཡོངས་དང་ཡང་འབྲེལ་བ་ཡོད། རིམ་ཁག་དང་སྡེ་ཁག་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གནོད་ཟོན་གནོད་སྐྱུང་གནོད་སྐྱོབ་ཀྱི་བཀོད་སྒྲིག་བླང་བྱ་ཁག་ལྟར། འཕེལ་རྒྱས་དང་ཉེན་མེད་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཅིང་། ཉེན་མེད་ཐོན་སྐྱེད་ཀྱི་མཐིལ་ཚད་དམ་དུ་བསྲུངས་ནས་ཉེན་མེད་ཐོན་སྐྱེད་ཀྱི་དོན་རྐྱེན་ཆེ་གྲས་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ཉེན་མེད་ཡོང་བ་སྲུང་སྐྱོང་ཧུར་ཐག་བྱ་དགོས། སྔོན་ཟོན་བྱ་རྒྱུ་གཙོ་བོ་དང་འགོག་བཅོས་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་བྱ་དགོས་ཤིང་།ཉེན་ཁ་མི་མངོན་པ་ཡོད་ས་ལ་རྣམ་འགྱུར་བློ་རྩ་བརྟན་པོ་དང་ཆེས་མགྱོགས་པའི་སྒོ་ནས་སྔོན་ཚུད་ལ་མང་ཚོགས་གནས་སྤོ་བྱས་ཏེ། གནོད་ཟོན་གནོད་གཡོལ་ཐད་ལ་མ་བྱུང་སྔོན་འགོག་བྱ་དགོས།གནམ་གཤིས་ཀྱི་འགྱུར་ལྡོག་དང་ཆུ་ལོག་གི་གནས་ཚུལ་འཕེལ་ཕྱོགས་ལ་ལྟ་སྐུལ་དམ་ཟབ་བྱ་དགོས་ཤིང་། ལྟ་ཞིབ་ཚད་ལེན་གནད་ལ་སྨིན་བ་དང་དུས་ཐོག་སྔོན་བརྡ་གཏོང་བ། གྲོས་མོལ་རྒྱུན་ཆད་མེད་པ།ཉེན་བརྡ་སྔོན་ལ་གཏོང་བ་བཅས་བྱས་ཏེ། ཉེན་བརྡའི་ཆ་འཕྲིན་དེ་མ་ཐག་གྲོང་སྡེ་དང་དུད་ཚང་དུ་འཕྲོད་པར་ཁག་ཐེག་བྱ་དགོས། ཕྱོགས་ཁག་གི་འགན་འཁྲི་དམ་མནན་དང་དོན་ཐོག་ནན་ལ་འཁྱོལ་བ་བྱ་དགོས་ཤིང་། འགན་འཁྲི་ལས་ཀའི་སྡེ་ཚན་ཆེས་ཆུང་བའི་ཐོག་ལ་འཁྱོལ་ཐུབ་པ་དང་།ཉེན་མེད་རྐྱེན་ངན་ཚགས་བཤེར་ཡག་པོ་བྱེད་ཅིང་། ཆུ་ལོག་ཆེན་པོ་འགོག་པ་དང་།ཉེན་ཁ་ཆེན་པོ་སེལ་བ། གནོད་འཚེ་ཆེན་པོ་དང་འཐབ་པ་བཅས་ཀྱི་གྲ་སྒྲིག་ཕྱོགས་ཡོངས་ནས་བྱས་ཏེ། མི་དམངས་མང་ཚོགས་ལ་ཉེན་མེད་འགོག་ར་བརྟན་པོ་ཞིག་འཛུགས་དགོས།


ཧྲེན་དབྱང་གིས་གསེར་རྟ་དང་དཔལ་ཡུལ་དུ་རྟོག་ཞིབ་གནང་།


   གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་དང་བླ་རུང་དགོན། སྐྱིལ་སྔོན་དགོན། དཔལ་ཡུལ་ཡ་ཆེན་དགོན་བཅས་སུ་རྟོག་ཞིབ་གནང་དུས། ཁྲེན་དབྱང་གིས་དགོན་པའི་བདག་གཉེར་ཨུ་ལྷན་དང་འབྲེལ་ཡོད་སྡེ་ཚན་གྱིས་དགོན་པའི་མེ་ཟོན་དང་རིམས་འགོག། གནོད་ཟོན་བཅས་ཀྱི་ལས་དོན་ལ་མཐོང་ཆེན་ཆེན་པོ་བྱ་དགོས་ཤིང་། གྲྭ་བཙུན་ལ་དྲིལ་བསྒྲགས་སློབ་གསོ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། དུས་ཐོག་ཏུ་ཉེན་ཁ་མི་མངོན་པར་ཚགས་བཤེར་བྱས་ནས་བསལ་བ། གནོད་ཟོལ་གནོད་གཡོལ་ལུགས་དང་མཐུན་པ་བཅས་བྱས་ནས་མི་སྣ་ཉེན་མེད་ཡོང་བར་ཁག་ཐེག་བྱ་དགོས་ཞེས་གསུངས་པ་རེད། ཧྲེན་དབྱང་གྲྭ་བཙུན་དཀའ་ངལ་ཡོད་པར་འཚམས་འདྲིར་ཕེབས་དུས། འབྲེལ་ཡོད་སྡེ་ཁག་གིས་གྲྭ་བཙུན་ཚོ་མང་ཚོགས་དཀྱུས་མའི་གྲས་ལ་བཞག་ནས་སེམས་ཁུར་དང་གཅེས་སྐྱོང་བྱ་དགོས། སྤྱི་པའི་ཞབས་ཞུའི་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་ཇེ་མཐོར་གཏང་དགོས་པ་དང་ཆབས་ཅིག། ཁྲིམས་ལྟར་ཚད་ལྡན་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།།


ཧྲེན་དབྱང་གིས་གསེར་རྟ་དང་དཔལ་ཡུལ་དུ་རྟོག་ཞིབ་གནང་།

  • ལེ་ཚན་སྔོན་མ།: སྤྱི་ཟླ8པར་ལོ12ནས17བར་གྱི་མི་ལ་ཏོག་གསར་འགོག་ཁབ་རྒྱག་ཆོག།
  • ལེ་ཚན་རྗེས་མ།:དར་མདོར་བྲིས་པ་ཞིག་གི་ཡིག་གཟུགས་འགྲེམ་སྟོན་བྱེད་བཞིན་ཡོད།
  • དོ་སྣང་ཆེ་བའི་རྩོམ།