རང་ཁུལ་གྱིས་བོད་འབྲེལ་ས་ཁུལ་གྱི་སྒོ་འབྱེད་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་བསྐྲུན།

ལྷ་འཛོམས་ཀྱིས་བསྒྱུར།        2021-07-21

ད་ལོ་ནས་བཟུང་།རང་ཁུལ་གྱིས“ ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ལོ་རྒྱུས་གོ་སྐབས་ལ་དམིགས་ནས་སྒོ་འབྱེད་དང་མཉམ་ལས། འཕེལ་རྒྱས། གཉིས་ཁེ་ཡིས་རྩ་དོན་བྱས་ཏེ་དོན་དངོས་ལ་གནས་པ་དང་ཁུལ་གྱི་གནས་ཚུལ་ལ་དམིགས་ནས་བསམ་བློ་བཅིངས་འགྲོལ་བཏང་སྟེ་ཐུན་མོང་གི་ངོས་འཛིན་གོང་བུར་གཅིག་ཏུ་བསྒྲིལ་བ་དང་། དངོས་འཛིན་དངོས་སྒྲུབ་བྱས་ཏེ་རྣམ་པ་གསར་པ་གཏོད་པ་བཅས་ཀྱིས་ནུས་ཤུགས་ཡོད་རྒུས་བོད་འབྲེལ་ས་ཁུལ་གྱི་སྒོ་འབྱེད་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་འཛུགས་སྐྱོང་བྱས་པ་རེད།

ས་ཁོངས་ཡོངས་སྒོ་འབྱེད་ཀྱི་མིག་རྒྱང་ཇེ་རིང་བཏང་བ་སྟེ། རྒྱལ་སྤྱིའི་མཉམ་ལས་འཐབ་ཇུས་བསམ་གཞིག་རྒྱུན་འཁྱོངས་བྱས་ནས་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་ཁུལ། གནའ་བོའི་ཚོང་འདྲེན་རྡལ་ལམ་གྱི་རིག་གནས་ཡུལ་སྐོར་དཔལ་འབྱོར་རྒྱུད་ཁུལ་ལ་བརྟེན་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དཔལ་འབྱོར་གླིང་ཁུལ་ནང་དུ་མ་སྐུལ་དང་བླངས་ཀྱིས་མཉམ་འདྲེས་བྱས་པ་དང་ཆབས་ཅིག འབྲི་ཆུའི་ཟུར་གསུམ་མའི་གླིང་ཁུལ་དང་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་མ་གླིང་ཁུལ་དང་ཁྱོན་ཡོངས་ནས་སྦྲེལ་མཐུད་བྱས་ཤིང་། ཀྲུང་གོ་དང་ཡོ་རོབ་ལྟེ་གནས་དང་རྒྱལ་ཁབ་གཞན་དག་གི་མཉམ་ལས་གླིང་ཁུལ་སོགས་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་ཚོང་ར་རྒྱ་ཆེར་ཧུར་ཐག་བཏང་སྟེ་ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏང་དགོས།

སྒོ་འབྱེད་བགྲོད་ལམ་གྱི་མཐོང་རྒྱ་ཇེ་ཆེར་བཏང་བ་སྟེ། ཚད་གཞི་མཐོན་པོས་ཁྲོན་བོད་ལྕགས་ལམ་དཀར་མཛེས་ཁུལ་དུ་བརྒྱུད་ཡུལ་གྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་བྱ་རྒྱུ་ཇུས་འགོད་བྱས་ནས་དུས་ཁག་བགོས་ནས“ཁྲེང་ཏུའུ་དང་ཁྲུང་ཆིང་ནུབ་རྒྱབ་ཀྱི་མེ་ཏོག་ལྡུམ་ར”དང་ཁྲོན་བོད་ལྕགས་ལམ་བརྒྱུད་ཡུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གཙོ་གནད་འཛུགས་སྐྱོང་བྱས་ཤིང་། དར་མདོའི་གནམ་གྲུ་ཐང་དང་འདབ་པའི་ཉི་སྟེན་གནམ་གྲུ་ཐང་། དཀར་མཛེས་གེ་སར་གནམ་གྲུ་ཐང་བཅས་མཁའ་འགྲུལ་ཟུར་གསུམ་ཅན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་ཆབས་ཅིག། ཡན་ལག་གནམ་གྲུ་ཐང་བཞི་པ་དང་འབའ་ཐང་། ལི་ཐང་སོགས་ཀྱི་ཀུན་སྤྱོད་གནམ་གྲུ་ཐང་ཇེ་མགྱོགས་སུ་བསྐྲུན་རྒྱུའི་སྔོན་འགྲོའི་ལས་ཀ་སྤེལ་ནས་ཕྱི་ཕྱོགས་སུ་སྤེལ་རེས་དང་འགྲོ་འོང་བྱེད་སའི་ལམ་བུ་བདེ་བགྲོད་ཐུབ་པར་བྱ་དགོས།

སྒོ་འབྱེད་དཔལ་འབྱོར་གྱི་མིག་ལྗོངས་རྒྱུན་སྲིང་བྱས་པ་སྟེ། ཐོན་ལས་ཀྱི་འབྲེལ་ཐག་དང་ཐོན་ལས་ཁྱུ་ཚོགས་ཚོང་འགུགས་བྱེད་པ་དང་། ཁྱད་འཕགས་ཐོན་ཁུངས་འོས་སྦྱོར་ཁྱབ་གདལ་གཏོང་བ། ཁེ་ལས་ཀྱིས་མ་དངུལ་འཇོག་པ་དང་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏང་དགོས།

ཚོང་གཉེར་ཁོར་ཡུག་ལ་ལྟ་བའི་མིག་དབང་གསལ་བར་བཟོས་པ་སྟེ། དཀར་མཛེས་ཁུལ་གྱི་ཁྱད་ཆོས་དང་མཐོ་སྒང་གི་ཁྱད་ཆོས། རང་སྐྱོང་གི་ཁྱད་ཆོས་བཅས་ལ་གཞི་ཚུགས་ཤིང་ཁྱད་འཕགས་ཐོན་ཁུངས་དང་ཁྱད་ཆོས་ཐོན་ལས་ལ་དམིགས་ནས་ཚོང་འགུགས་གནད་སྨིན་ལ་ཞབས་འདེགས་སྒྲུབ་ཤུགས་ཆེ་རུ་གཏང་བའི་བྱ་སྤྱོད་སྤེལ་རྒྱུ་རེད།།

  • ལེ་ཚན་སྔོན་མ།:ཏང་སྐྱོང་སྙིང་སྟོབས་རླབས་ཆེན་དར་སྤེལ་བཏང་ནས། སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་བསྟར་བྱས།
  • ལེ་ཚན་རྗེས་མ།:ལྕགས་ཟམ་རྫོང་ནས་ཧྲི་མན་བར་གྱི་མྱུར་བགྲོད་གཞུང་ལམ་སྐྲུན་ཤུགས་ཆེ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།