དགོངས་དོན་གྱི་ངོ་བོ་སེམས་སུ་ཆུད་པ་བྱས་ནས་ལག་ལེན་གྱི་བླང་བྱ་ལག་ལེན་མཐར་ཕྱིན་བྱེད།

བདེ་སྐྱིད་ཀྱིས་བསྒྱུར།        2021-07-19

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི “བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆེད་དོན་སློབ་སྦྱོང་བྱེད།

ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུས་བཀོད་སྒྲིག་བྱས་པའི་བླང་བྱ་ལྟར། སྤྱི་ཟླ7པའི་ཚེས13ཉིན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡིས་རྒྱས་འཛོམས་ཚོགས་འདུ་འཚོགས་ཏེ། དར་མདོར་ཡོད་པའི་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་དང་གཞུང་ལས་ཁང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཁོངས་མི་སྒྲིག་འཛུགས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོས་དོན་ཆེད་དོན་སློབ་སྦྱོང་བྱེད་པར་མ་ཟད། ཁུལ་ཡོངས་ཀྱི་དམངས་ཆེན་མ་ལག་གིས་གསུང་བཤད་གལ་ཆེན་འདི་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུའི་བླང་བྱ་བཏོན་པ་རེད། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རེན་བྱང་ཆུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བས་མ་ཚད་གསུང་བཤད་གནང་བ་རེད།

བྱང་ཆུབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”ཏང་འཛུགས་དུས་ཆེན་གྱི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་དོན་དངོས་དང་རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་བཅས་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ལོ་བརྒྱའི་ཏང་གི་ལོ་རྒྱུས་ནང་གསར་བརྗེའི་བརྗེས་སུ་འབྲུངས་ནས། འདུ་ཤེས་བཞི་དང་ཡིད་ཆེས་བཞི་སྔ་བས་ཇེ་བརྟན་དུ་གཏོང་བ་དང་། སྲུང་སྐྱོང་གཉིས་བྱེད་ཐུབ་པ་བྱ་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱིས་མགོ་ཁྲིད་ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས་པའི་གལ་ཆེ་བའི“རྣམ་བཤད་དགུ”ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པ་བྱ་དགོས། ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་ཆབ་སྲིད་གོ་བ་ལེན་ནུས་དང་། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏང་དགོས། ཐོག་མཐའ་བར་གསུམ་དུ་ཏང་ལ་དགའ་བ་དང་ཏང་ལ་ཡིད་ཆེས་བ། ཏང་གི་དོན་དུ་གཉེར་བ། ཏང་དར་རྒྱས་གཏོང་བ་བྱ་དགོས། ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལྟར། བླ་ན་མེད་པའི་མཐོང་ཆེན་དང་མགྱོགས་མྱུར་དུ་བྱ་སྤྱོད་སྤེལ་ནས་སློབ་སྦྱོང་ཆེན་པོ་དང་དྲིལ་བསྒྲགས་ཆེན་པོ་བཅས་ཚ་ཚ་འུར་འུར་གྱིས་སྤེལ་དགོས་ཞེས་བླང་བྱ་བཏོན་པ་རེད།། 


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་དོན་ཐོག་འབྱོར་བ་ལྔའི་བྱ་ཐབས་སྤྱད་ནས་ད་ཆའི་ཉེན་མེད་ཐོན་སྐྱེད་ལས་དོན་དམ་འཛིན་ཏན་ཏིག་བྱས།
  • ལེ་ཚན་རྗེས་མ།:དུས་རབས་གསར་པའི་ལམ་བཟང་སྐྲུན་པའི་ལེའུ་ངོ་མཚར་ཅན་མུ་ནས་འབྲི།
  • དོ་སྣང་ཆེ་བའི་རྩོམ།