སྐྱེ་དགུའི་བདག་མོ།

གློག་འགྱུ།        2021-07-19

ལྷད་མེད་འཛུམ་ཆུང་པད་ཟླའི་ཞལ་ལ་

དཀྱུས་རིང་སྨིན་མ་དལ་གྱིས་རྒྱུ།།

རབ་དམར་མཆུ་སྒྲོས་བིམ་པའི་དབུས་ན་

དཀར་ཕྲེང་བཀྲ་བའི་དུང་སོ་མཛེས།།

ཟམ་ཟིམ་གཡོ་བའི་བུང་བའི་མིག་ལ་བྱམས་

བརྩེའི་མཆི་མ་ཡང་ཡང་འཁྲིགས།།

སེར་སྐྱའི་གྲོང་གི་སྒྲོལ་མ་དཀར་མོ་དོན་གྲུབ་

སྲོག་གི་ཁེན་ས་ཡིན།།

མཚར་སྡུག་བརྩེ་འཛུམ་ཉམས་སྣང་ངོགས་

སུ་གཤིས་རྒྱུད་ཡག་པའི་ལང་ཚོ་ངོམས།།

སྲས་གཙང་ཕ་བུ་གཡུལ་སར་ཆས་ན་ཁྱོད་ཀྱང་ཁ་

ཟས་སྤངས་བར་བྱེད།།

ཀྲོང་ངེར་འགྱིང་པའི་སྡོང་པོའི་འོག་ནས་ཕེབས་

སྒུག་རེ་བཅོལ་ལྷ་ལ་ཞུ།།

ཁྱོད་ཀྱི་ལྷག་བསམ་གཟུགས་སུ་མཆིས་ན་ས་

ཆེན་སྣོད་དུ་ཤོང་མི་ནུས།།

རྒྱལ་བུ་འཁྲུངས་ནས་ཉིན་བདུན་ཙམ་ནས་

སྒྱུ་མ་ལྷ་མཛེས་མལ་སར་ལུས།།

མ་འོང་རྒྱལ་བུའི་ཨ་མའི་འོས་འགན་བཞེས་

པའི་རེ་འདུན་ཁྱོད་ལ་ཕུལ།།

དེ་ལྟར་བགྱིས་པའི་དམ་བཅའི་རི་མོ་བསུབ་

མེད་སྙིང་གི་ངོས་སུ་བརྐོས།།

དོན་གྲུབ་སླད་དུ་རང་གི་དགའ་བོ་གཞན་

ལ་བཅོལ་བའི་རླབས་ཆེ་ལགས།།

འདས་སོན་ལོ་ཟླའི་བཞུར་རྒྱུན་བསམ་ཏེ་

སྐྱོ་གདུང་གླིང་བུའི་ངག་ལ་བསྲེ།།

ཤ་ཁྲག་མ་འདྲེས་རྒྱལ་བུ་དོན་གྲུབ་བྱམས་

བརྩེའི་དྲིན་གྱིས་པང་དུ་བླངས།།

རེ་དོགས་མི་ཚེའི་འབྱུང་རིམ་ཁྲོད་ནས་

མཆོད་འབུལ་གསོལ་འདེབས་ལས་ལ་བྲེལ།།

མ་མེད་བུ་ལ་མ་ལྟར་བརྩེ་བའི་སྐྱེ་དགུའི་

བདག་མོ་ཨེ་དཀའ་ཐལ།།

རྒྱལ་བུས་ངེས་འབྱུང་ལྟ་བ་རྙེད་དེ་ནགས་

ཁྲོད་སྐལ་བ་སྤྱད་པའི་རིང་།།

ཁྱོད་ནི་དྲན་གདུང་སྐྱོ་བས་མནར་བ་

ཁྲ་ཆུང་སྤྱན་ལས་ལྷང་ངེར་གསལ།།

མི་འདོད་འཁོར་བའི་སྡུལ་བསྔལ་སྒྲོལ་བྱེད་

ལུང་རྟོགས་བསྟན་པའི་བདག་པོ་སྟེ།།

དོན་གཉིས་མཐར་ཕྱིན་ཐུབ་པའི་དབང་པོ་

ཁྱོད་ཀྱིས་བསྐྱངས་པ་ངོ་མཚར་ཆེ།།

སྲས་གཙང་འདས་པའི་ཉིན་མོ་དེ་ནས་

འཇིག་རྟེན་མུན་པའི་ཚང་རི་ནས།།

མི་འཇིགས་སྤོབས་པའི་སྙིང་སྟོབས་བཙན་

པོས་སྐྱེས་མ་མང་པོ་སྣེ་ཁྲིད་དེ།།

རྒྱལ་བྱིན་ཚལ་ན་ཤཱཀྱའི་

དྲུང་དུ་བསྙེན་

རྫོགས་སྡོམ་པ་ལེགས་ཞུས་པས།།

ཞིང་འདིར་སྔར་མེད་ལོ་རྒྱུས་གསར་པས་

དེབ་ཐེར་དག་ཏུ་ཟིན་ཐོ་བཀོད།།

རྒྱུ་འབྱོར་དབང་ལ་ཞེན་ཆགས་དོར་ནས་

ངན་ངོན་འཚོ་བས་མི་ཚེ་བསྐྱལ།།

རང་རློམ་རྨོངས་པའི་མེ་ཕུང་བདའ་ཕྱིར་

སློང་མོའི་བྱ་བ་དང་དུ་བླངས།།

ཀུན་རྟོགས་བློ་ཡི་མཁྱེན་དཔྱོད་འཁྲུངས་

སླད་ཐོས་བསམ་སྒོམ་པའི་ཉམས་ལེན་མཛད།།

ཁྱོད་ཀྱི་དགེ་མཚན་ཡང་

ཡང་མཐོང་བས་ཚིག་སྦྱོར་རོལ་མོ་བདག་གིས་ཐལ།།


  • ལེ་ཚན་སྔོན་མ།:ཟློས་གར་བརྒྱ་དང་བརྒྱད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།