ཟླ་བརྒྱད་པའི་ནང་གི་དྲན་པ།

ནག་པོ་སྤྱོད་པ།        2021-07-15

ང་རང་།

རླངས་འཁོར་ཆུང་བ་ཞིག་ཏུ་བསྡད་ནས།

འབྲོག་ཐང་དུ་ལོག།

འབྲོག་ཐང་དུ་འབྱོར་རྗེས།

རི་ལུང་མཐའ་དག་སྟོང་ལྷང་ངེར་འདུག་པས།

ང་རང་ཅི་ཡིན་འདི་ཡིན་མེད་པར་རེ་ཞིག་ཧད།

ཅུང་འགོར་རྗེས།

ཡུལ་འདིའི་འབྲོག་པ་དག་གྲོང་ནང་དུ་ལོག་པ་དྲན།

ད་ལྟ། འབྲོག་ཐང་ནི།

ཁྱིམ་མི་ཁ་འཐོར་བྱུང་རྗེས།

ཤུལ་དུ་ལུས་པའི་མོ་ཡུགས་ལྟ་བུར་གྱུར་འདུག།


  • ལེ་ཚན་སྔོན་མ།:ནམ་ཞིག་ལ། འབྲོག་ཐང་དུ་ལོག་ཐུབ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།