ཏང་སྐྱོང་སྙིང་སྟོབས་རླབས་ཆེན་དར་སྤེལ་བཏང་ནས། སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་བསྟར་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2021-07-21

གནོད་འགོག་དང་། གནོད་སེལ། གནོད་སྐྱོབ་བཅས་ཀྱི་ནུས་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་།

སྤྱི་ཟླ7པའི་ཚེས13ཉིན། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅི་ཞང་དར་མདོ་གྲོང་ཁྱེར་རུ་ཕེབས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་གནང་བར་མ་ཟད། ཉེན་མེད་ཐོན་སྐྱེད་དང་ས་གཤིས་གནོད་འཚེ་འགོག་བཅོས། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་སོགས་ཀྱི་གཙོ་གནད་ལས་ཀར་བརྟག་ཞིབ་མཛུབ་ཁྲིད་གནང་ཞིང་། ཏང་ལེགས་སྐྱོང་བྱེད་པའི་སྙིང་སྟོབས་རླབས་ཆེན་དར་སྤེལ་གཏང་དགོས་པ་དང་དཔའ་ངར་ཆེར་བསྐྱེད་ཀྱི་འབད་འཐབ་ཉམས་འགྱུར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་བསྟར་གཏིང་ཟབ་དུ་བཏང་ནས། ཉེན་མེད་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཅངས་ཏེ། གནོད་འགོག་དང་གནོད་སེལ། གནོད་སྐྱོབ་བཅས་ཀྱི་ནུས་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད།

ལིའུ་ཅི་ཞང་སྔོན་རྗེས་སུ་དར་མདོ་གྲོང་ཁྱེར་གྱི་གཡག་རྭ་ཡུལ་ཤོག་གི་ནོར་ལུག་བཤས་རའི་བཙོག་ཆུ་གཙང་བཅོས་རྫིང་བུ་དང་སྙིགས་རོ་གནོད་མེད་ཅན་དུ་གཙང་སེལ་བྱ་ཡུལ། བཤས་གཏོང་འཁོར་ཁང་བཅས་སུ་ཕེབས་ནས་སྒྲིག་ཆས་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་ཞིབ་ཕྲ་གནང་བ་དང་། དར་མདོའི་ཕག་མོ་རིའི་ཨར་འདམ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་དུ་ལིའུ་ཅི་ཞང་གིས་སྒྲིག་ཆས་ཉེན་མེད་ངང་འཁོར་སྐྱོད་དང་། ཐོན་སྐྱེད་གཉེར་སྐྱོང་དོ་དམ། སྐྱེ་ཁམས་ཉམས་གསོའི་བཅོས་སྒྲིག། འཚོ་བའི་གད་སྙིགས་གཙང་སེལ་ལས་གཞི་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་། དར་མདོ་མི་རྒོད་མཚོའི་ཡུལ་སྐོར་ཁེ་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་དུ་ལིའུ་ཅི་ཞང་གིས་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གནས་ཡུལ་གྱི་ཁྱབ་ཚུལ་དང་། གྲུ་གཟིངས་ཉེན་མེད་ངང་འཇོག་པ། ཡུལ་སྐོར་བ་སྒྲིག་འཛུགས་སོགས་ཀྱི་གནས་ཚུལ་བརྙན་ལམ་ལྟ་སྐུལ་ཚོད་འཛིན་མ་ལག་བརྒྱུད་དེ་ལྟ་ཞིབ་གནང་བར་མ་ཟད། ས་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་དང་། ཡུལ་སྐོར་བ་མང་བའི་དུས་ཚིགས་ཀྱི་ཡུལ་སྐོར་ཉེན་མེད་སྣེ་ལེན་གྱི་གྲ་སྒྲིག། གྲུ་གཟིངས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན། གྲུ་ཁའི་སྦགས་བཙོག་གི་མངོན་གསལ་དོད་པོའི་གནད་དོན་བཅོས་སྒྲིག་གི་བསྐྱར་ཞིབ་ལས་ཀ་སོགས་ཀྱི་གནས་ཚུལ་ལ་འདྲི་རྩད་ཀྱང་གནང་བ་རེད།།

  • ལེ་ཚན་སྔོན་མ།:དུས་རབས་གསར་པའི་ལམ་བཟང་སྐྲུན་པའི་ལེའུ་ངོ་མཚར་ཅན་མུ་ནས་འབྲི།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་བོད་འབྲེལ་ས་ཁུལ་གྱི་སྒོ་འབྱེད་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།