ཏང་གི་བཀའ་དྲིན་སེམས་ནང་འཆང་།

བཀྲ་ཤིས་ཚེ་རིང་།        2021-07-16

ཁ་བ་ཅན་གྱི་ཡུལ་གྲུ་འདིར། །

ཕྱོགས་བཞི་གངས་རི་ཕྲེང་བས་བསྐོར། །

རིགས་བཟང་བོད་པའི་བུ་ཕྲུག་ཚོ། །

བདེ་སྐྱིད་འཚོ་བར་རོལ་བཞིན་གདའ། །

རླབས་ཆེན་ཏང་གི་ཐུགས་རྗེ་ཡིས། །

བོད་ཡུལ་ཁྱོན་འདིར་བདེ་དྲོད་སྟེར། །

དྲོ་སྐྱིད་ཉི་མའི་འོད་ཟེར་གྱིས། །

དབྱིག་འཛིན་སྒེག་མོའི་སྡུག་གུ་བཀྲ། །

གངས་རིས་བསྐོར་བའི་ཞིང་ཁམས་འདི། །

བཅུ་ཕྲག་རིག་གནས་བསླབས་པའི་ཚེ། །

རིག་རྩོམ་བརྩམས་ཆོས་སྣ་ཚོགས་ཀྱི། །

འབྲས་བུའི་ཁུར་གྱིས་རབ་ཏུ་ལྕི། །

སུམ་རྩེན་གནས་འདྲའི་གྲོང་ཁྱེར་འདིར། །

མི་རིགས་སྣ་ཚོགས་མཐུན་སྒྲིལ་ཟབ། །

སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་བཟང་། །

ཁྲོམ་རའི་དཔལ་འབྱོར་གོང་དུ་སྤེལ། །

ཁ་བའི་ཡུལ་གྲུའི་ཁྱོན་ཡངས་པོར། །

ཆུ་གཏེར་ལྟ་བུའི་རིག་གནས་མང་། །

མཛེས་ལ་ལྷ་ཡུལ་འགྲན་པའི་ཡུལ། །

སྐྱེ་བོ་ཀུན་གྱིས་ཡིད་དབང་འཕྲོག །

དེང་དུས་འཕྲུལ་ཆས་ཚན་རྩལ་མང་། །

དཔལ་ཡོན་གཉིས་དར་མཐུན་སྒྲིལ་ཟབ། །

ཁོར་ཡུག་མཛེས་སྡུག་རབ་བཀྲ་བའི། །

བོད་ལྗོངས་ངོ་མཚར་རྨད་དུ་བྱུང་། །

དུས་རབས་ཉེར་གཅིག་སླེབས་སོང་བའི། །

རླབས་ཆེན་ཏང་གི་ཐུགས་རྗེ་ཡིས། །

བོད་པའི་བུ་ཕྲུག་རྣམས་ལ་ནི། །

རིག་གནས་སྦྱོང་བའི་གོ་སྐབས་ཤར། །

རླབས་ཆེན་ཏང་གི་བཀའ་དྲིན་གྱིས། །

ཁ་བ་ཅན་གྱི་ཡུལ་གྲུ་འདིར། །

བདེ་སྐྱིད་འཚོ་བར་རོལ་བ་འདིས། །

ཁྱེད་ཀྱི་བཀའ་དྲིན་ནམ་ཡང་གསལ། །

ལོ་རིམ་གསུམ་པའི་འཛིན་གྲྭ་བཅོ་ལྔ།


  • ལེ་ཚན་སྔོན་མ།:ཟླ་བརྒྱད་པའི་ནང་གི་དྲན་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།