མེས་རྒྱལ་ལ་བསྔགས་པ།

​བསམ་གཏན་གཡང་སྐྱིད།        2021-07-16

མེས་རྒྱལ་ནི་ང་ཚོའི་མེས་པོ་ཡན་ཧོང་གཉིས་ཀྱི་ཁྱིམ་ཚང་ཆེན་པོ་ཞིག་ཡིན། མེས་རྒྱལ་ནི་ང་ཚོ་འཚོ་གནས་བྱེད་སའི་རྟེན་གཞི་ཡིན་པ་དང་། མེས་རྒྱལ་ནི་ང་ཚོའི་ཆེས་གུས་པར་འོས་པའི་ཨ་མ་ཡིན། ང་ཚོའི་མེས་རྒྱལ་ནི་མཛེས་སྡུག་ལྡན་ཞིང་འབྱོར་ཕྱུག་ལྡན།

མེས་རྒྱལ།ཁྱེད་ནི་བྱམས་ཤིང་རླབས་ཆེ་བ་ཞིག་རེད། མེས་རྒྱལ།ཁྱོད་ནི་ངའི་ལྟེ་ཁྲག་འཕོས་ས་ཡིན། དགེ་རྒན་གྱིས་ང་ཚོར“འཛམ་གླིང་འདིའི་ཐོག་ཁྱེད་ཚོས་རང་ཉིད་ཀྱིས་སུ་ལ་ཐུགས་རྗེ་ཆེ་ཞུ་འོས་སྙམ་ཡོད་”ཅེས་དྲིས་མྱོང་ཡོད། མི་ལ་ལས“ང་ཚོས་དགེ་རྒན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད་ཀྱི་ཡོད། མི་ལ་ལས“ང་ཚོས་ཕ་མ་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཟེར། མི་ལ་ལས“ང་ཚོས་ང་ཚོར་རོགས་རམ་བྱེད་མཁན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བརྗོད་ཀྱི་ཡོད།ནོར་མེད། ང་ཚོས་ཁོ་ཚོར་བཀའ་དྲིན་ཞུ་འོས།འོན་ཀྱང་ངས་བསམ་ན་མེས་རྒྱལ་རེད།ཁྱེད་རེད། ང་ཚོས་དྲིན་ལན་འཇལ་འོས།

ང་ཆུང་དུས་སུ་ཁངའི་བསམ་པར་འཇིག་རྟེན་འདིའི་སྟེང་གི་ཕ་མ་ནི་ང་ཚོའི་རྒྱབ་རྟེན་ཡིན། གལ་ཏེ་ཕ་མ་མེད་ན་ང་ལ་རྟེན་ས་མེད། གལ་ཏེ་ཕ་མ་མེད་ན་ང་འགྲོ་སའི་གནས་མེད་པ་དང་། གལ་ཏེ་ཕ་མ་མེད་ན་ཟས་གོས་གཉིས་འཛོམས་ང་དང་ཁ་བྲལ་ནས་འགྲོ་གི་རེད། གལ་ཏེ་ཕ་མ་མེད་ན་།ངའི་མཛེས་སྡུག་ལྡན་པའི་ཕུགས་འདུན་ཡོད་ཚད་ཀྱང་དེ་དང་བསྟུན་ནས་མེད་པར་འགྱུར་ངེས་རེད། ད་ལྟ།ང་ནར་སོན་ཡོད་པས།ངས་ད་གཟོད་ཤེས་པ་ནི།སྔོན་ཆད་མེས་རྒྱལ་ནི་ད་གཟོད་ང་ཚོ་འཚར་ལོངས་ཡོང་བའི་རྒྱབ་རྟེན་ཡིན། མེས་རྒྱལ་མེད་ན།ང་ཚོས་མཛེས་སྡུག་ལྡན་པའི་ཕུགས་འདུན་བརླག་འགྲོ་བར་མ་ཟད།ཐ་ན་ཁྱིམ་མེད་པར་གྱུར་ནས་ང་ཚོའི་ཚེ་སྲོག་ལ་གནོད་འཚེ་གཏོང་སྲིད་པ་རེད།

གཏམ་དཔེར་“ན་ཆུང་བློ་རིག་ལྡན་ན་རྒྱལ་ཁབ་ཀྱི་བློ་གྲོས་དང་།ན་ཆུང་ཕྱུག་ན་རྒྱལ་ཁབ་ཕྱུག་པོར་ཆགས། ན་ཆུང་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་ལྡན།ན་ཆུང་ཡར་ཐོན་བྱུང་ན་རྒྱལ་ཁབ་ཡར་ཐོན་ཡིན།ན་ཆུང་ཡོ་རོབ་གླིང་ལས་རྒྱལ་ན་རྒྱལ་ཁབ་ཡོ་རོབ་གླིང་ལས་རྒྱལ།ན་ཆུང་སའི་གོ་ལ་ལས་རྒྱལ་ན་རྒྱལ་ཁབ་སའི་གོ་ལའི་བདག་པོ་འགྱུར།”ཞེས་ཟེར་རེད་ལགས་དེ་བས་ན་མི་ཚེ་ནི་དྲིན་ཡིན།ང་ཚོས་ང་ཚོའི་མེས་རྒྱལ་ལ་བཀའ་དྲིན་ཆེ་ཞུ་དགོས། གང་ལགས་ཤེ་ན།དེ་ནི་ང་ཚོའི་རླབས་ཆེན་མེས་རྒྱལ་ཡར་ངོའི་ཟླ་བཞིན་གོང་དུ་འཕྱུར་བའི་མེས་རྒྱལ་ཞིག་དང་།ཉིན་བཞིན་གོང་འཕེལ་འགྲོ་བའི་མེས་རྒྱལ་ཞིག་ཡིན་པའི་རྐྱེན་གྱིས་རེད། ངས་ཁྱེད་རང་ལ་བཤད་པའི་སྐད་ཆ་རྣམས་ལོ་རྒྱུས་ཤིག་ཏུ་འགྱུར་འདོད་འདུག ངས་ཁྱེད་རང་ལ་ཞུས་པའི་སྐད་ཆ་རྣམས་སྐར་མ་གཅིག་བསྒྲིགས་ན་འགྲིག་པ་འདུག འོན་ཀྱང་ངས་ཁྱེད་རང་ལ་བཤད་འདོད་ཤོས་ནི“མེས་རྒྱལ།ང་ཁྱེད་ལ་དགའ”ཞེས་པ་དེ་ཡིན།



  • ལེ་ཚན་སྔོན་མ།:གངས་ཁྲོད་ཀྱི་སྦྲ་གུར་སློབ་གྲྭའི་སྐྱིད་སྡུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།