མེས་རྒྱལ་ལ་བསྟོད་གླུ་ཕུལ།

བདེ་སྐྱིད་བུ་ཁྲིད།        2021-06-30

ཀྲོང་གོ་གསར་པའི་རྒྱལ་ཁབ།།

དགུན་གྱི་ཉི་མ་འདྲ་བྱུང་།།

མཐའ་ཡས་ས་གཞི་ཆེན་པོ།།

དྲོ་སྐྱིད་འོད་ཟེར་འཕྲོས་བྱུང་།།

མེས་རྒྱལ་ནི་ཀྲུང་གོའི་མི་དམངས་ཡོངས་ཀྱི་སྲོག་གི་ཟུངས་ཁྲག་ཡིན། མེས་རྒྱལ་ནི་ང་ཚོའི་རེ་བ་དང་བདེ་སྐྱིད་ཀྱི་རྩ་བ་ཡིན་བགྲང་ཆ་མང་པོའི་སྔོན་ལ་ཕྱིའི་རྒྱལ་ཁབ་ཀྱིས་ང་ཚོའི་ཀྲུང་གོར་བཙན་འཛུལ་བྱས་ཤིང་དེ་དུས་ང་ཚོའི་རླབས་ཆེན་གྱི་དཔའ་བོ་མང་པོ་ཞིག་གིས་མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་རང་སྲོག་བློས་བཏང་ནས་ཀྲུང་གོར་སྲུང་སྐྱོབ་གང་ལེགས་བྱས་ཡོད།ཁོ་ཚོས་ནམ་ཞིག་མེས་རྒྱལ་དེ་བདག་པོ་གཞན་ཞིག་ཏུ་གྱུར་ཚེ་རང་ཉིད་ཁམས་ཐམས་ཅད་ལ་བདེ་བའི་སྐལ་བཟང་ཞིག་གཏན་གནས་བྱ་མི་སྲིད་པ་ཤེས་པས་ཡིན། དེར་བརྟེན། དཔའ་བོ་མང་པོ་ཞིག་གིས་མེས་རྒྱལ་ནི་སྲོག་རྩ་ཡིན་པས་རྒྱལ་ཁབ་ནི་རང་གི་ཚེ་སྲོག་ལའང་གལ་ཆེ་བར་འཛིན་དགོས། དེ་ན་ང་ཚོ་ལ་དཔའ་བོ་དེ་དག་བྱུང་བས་གཞི་ནས་ང་ཚོར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་ཡིན།བྱས་ཙང་། ང་ཚོས་འདི་ལྟ་བུའི་རླབས་ཆེན་གྱི་མེས་རྒྱལ་གཅིག་དང་འདི་ལྟ་བུའི་སྟོབས་འབྱོར་མངའ་ཐང་རྒྱས་པའི་རྣམ་རྒྱལ་དེ་ལྟ་བུ་ཞིག་ལ་སྐྱེས་པ་ཧ་ཅང་གི་དགའ་མོད། ང་རང་མེས་རྒྱལ་ཕྱི་དྲོ་ཙམ་ལ་དགའ་བ་མིན་པ་དེའི་རི་ཆུ་ཀླུང་གསུམ་ལ་དགའ་བ་གང་དེའི་སྲོལ་རྒྱུན་རིག་གནས་ལ་དགའ་བ་མི་རིགས་ཡོངས་ལ་དགའ། དེའི་ཞི་བདེ་དང་འབྱོར་ཕྱུག་ལྡན་པའི་འཚོ་བ་སྐྱེལ་སྟངས་ལ་དགའ་བར་རེ་བ་དང་འོད་སྣང་གིས་ཁེངས་པའི་མ་འོངས་པའི་མདུན་ལམ་ཡག་པོ་ལ་དགའ་བ་སོགས་གང་ལྟར་རང་ཉིད་མེས་རྒྱལ་མཆོག་ལ་ཤིན་ཏུ་དགའ་ཞིང་ཤིན་ཏུ་དུངས་བ་ཡིན།

ང་ཚོའི་མེས་རྒྱལ་ནི་ལོ་ངོ་སྟོང་ཕྲག་མང་པོ་ལོ་རྒྱུས་དང་རིག་གནས་ཡོད་པའི་རྒྱལ་ཁབ་ཞིག་ཡིན། ཉེ་བའི་ལོ་ངོ་བརྒྱ་ཙམ་རིང་ཕྱིའི་རྒྱལ་ཁབ་མང་པོ་མ་ཡུམ་མེས་རྒྱལ་ལ་བཙན་འཛུལ་མང་པོ་བྱུང་ནས་མེས་རྒྱལ་པང་དུ་འཚོ་བའི་མི་དམངས་རྣམས་ནམ་ཡང་ཉམས་ཐག་གི་འཚོ་བ་སྐྱེལ་མྱོང་། སྤྱི་ལོ་ཆིག་སྟོང་ཞེ་དགུ་ལོར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་རྗེས་རྒྱལ་ཁབ་ཀྱི་སྟོབས་འབྱོར་ཇེ་རྒྱས་སུ་སོང་སྟེ་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བདུན་ཅུ་དོན་བརྒྱད་ལོར་ཏིང་ཞའོ་ཕིང་ལགས་ཀྱིས་བསྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་བཟང་པོ་ལག་བསྟར་བྱེད་ཆེད་མེས་རྒྱལ་གྱི་མང་ཚོགས་ཀྱི་འཚོ་བ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་སོགས་གནམ་ས་བླ་འོག་ཏུ་འགྱུར་བ་བྱུང་། དེ་ནས་བཟུང་རིམ་གྱིས་ཀྲུང་གོའི་ས་ཕྱོགས་གང་སར་ཚན་རྩལ་དང་ཤེས་པའི་འབྱོར་ཕྱུག་བཅས་ཀྱི་པདྨའི་འདབ་མ་གསར་པ་བཞད་དེ་གོམ་སྟབས་མྱུར་པོས་འཛམ་གླིང་གི་སྔོན་ཐོན་མི་རིགས་གྲས་སུ་སླེབས།ངའི་ཕ་ཡུལ་དུ་ཁང་བཟང་མང་པོ་བསྐྲུན་པ་དང་རྒྱལ་ལམ་མང་པོ་བསྐྲུན་ཏེ་རླངས་འཁོར་མང་པོ་ཞིག་དེའི་སྟེང་དུ་ཕར་འགྲོ་ཚུར་འོང་བྱེད་པ་སོགས་ཧ་ཅང་རྙོག་དྲ་ཆེ་བ་དང་ཟང་ཟིང་ཆེ་བའི་ཁྲོད་དུ་མི་རྣམས་མཐུན་སྒྲིལ་འཚོ་བ་སྐྱེལ་བཞིན་ཡོད། ད་དུང་ཕྲུ་གུ་ལོ་གསུམ་ཡིན་ཚང་མ་བུ་བཅོལ་ཁང་དུ་བཏང་བ་དང་། དེ་ནས་རིམ་བཞིན་སློབ་ཆུང་དང་དམའ་འབྲིང་དུ་རིན་མེད་ངང་སློབ་གྲྭར་འགྲོ་ཆོག་པའི་ལོ་དགུའི་སློབ་གསོའི་ལས་ཀའི་གཏན་འབེབས་བྱས་པས་མ་ཚད་ཏང་གི་སྲིད་ཇུས་བཟང་པོའི་འོག་ཏུ་གྲོང་ཚོའི་ནང་ཡིག་རྨོངས་སུ་ལུས་པའི་སྐྱེ་བོ་ཧ་ཅང་དཀོན་པར་གྱུར། ཕྲུ་གུ་རྣམས་ཞོགས་པར་དཔེ་ཁུག་རྒྱབ་ཏུ་ཁུར་ཏེ་དགའ་སྤྲོའི་ངང་ནས་སློབ་གྲྭར་བསྐྱོད།དེ་དག་ཚང་མ་ནི་ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་རེད་ཅེས་གསུངས།

རྨོ་བོ་ལགས་ཀྱི་དུས་སྐབས་སུ་ཡི་གེ་ཤེས་མཁན་ཧ་ཅང་ཉུང་བས་ངའི་རྨོ་ལགས་དང་འདྲ་བའི་མི་སེམས་ནང་རིག་གནས་སྦྱོང་འདོད་མེད་པ་གཏན་ནས་མིན་ནའང་ཁོ་ཚོ་ལ་གོ་སྐབས་དེ་མ་ཐོབ་པ་རེད། ད་ལྟར་ང་ཚོ་ལ་ཏང་དང་རྒྱལ་ཁབ་ཀྱིས་གནང་བའི་གོ་སྐབས་བཟང་པོ་དེ་དམ་འཛིན་བྱས་ནས་སློབ་སྦྱོང་བྱ་དགོས།རང་མི་རིགས་དང་མེས་རྒྱལ་ལ་ཕན་ཐོགས་ཡོད་པའི་མི་བཟང་པོ་ཞིག་བྱ་རྒྱུའི་ཆོད་སེམས་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་སེམས་ལ་བརྟན་པོར་གནས་དགོས་སོ།།



  • ལེ་ཚན་སྔོན་མ།:ཏང་གི་འཁྲུངས་སྐར་བསུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།