རང་ཁུལ་གྱིས་དོན་ཐོག་འབྱོར་བ་ལྔའི་བྱ་ཐབས་སྤྱད་ནས་ད་ཆའི་ཉེན་མེད་ཐོན་སྐྱེད་ལས་དོན་དམ་འཛིན་ཏན་ཏིག་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2021-07-19

ཉེ་ཆར། གསར་འགོད་པས་ཁུལ་འཚུབ་བསྟུན་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་གྱིས་བཀོད་སྒྲིག་དོན་འཁྱོལ་དང་ཆེད་དོན་བཅོས་སྒྲིག། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར། དྲིལ་བསྒྲགས་སློབ་གསོ། འཚུབ་བསྟུན་ལས་རེས་བཅས་དོན་ཐོག་འབྱོར་བ་བྱས་པར་བརྒྱུད། ད་ཆའི་ཉེན་མེད་ཐོན་སྐྱེད་ལད་དོན་དམ་འཛིན་ཏན་ཏིག་བྱས་དང་བྱེད་བཞིན་ཡོད་པ་རེད།

རང་ཁུལ་གྱིས《ཁུལ་ཡོངས་ཀྱིས་ཉེན་མེད་ཐོན་སྐྱེད་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྐོར་གྱི་བརྡ་ཐོ་ཛ་དྲག་ཆེ་བ》དང《ཁུལ་ཡོངས་ཀྱིས་ཉེན་མེད་ཐོན་སྐྱེད་གཅིག་བསྡུས་བཅོས་སྒྲིག་བྱེད་པའི་སྐོར་གྱི་བརྡ་ཐོ》སོགས་ཀྱི་ཡིག་ཆ་པར་འགྲེམས་བྱས་ཤིང་། ཁུལ་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་དང་ཁུལ་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་ཀྱི་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོའི་བརྙན་འཕྲིན་ཁ་པར་ཚོགས་འདུ། ཁུལ་ཡོངས་ཀྱི་ཁྲིམས་ལྟར་ཁུལ་སྐྱོང་རྒྱུན་ལྡན་ཚོགས་འདུ་བཅས་འཚོགས་པ་དང་། ཉེན་མེད་ཐོན་སྐྱེད་ཀྱི་གཙོ་གནད་ལས་ཀར་བཀོད་སྒྲིག་བྱས་ཏེ། རྫོང﹙གྲོང་ཁྱེར﹚ཁག་དང་འབྲེལ་ཡོད་སྡེ་ཁག་གིས་ཉེན་མེད་ཐོན་སྐྱེད་ཀྱི་དུས་བབ་ཛ་དྲག་པོར་དམིགས་ནས་དུས་ཐོག་ཏུ་བཀོད་སྒྲིག་ནུས་ལྡན་དང་། བྱ་ཐབས་སྤྱད་དེ་ཉེན་མེད་དོགས་ཟོན་ལས་ཀར་དམ་འཛིན་ཡག་པོ་དང་། ཁེ་ལས་སོ་སོས་ལས་བཟོ་ཡོངས་ཀྱི་ལས་གནས་འགན་འཁྲི་དོན་འཁྱོལ་བྱས་ནས་རྐྱེན་ངན་རང་བཤེར་རང་བཅོས་དང་རང་ཞུ་བྱས་ཏེ་ཉེན་མེད་ཀྱི་དོན་རྐྱེན་བྱུང་བར་ནན་འགོག་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།།



  • ལེ་ཚན་སྔོན་མ།:རྫོང་འདིས་གད་སྙིགས་ཏུན་བརྒྱ་བསྲེགས་ཐུབ་པའི་ལས་གཞི་བསྐྲུན་འདུག།
  • ལེ་ཚན་རྗེས་མ།:དགོངས་དོན་གྱི་ངོ་བོ་སེམས་སུ་ཆུད་པ་བྱས་ནས་ལག་ལེན་གྱི་བླང་བྱ་ལག་ལེན་མཐར་ཕྱིན་བྱེད།
  • དོ་སྣང་ཆེ་བའི་རྩོམ།