ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་འཛད་སྤྱོད་འགྲོ་གྲོན་སྒོར6530ལ་སླེབས་པ།

    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    2021-07-28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་བོད་ལྗོངས་ཚོང་དོན་ཐིང་ནས་རྒྱུས་ལོན་པ་ལྟར་ན། ལོ་སྟོད་དུ་བོད་ལྗོངས་ཀྱི་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་འཛད་སྤྱོད་འགྲོ་གྲོན་སྒོར6530ལ་སླེབས་པ་དང་དུས་མཉམ་ལས13.8%འཕར། དེའི་ཁྲོད་གྲོང་རྡལ་གྱི་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་འཛད་སྤྱོད་འགྲོ་གྲོན་སྒོར13431ལ་སླེབས་པ་དང་དུས་མཉམ་ལས12.3%འཕར། ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་འཛད་སྤྱོད་འགྲོ་གྲོན་སྒོར4055ལ་སླེབས་ཏེ་དུས་མཉམ་ལས14.9%འཕར་ལ། འཕར་ཚད་དེ་གྲོང་རྡལ་ལས་བརྒྱ་ཆའི་ཚེག2.6ཇེ་མཐོར་སོང་ཡོད།

བོད་ལྗོངས་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ལས་ཞུགས་དང་ཡང་བསྐྱར་ལས་ཞུགས་བྱེད་པའི་སྲིད་ཇུས་དང་གླ་ཕོགས་རྒྱུན་ལྡན་ངང་འཕར་སྣོན་བྱུང་བའི་ལམ་ལུགས་འཐུས་ཚང་དུ་བཏང་བ་བརྒྱུད། སྡོད་དམངས་ཀྱི་ཡོང་སྒོའི་འཕར་སྣོན་དང་དཔལ་འབྱོར་འཕེལ་རྒྱས་གོམ་པ་མཉམ་པར་ཁག་ལེག་བྱེད་པ་དང་ཆབས་ཅིག སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་མུ་མཐུད་འཐུས་ཚང་དུ་བཏང་བ་བརྒྱུད། སྡོད་ཁང་དང་སྨན་བཅོས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་འདོན་སྤྲོད་ནུས་ལྡན་ལ་ཤུགས་བསྣན་ཏེ། སྡོད་དམངས་ཀྱི་གནོན་ཤུགས་ཇེ་ཡང་དུ་གཏོང་བ་དང་། སྡོད་དམངས་ཀྱི་སེམས་ཁྲལ་མེད་པར་བཟོས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་སྡོད་དམངས་ཀྱི་འཛད་སྤྱོད་ནུས་བ་དང་འདོད་མོས་མཐོར་འདེགས་བཏང་ནས། འཛད་སྤྱོད་རྒྱུན་མཐུད་བརྟན་བརླང་ངང་འཕར་བར་སྐུལ་འདེད་གཏོང་ཐུབ།

ལོ་སྨད་དུ་སྡོད་དམངས་ཀྱི་ཡོང་སྒོ་བརྟན་བརླིང་སྒོས་འཕར་སྣོན་བྱུང་བ་དང་། ལས་ཞུགས་དང་ཡང་བསྐྱར་ལས་ཞུགས་བྱེད་པ་དང་འཛད་སྤྱོད་སྐུལ་འདེད་སྲིད་ཇུས་ཀྱི་བྱེད་ཐབས་མགྱོགས་མྱུས་སྒོས་དོན་འཁྱོལ་བྱས་པ་དང་བསྟུན་ནས། བོད་ལྗོངས་ཀྱི་འཛད་སྤྱོད་ཐོན་རྫས་ཚོང་ར་བརྟན་ཐོག་ཡར་འཕེལ་དང་རིམ་བཞིན་ཇེ་ལེགས་སུ་གྱུར་བའི་སྤྱིའི་གནས་བབ་རྒྱུན་འཁྱོངས་བྱ་རྩིས་ཡོད་ཅིང་། དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་ཀྱི་ནུས་བ་ཐོན་པའི་འཛད་སྤྱོད་ཀྱི་གོ་གནས་ཀྱང་སྔར་ལས་ལྷག་པར་སྲ་བརྟན་དང་མཐོར་འདེགས་སུ་གཏོང་ཐུབ།  །


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་སྲིད་གྲོས་ཀྱིས་མི་འབོར་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་པ།
  • ལེ་ཚན་རྗེས་མ།:གྲངས་ཉུང་མི་རིགས་སྐད་ཡིག་གི་ཏང་གི་ལོ་རྒྱུས་སློབ་དེབ་ཁག་པར་སྐྲུན་བྱས།
  • དོ་སྣང་ཆེ་བའི་རྩོམ།