ཏོག་གསར་གློ་རིམས་འགོག་ཟོན་གྱི་བརྡ་ཐོ་ཛ་དྲག་མ།

ཐུབ་ཀྱིས་བསྒྱུར།        2021-07-28

ཏོག་གསར་གློ་རིམས་འགོག་ཟོན་གྱི་བརྡ་ཐོ་ཛ་དྲག་མ།

     སྤྱི་ཟླ7པའི་ཚེས28ཉིན་ལ། གསར་འགོད་པས་སི་ཁྲོན་ཞིང་ཆེན་སྲིད་གཞུང་དྲྭ་ཚུགས་ནས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཚེས27ཉིན་ལ་འཚོགས་པའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྲོས་ཚོགས་སུ་ད་ཆའི་རིམས་ཚུལ་གྱི་གནས་བབ་ཛ་དྲག་པོར་དམིགས་ནས། རང་རེའི་ཞིང་ཆེན་གྱི་རིམས་ཚུལ་འགོག་ཟོན་ལས་དོན་ཡག་པོ་བསྒྲུབ་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ་བླང་བྱ་མངོན་གསལ་བཏོན་པ་རེད། རིམས་ཚུལ་འགོག་ཟོན་གྱི་བྱེད་ཐབས་ཁག་དོན་འཁྱོལ་སྔར་ལས་ཞིབ་ཕྲ་བྱས་ཏེ་ཕྱི་ནས་མཆེད་པ་ནན་འགོག་དང་ནང་ནས་བསྐྱར་དུ་ལོག་པ་ནན་འགོག་ཅེས་པའི་རིམས་ཚུལ་འགོག་ར་སྲ་ཞིང་བརྟན་པ་བཟོ་བའི་ཆེད་དུ། སི་ཁྲོན་ཞིང་ཆེན་གྱི་ཏོག་གསར་གློ་རིམས་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་ཁང་གིས་ཏོག་གསར་གློ་རིམས་འགོག་ཟོན་ལས་དོན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བའི་སྐོར་གྱི་བརྡ་ཐོ་ཛ་དྲག་ཆེ་བ་བཏང་བ་སྟེ།

  གཅིག།  རིམས་ཚུལ་འགོག་ཟོན་གྱི་ཕྱོགས་ཁག་གི་འགན་འཁྲི་དོན་ཐོག་ནན་འཁྱོལ་བྱ་དགོས།

(གཅིག།)ཁོངས་གཏོགས་ཀྱི་འགན་འཁྲི་ནན་འཁྱོལ་བྱ་དགོས། ས་གནས་ཁག་གིས་རིམས་ཚུལ་འཚུབ་བསྟུན་བཀོད་འདོམས་མ་ལག་འཛུགས་ཤུགས་ཆེ་རུ་གཏང་དགོས་ཤིང་། འཚུབ་བསྟུན་བརྡ་ལེན་གྱི་བླང་བྱ་ལྟར། ཕྱོགས་ཁག་གི་སྟོབས་ཤུགས་བསྡེབས་བསྒྲིལ་བྱས་ཏེ།  ལས་འགན་ལས་བགོས་ཁ་གསལ་པོ་དང་སྟབས་བདེ་ཅན་ཡོང་བར་བྱ་དགོས། ས་གནས་ཁག་གི་ཏོག་གསར་གློ་རིམས་འཚུབ་བསྟུན་བཀོད་འདོམས་ཁང་གིས་གཅིག་བསྡུས་ཀྱིས་གཞུང་ལས་སྒྲུབ་པ་དང་ཆུ་ཚོད24རིང་ལ་ལས་རིས་ལས་སྲུང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཕྱི་རྒྱལ་དང་རྒྱལ་ནང་གི་ཉེན་ཁ་ཆེ་འབྲིང་ས་ཁུལ་ནས་ཡོང་བའི་མི་སྣར་ཚགས་བཤེར་དོ་དམ་བྱ་རྒྱུའི་བླང་བྱ་དོན་ཐོག་ནན་འཁྱོལ་བར་བྱེད་ཅིང་། རིམས་ཚུལ་གྱི་གནས་བབ་ཞིབ་འཇུག་དང་བརྡ་གཅོད་ལུགས་དང་མཐུན་པ་བྱེད་པ་དང་། ས་གནས་རང་གི་དངོས་ཡོད་གནས་ཚུལ་དང་མཐུན་པའི་རིམས་ཚུལ་འགོག་ཟོན་གྱི་ཐབས་ཇུས་ལག་ལེན་བྱ་དགོས།

(གཉིས།)ལས་རིགས་ཀྱི་འགན་འཁྲི་ནན་འཁྱོལ་བྱ་དགོས། ལས་རིགས་སྡེ་ཚན་ཁག་གིས་གཙོ་འགན་འགན་འཁྲི་དོན་ཐོག་འཁྱོལ་བ་བྱ་དགོས་ཤིང་། ལས་རིགས་རང་གི་ཁྱད་ཆོས་དང་མཐུན་པའི་རིམས་ཚུལ་འགོག་ཟོན་ལག་རྩལ་འཆར་གཞི་བཟོ་བ་དང་། འགོག་ཟོན་བྱེད་ཐབས་ཀྱི་དམིགས་སའི་རང་བཞིན་ཇེ་ཆེར་གཏོང་ཞིང་། མངའ་འོག་ལས་རིགས་སྡེ་ཚན་གྱིས་ཁྲིམས་དང་སྒྲིག་སྲོལ་ལྟར་འགོག་ཟོན་གྱི་བྱེད་ཐབས་ཁག་དོན་ཐོག་འཁྱོལ་བ་བྱེད་པར་ཁྲིད་སྟོན་བྱེད་པ་དང་། ལས་རིགས་རང་ཉིད་དང་ཁྱབ་ཁོངས་རང་ཉིད་ཀྱི་རིམས་ཚུལ་འགོག་ཟོན་ལས་དོན་ལྟ་སྐུལ་དོ་དམ་བྱེད་ཤུགས་རྒྱུན་མཐུད་དེ་ཆེ་རུ་གཏང་དགོས།

(གསུམ།)སྡེ་ཚན་གྱི་འགན་འཁྲི་ནན་འཁྱོལ་བྱ་དགོས། ལས་ཁུངས་དང་། ཁེ་ལས་དོན་ལས་སྡེ་ཚན་གྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་དགོས་ཤིང་། རིམས་ཚུལ་འགོག་ཟོན་ཐད་ཀྱི་ཡོད་པ་ལྔ(རིམས་ཚུལ་འགོག་ཟོན་གྱི་ཕྱོགས་སྟོན་ཡོད་པ་དང་། འགོག་ཟོན་གྱི་དོ་དམ་ལམ་ལུགས་དང་འགན་འཁྲི་མ་སྣ་ཡོད་པ། འགོག་སྲུང་གི་དངོས་རྫས་གྲབས་གསོག་འོས་འཚམ་ཡོད་པ། ཁོངས་གཏོགས་ཀྱི་སྨན་བཅོས་འཕྲོད་བསྟེན་སྟོབས་ཤུགས་ཀྱི་ཁྲིད་སྟོན་དང་རྒྱབ་སྐྱོར་ཡོད་པ། ལོགས་སུ་བཀར་ས་དང་སྤོ་སྐྱེལ་བཀོད་སྒྲིག་གི་གྲ་སྒྲིག་ཡོད་པ་བཅས་སོ།།)ཞེས་པའི་བླང་རྒྱུན་འཁྱོངས་བྱེད་པ་དང་། ཆེད་གཉེར་མི་སྣ་བཞག་ནས་སྡེ་ཚན་རང་ཉིད་ཀྱི་རིམས་ཚུལ་འགོག་ཟོན་ལས་དོན་སྒྲུབ་པ་དང་། ལས་སྒྲུབ་མི་སྣའི་ཉིན་རེའི་ལུས་དྲོད་འཇལ་བ་དང་ནད་རྟགས་སོགས་ཀྱི་བདེ་ཐང་ལྟ་ཞིབ་ཡག་པོ་བྱེད་ཅིང་། ལུས་པོ་བདེ་ཐང་ནམ་རྒྱུན་ལྟར་མ་ཡིན་པའི་མི་སྣར་སྨན་བཅོས་ལས་ཁུངས་སུ་བརྟག་བཅོས་འགྲོ་དགོས་པའི་སྐུལ་མ་བྱ་དགོས། མ་བསྐུལ་དང་ལེན་གྱིས་རིམས་ཚུལ་འགོག་ཟོན་ལས་དོན་སྤེལ་བ་དང་། ཉིན14ཡི་ནང་ལ་རྒྱལ་ནང་གི་ཉེན་ཁ་ཆེ་འབྲིང་ས་ཁུལ་དུ་འགྲུལ་སྡོད་བྱས་མྱོང་བའི་མི་སྣར་ཚགས་བཤེར་ཐོ་འགོད་ཡག་པོ་བྱེད་ཅིང་དུས་ཐོག་ཏུ་ས་གནས་དེ་གའི་སྤྱི་ཁུལ་ལ་སྙན་སེང་ཐོ་འགོད་ཞུ་བ་དང་། ཉིང་སྐྱུར་བརྟག་ཞིབ་དང་ལོགས་སུ་བཀར་བ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་བྱ་དགོས།

(བཞི།)མི་སྒེར་གྱི་འགན་འཁྲི་ནན་འཁྱོལ་བྱ་དགོས། མང་ཚོགས་ཀྱིས་རང་ཉིད་ནི་བདེ་ཐང་གི་འགན་འཁུར་མཁན་ཨང་དང་པོ་ཡིན་པའི་འགན་ཡག་པོ་འཁུར་བར་ཁྲིད་སྟོན་བྱ་དགོས་པ་དང་། མི་རང་ཉིད་ཀྱིས་འགོག་སྲུང་ཡག་པོ་བྱ་རྒྱུ་རྒྱུན་འཁྱོངས་པ་དང་། ཁ་ཤུབས་ལུགས་དང་མཐུན་པ་རྒྱག་པ། སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དང་གློག་སྐས་སོགས་མཁའ་རླུང་དཀོན་པའི་སར་ནམ་ཡང་ཁ་ཤུབས་བརྒྱག་དགོས། མི་སྒེར་གྱི་འཕྲོད་བསྟེན་ཡག་པོ་བྱ་རྒྱུ་དང་ལག་པ་རྒྱུན་དུ་བཀྲུ་དགོས། ལུ་བ་དང་ཧབ་སྦྲིད་རྒྱག་དུས་ཁ་བཀབ་པ། ཕྱིར་འབྲེལ་འདྲིས་བྱེད་སུ་སྨི་གཅིག་ཡན་གྱི་བར་ཐག་བཞག་པ། ཁྱིམ་ཚང་ནང་དུ་མཁའ་དབུགས་ཡངས་ཤིང་དུག་སེལ་ཡག་པོ་བྱ་དགོས།

ཉིན14ཡི་ནང་ལ་རྒྱལ་ནང་གི་ཉེན་ཁ་ཆེ་འབྲིང་ས་ཁུལ་དུ་འགྲུལ་སྡོད་བྱས་མྱོང་བའི་མི་སྣས་མ་བསྐུལ་དང་ལེན་གྱིས་སྤྱི་ཁུལ་ལ་སྙན་སེང་ཞུས་ནས་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་ཡག་པོ་སྤྱད་པར་རམ་འདེགས་བྱ་དགོས།


གཉིས། ཕྱི་རྒྱལ་ནས་ཡོང་བའི་མི་སྣར་ཧྲིལ་སྡོམ་ནན་པོར་བྱ་དགོས།

     (གཅིག།)ཁྱོན་ཡོངས་ནས་ཧྲིལ་སྡོམ་དོ་དམ་བྱ་དགོས།

(གཉིས།)ཉིང་སྐྱུར་བརྟག་ཞིབ་ཚད་དང་ལྡན་པ་བྱ་དགོས།

(གསུམ།)ཞིང་ཆེན་ཕྱི་ནས་ཡོང་བའི་མི་སྣར་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས།


གསུམ། རྒྱལ་ནང་གི་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་ནས་ཡོང་བའི་མི་སྣར་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས།

(གཅིག།)ཉེན་ཁའི་ས་ཁུལ་གཏན་འཁེལ་བྱས་མེད་པའི་མི་སྣར་དོ་དམ་ཡག་པོ་བྱ་དགོས།

(གཉིས།)ཉེན་ཁའི་ས་ཁུལ་གཏན་འཁེལ་བྱས་ཟིན་པའི་མི་སྣར་དོ་ནན་ནན་པོར་བྱ་དགོས།


བཞི། གཙོ་གནད་མི་ཚོགས་དང་གཙོ་གནད་ཡུལ་གྱི་འགོག་ཟོན་དང་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་དེ་བས་ཡག་པོ་བསྒྲུབ་དགོས།

(གཅིག།)ལྕགས་ལམ་དང་གཞུང་ལམ། དམངས་སྤྱོད་མཁའ་འགྲུལ་སོགས་ཉེན་ཁ་ཆེ་བའི་མི་ཚོགས་ལ་བརྟག་ཞིབ་བྱེད་ཤུགས་ཆེ་རུ་གཏང་དགོས།

(གཉིས།)རིམ་ཁག་དང་རིགས་ཁག་གི་སྨན་བཅོས་ལས་ཁུངས་དང་རྒན་གསོ། མགྲོན་ཁང་། རོལ་རྩེད་ཁང་སོགས་གཙོ་གནད་ཡུལ་གྱི་འགོག་ཟོན་བྱེད་ཐབས་དོན་འཁྱོལ་བྱ་དགོས།

(གསུམ།)ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱག་ཤུགས་ཆེ་རུ་གཏང་དགོས།


ལྔ། རིམས་ཚུལ་འཚུབ་བསྟུན་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏང་དགོས།

(གཅིག།)ཏོག་གསར་གློ་རིམས་ཕོག་པའི་མི་དང་འབྲེལ་འདྲིས་ཆེ་བའི་མི་སྣར་ཚགས་བཤེར་དོ་དམ་བྱེད་ཤུགས་ཆེ་རུ་གཏང་དགོས།

(གཉིས།)རིམས་ཚུལ་ཉེན་ཁ་ཆེ་བའི་ས་ཁུལ་ལ་བཀག་སྡོམ་ཁུལ་དང་བཀག་འཛིན་ཁུལ། ཉེན་ཁའི་ས་ཁུལ་གྱི་མཐའ་སྐོར་ས་ཁོངས། ས་ཁོངས་གཞན་དག་བཅས་རྒྱ་རིམ་པ་བཞིའི་དོ་དམ་བྱ་དགོས།

(གསུམ།)གོང་གི་རྒྱ་རིམ་པ་བཞིའི་མི་ཚོགས་ལ་ཉིང་སྐྱུར་བརྟག་ཞིབ་ཐེངས་གཉིས་ནས་གསུམ་བར་བྱ་དགོས།

  • ལེ་ཚན་སྔོན་མ།:གྲངས་ཉུང་མི་རིགས་སྐད་ཡིག་གི་ཏང་གི་ལོ་རྒྱུས་སློབ་དེབ་ཁག་པར་སྐྲུན་བྱས།
  • ལེ་ཚན་རྗེས་མ།:གཟོབས། ཁྲེང་ཏུའུ་ལ་ཏོག་གསར་གློ་རིམས་ཀྱི་ནད་པ་གསུམ་བྱུང་འདུག
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10