ས་གནས་ཁག་གིས་བདུན་གཅིག་གསུང་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ནས་བརྗིད་ཉམས་ངང་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་སྐུལ་སྤེལ་བྱས་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2021-08-05

      ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ནས། དེ་བས་ཆེ་བའི་གཟི་བརྗིད་བརྩོན་ལེན་བྱེད། ཉེ་དུས། ས་གནས་ཁག་གིས་བདུན་གཅིག་གསུང་བཤད་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་ལྟེ་བའི་ནང་དོན་དུ་བརྩིས་པ་དང་། སློབ་སྦྱོང་གི་གྲུབ་འབྲས་རྒྱང་སྐྱོད་གསར་པར་མདུན་སྐྱོད་བྱེད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་བྱ་སྤྱོད་དངོས་སུ་འགྱུར་བ་བྱས་ཡོད།
        ཉིན་ཤས་རིང་། ཨན་ཧུའེ་ཆང་ཧུའུ་གྲོང་ཁྱེར་ལྷོ་མའི་གཙང་སྒྲོལ་ཕུག་ལམ་གྱི་ཨར་སྐྲུན་ལས་ཡུལ་དངོས་སུ། བཟོ་པ་100ལྷག་གིས་ཝན་ཅང་འབད་འཐབ་རྟགས་ཅན་གྱི་ཕུབ་སྒྲིག་འཕྲུལ་འཁོར་ཨ་མ་གང་མགྱོགས་སྒྲིག་སྦྱོར་བྱེད་བཞིན་ཡོད། ཕུག་ལམ་དེ་ནི་མིག་སྔའི་འབྲི་ཆུའི་ཐོག་ཨར་སྐྲུན་ཆེས་ཁག་ཤོས་ཀྱི་ཕུག་ལམ་གྲས་ཤིག་རེད། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་འཕྲལ་སྒྲུབ་རུ་ཁག་བཙུགས་ནས་སྣེ་ཁྲིད་འབད་འཐབ་བྱེད་བཞིན་ཡོད།
        ཧྲན་ཏུང་ཞིང་ཆེན་ཏུང་དབྱིང་གྲོང་ཁྱེར་གྱི་དམངས་ཕན་ཞབས་ཞུའི་ཐད་གཏོང་རླངས་འཁོར་60ཉེ་དུས་རྒྱ་ལམ་ཐོག་སོང་ཞིང་། དེའི་ནང་བླུགས་པའི་སྔོ་ཚལ་དང་ཤིང་འབྲས་སོགས་ཚང་མ་ནི་ཐོན་ཡུལ་དངོས་ནས་ཉོས་པ་ཤ་སྟག་རེད། ཏུང་དབྱིང་ཁུལ་གྱི་སྡེ་ཁུལ་འཛུགས་སྐྱོང་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཡང་ཧྥན་གྱིས། གོམ་སྟབས་རྗེས་མར་ང་ཚོས་གྲོང་མིའི་དགོས་མཁོ་ལྟར། ཐད་གཏོང་རླངས་འཁོར་དེ་བས་མང་བ་གྲོང་མིས་ཉོ་སྒྲུབ་དང་འཛད་སྤྱོད་བྱེད་མི་བདེ་བའི་སྡེ་ཁུལ་དུ་སོང་ཏེ་དམངས་ལ་སྟབས་བདེ་དང་ཕན་པ་དངོས་སྐྲུན་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
        ཅང་ཤིའི་ནན་ཁྲང་ཧུང་གུ་ཐན་ཁུལ་གྱི་སྲིད་འཛིན་ཞིབ་མཆན་ལྟེ་གནས་སུ། དམིགས་བསལ་གྱི་ཆེད་གཉེར་སྒེའུ་ཁུང་ཞིག་ཡོད་པ་དང་། དེའི་མིང་ལ་མི་སྒྲུབ་བྱ་བ་མེད་པའི་ཆེད་དོན་སྒེའུ་ཁུང་ཞེས་ཟེར། སྒེའུ་ཁུང་དེ་བཙུགས་ཚུན། ཁེ་ལས་ལ་སྲིད་འཛིན་ཞིབ་མཆན་འགོད་པའི་བརྒྱུད་ཁྲོད་དུ་འཕྲད་པའི་དོགས་གནད་ཆེ་བའི་གནད་དོན་འདྲ་མིན་13ཐག་གཅོད་བྱས་པ་དང་། སྲིད་གཞུང་གི་ཞིབ་མཆན་འགོད་པའི་ཞབས་ཞུ་དང་ལས་ཆོད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་དང་ལེགས་བཅོས་བྱས་ཡོད་པ་རེད།


  • ལེ་ཚན་སྔོན་མ།:རྐང་ཐང་དུ་ཡུལ་སྐོར་འགྲོ་ས་དར་རྩེ་མདོའི་བུམ་པ་གཡུ་མཚོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།