ཞིང་བ་ཆུང་ཆུང་།

མགོན་པོ་ཚེ་རིང་།        2021-08-04

   ཆར་བ་ཤག་ཤག་ཏུ་བབས་བྱུང་། ངས་གློ་བུར་དུ་ང་རང་ཆུང་དུས་ཀྱི་བྱ་བ་དེ་དག་ཡིད་ལ་ཝ་ལེར་དྲན་བྱུང་།

   དཔྱིད་འགོ་ཚུགས་པའི་ཉིན་ཞིག་ལ་སོ་ནམ་པ་དག་གིས་མཛོ་ལ་གཉའ་སྒ་བརྒྱབས་ཤིང་ལག་གཡས་སུ་ཐོང་བཟུང་ནས་གཡོན་དུ་རྟ་ལྕག་ཅིག་བཟུང་ནས་ཞིང་རྨོ་བཞིན་ཡོད། དེའི་མཐའ་རུ་བྱིས་པ་རྣམས་ཀྱི་རྡོ་མང་པོ་ཞིག་ཁྱེར་ནས་ཡོང་ཏེ་རྡོ་འབེན་བཞག་ཏུ་དེར་སུས་ཕོག་ན་དེ་ལ་བུ་རམ་གཅིག་གི་བྱ་དགའ་ཡོད་པ་སོགས་བྱས་ཏེ་འགྲན་པ་ཡིན། དུས་དེ་ནི་ཨ་ཕས་ཞིང་རྨོ་བཞིན་པའི་སྐབས་ཤིག་རེད། ང་དང་ཨ་མ་གཉིས་ཁྱིམ་དུ་སོང་ནས་འོ་ཇ་དེམ་གང་དང་ཟ་རྒྱུ་འགའ་ཁྱེར་ནས་འགྲོ་བཞིན་ཡོད་པའི་སྐབས་དེར། ངས་དེ་དག་རྩེད་འཇོར་རོལ་བར་ཧད་ནས་ལམ་ལ་མ་བལྟས་པར་ཇ་དེམ་དེ་རྡོ་ལ་ཕོག་ནས་ཇ་དེམ་ཆག་ཅིང་ཇ་ཚང་མ་ཕྱི་ལ་ཟགས། སྐབས་དེར། ཨ་ཕས་ང་ལ་བལྟས་ཏེ་དགོད་བཞིན་འདུག

   ངས་ཨ་ཕ་ལ་ངས་ཞིང་རྨོ་རྒྱུ་ཡིན་ཞེས་ཟེར། ཨ་ཕས་ང་ལ་ལྟ་བཞིན་མཛོ་རྒན་གྱིས་ཁྱོད་ལ་ལྟ་བཞིན་འདུག ཁྱོད་ཀྱིས་ད་རུང་བཤད་ན་མཛོ་རྒན་གྱིས་ཁྱོད་དེད་ནས་ཡོང་རྒྱུ་རེད་ཟེར། དེའི་རྗེས་སུ་ང་རང་སྐྲག་ནས་ཁ་རོག་ཀེར་བསྡད་པ་ཡིན།དམའ་གཅིག་པཞི་པ།


  • ལེ་ཚན་སྔོན་མ།:གཉིད་ཡེར་བའི་མཚན་མོ།
  • ལེ་ཚན་རྗེས་མ།:བརྗེད་དཀའ་བའི་དོན་དག་ཅིག