༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

        2021-08-03

   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ། མིག་སྔའི་དཔལ་འབྱོར་གྱི་དུས་བབ་དང་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ།

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་30ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
   ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདི་ལོ་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། གཞི་ཆེའི་སྲིད་ཇུས་ལག་བསྟར་ནུས་ལྡན་བྱེད་པ། དཔལ་འབྱོར་རྒྱུན་མཐུད་བརྟན་པོའི་ངང་སླར་གསོ་དང་བརྟན་ཐོག་ཡར་འཕེལ་ཡོང་བ་བྱེད་པ། ཚན་རྩལ་རང་ཚུགས་རང་འབད་ལ་སྐུལ་འདེད་ཧུར་ཐག་གཏོང་བ། སྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས། དམངས་འཚོ་འགན་ལེན་ནུས་ལྡན་བྱུང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་རབ་དང་རིམ་པ་བདེ་བླག་ངང་སྤེལ་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཏེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ་དངོས་སུ་ཁྱབ་བསྒྲགས་བྱས་ཡོད།
   ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་གོ་ལ་ཧྲིལ་པོར་རིམས་ནད་སྔར་བཞིན་རྒྱུན་མཐུད་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་། ཕྱི་རོལ་གྱི་ཁོར་ཡུག་དེ་བས་རྙོག་འཛིང་དང་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ། རྒྱལ་ནང་གི་དཔལ་འབྱོར་སླར་གསོ་སྔར་བཞིན་བརྟན་པོ་མེད་པ་དང་དོ་སྙོམས་མེད་པ་བཅས་རེད། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། གནད་ལ་འཕིགས་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གཞི་ཆེའི་སྲིད་ཇུས་དུས་འཁོར་བརྒལ་ནས་སྙོམ་སྒྲིག་ཡག་པོ་བྱས་ཏེ་གཞི་ཆེའི་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་ཆོག་པའི་རང་བཞིན་བཅས་རྒྱུན་འཁྱོངས་བྱེད་པ་དང་། འདི་ལོ་དང་སང་ལོའི་གཞི་ཆེའི་སྲིད་ཇུས་འབྲེལ་མཐུད་ལ་སྤྱི་འདོམས་ཡག་པོ་བྱེད་པ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་ཁྱབ་ཁོངས་སུ་རྒྱུན་འཁྱོངས་བཅས་བྱེད་དགོས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་དང་། གཞི་རིམ་གྱི“འགན་སྲུང་གསུམ”གྱི་མཐའ་ཚད་བརྟན་དུ་གཏོང་བ། སྔོན་རྩིས་ནང་གི་མ་འཇོག་དང་ས་གནས་སྲིད་གཞུང་གི་བུན་ལོར་འགྲེམས་སྤེལ་བྱེད་ཚད་ལུགས་མཐུན་ངང་སྟངས་འཛིན་བཅས་བྱས་ཏེ། འདི་ལོའི་ལོ་མཇུག་དང་ཕྱི་ལོའི་ལོ་འགོར་དངོས་པོའི་ལས་འབོར་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། དངུལ་ལོར་སྲིད་ཇུས་བརྟན་པོ་འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ངེས་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཁེ་ལས་འབྲིང་ཆུང་དང་དཀའ་ངལ་ཡོད་པའི་ལས་རིགས་རྒྱུན་མཐུད་སླར་གསོ་ཡོང་བར་རམ་འདེགས་བྱེད་དགོས། གཞི་ཆེའི་སྲིད་ཇུས་ཀྱི་རང་བདག་རང་བཞིན་ཆེ་རུ་བཏང་ནས་མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་དེ་ལུགས་མཐུན་དང་དོ་སྙོམས་ཀྱི་ཆུ་ཚད་ཐོག་གཞི་རྩའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། སྤོམ་ཆེ་བའི་ཚོང་ཟོག་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་སྒྲུབ་དགོས།
   ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རྒྱལ་ནང་གི་ཁྲོམ་རའི་མངོན་མེད་སྟོབས་ཤུགས་སྔོག་འདོན་བྱས་ནས་ནུས་རྒྱུ་གསར་པའི་རླངས་འཁོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་པ་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་དྲ་ཐོག་ཚོང་དོན་མ་ལག་དང་མྱུར་སྐྱེལ་ཟོག་འགྲེམས་སྡེབ་སྐྱེལ་མ་ལག་གང་མགྱོགས་ཤར་གཏོང་བྱེད་པ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་གཙོ་གནད་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཁེ་ལས་ཀྱིས་ལག་རྩལ་སྒྱུར་བཀོད་ལ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བཅས་བྱེད་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཤུགས་ལ་ཤུགས་སྣོན་རྒྱག་པ་དང་། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། ཉེར་སྤྱོད་ཞིབ་འཇུག་ལ་སྐུལ་འདེད་གཏོང་བ། འཁོར་འབྲེལ་གསབ་པ་དང་འཁོར་འབྲེལ་སྟོབས་ཆེར་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བ། “འཇུར་མིག”གི་དཀའ་གནད་མགྱོགས་མྱུར་ཐག་གཅོད་བཅས་བྱས་ཏེ། ཆེད་ལས་དང་། རྩེ་གྲ ཁྱད་ལྡན། གསར་པ་བཅས་ཀྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་གཏོང་དགོས། སྒྱུར་བཅོས་ཀྱི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྔར་བས་འཕེལ་བ་བྱེད་དགོས། ཆུ་ཚད་མཐོ་བའི་སྒོ་དབྱེ་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
   ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་ལས་དོན་སྤྱི་འདོམས་དང་གོ་རིམ་ལྡན་པའི་ངང་ཡག་པོ་སྒྲུབ་པ་དང་། 2030ལོའི་གོང་གི་ཐཱན་ཚད་མཐོ་ཤོས་ཀྱི་བྱ་སྤྱོད་ཇུས་གཞི་གང་མགྱོགས་འདོན་པ། རྒྱལ་ཡོངས་བསམ་ཇུས་གཅིག་མཐའ་འཁྱོངས་བྱེད་པ། སྒུལ་སྐྱོད་རྣམ་པའི“ཐཱན་ཉུང”ཡོ་བསྲང་བྱེད་པ། སྔོན་འཛུགས་རྗེས་གཏོར་བཅས་བྱས་ཏེ“མཐོ་གཉིས”རྣམ་གྲངས་རྨོངས་ཚོད་ངང་འཕེལ་རྒྱས་གཏོང་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། དབྱར་དུས་ཀྱི་གློག་ཤུགས་སྤྱོད་ཚད་མཐོ་ཤོས་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱེད་པ་དང་། ས་གནས་ཏང་སྲིད་འགོ་ཁྲིད་གཙོ་བོས་འགན་འཁུར་བའི་ནོར་སྲིད་དང་དངུལ་རྩའི་ཉེན་ཁ་ཐག་གཅོད་བྱེད་པའི་ལམ་སྲོལ་དོན་འཁྱོལ་བྱེད་པ། ཁེ་ལས་མངའ་ཁོངས་ཕྱིའི་ཁྲོམ་རར་ཞུགས་པའི་ལྟ་འདོམས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། ཁང་པ་ནི་སྡོད་ས་ཡིན་པ་ལས་ཚོང་ཟོག་མིན་པའི་ངེས་གནས་མཐའ་འཁྱོངས་བྱས་ནས། ས་གོང་དང་། ཁང་གོང་། སྔོན་དཔག་བཅས་བརྟན་པོ་ཡོང་བ་བྱས་ཏེ་ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། བོགས་གཏོང་སྡོད་ཁང་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་ས་ཆ་སྤྱོད་པ་དང་ཁྲལ་བསྡུ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་དགོས།
    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དམངས་འཚོ་འགན་ལེན་དང་བདེ་འཇགས་ཐོན་སྐྱེད་ཡག་པོ་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཞབས་ཞུར་ཤུགས་སྣོན་རྒྱག་པ། ཞིང་པ་ལས་མི་ཕྱིར་བསྐྱོད་ནས་ལས་ཞུགས་བྱེད་པའི་ཐབས་ལམ་ཤར་གཏོང་བྱེད་པ། བབ་བསྟུན་ལས་ཞུགས་བྱེད་མཁན་ངལ་རྩོལ་པའི་ཁེ་དབང་འགན་ལེན་བྱེད་པ་བཅས་བྱེད་དགོས། གཞི་རྩའི་རྒན་གསོ་འགན་བཅོལ་རྒྱལ་ཡོངས་སྤྱི་འདོམས་བྱེད་པར་སྐུལ་འདེད་གཏོང་བ་དང“ཕྲུ་གུ་གསུམ”སྐྱེ་བའི་སྲིད་ཇུས་དོན་འཁྱོལ་བྱས་ནས་བུ་བཙའ་དང་། གསོ་སྐྱོང་། སློབ་གསོ་སོགས་ཀྱི་ལེ་ལག་ཚང་བའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས། སྟོན་འབྲུ་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ནས་བཟའ་འབྲུའི་བདེ་འཇགས་འགན་ལེན་དང་ཕག་པ་གསོ་ཚགས་བརྟན་པོ་ཡོང་བ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་དང་སྤྱི་པའི་བདེ་འཇགས་ཀྱི་རྩ་བ་དེ་དམ་པོར་བཟུང་ནས་འབྲུབ་འགོག་གེགས་སེལ་གྱི་བྱེད་ཐབས་ཁག་ལ་དམ་འཛིན་ཞིབ་ཚགས་དང་དམ་འཛིན་ཏན་ཏིག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས།


  • ལེ་ཚན་སྔོན་མ།:གཟོབས། ཁྲེང་ཏུའུ་ལ་ཏོག་གསར་གློ་རིམས་ཀྱི་ནད་པ་གསུམ་བྱུང་འདུག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།