ནོར་བུས་བསྒྱུར། 2021-08-02
སྤྱི་ཟླ7པའི་ཚེས31ཉིན་གྱི་ཕྱི་དྲོར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་ཏོག་གསར་གློ་རིམས་ལ་ཁ་གཏད་གཅོག་པའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་བཀོད་འདོམས་མགོ་དཔོན་ཞའོ་ཡིའུ་ཚའེ་ཡིས་བཀོད་འདོམས་པུའུ་ཡི་ཚོགས་འདུ་ཐེངས52པ་གཙོ་སྐྱོང་གནང་ནས་ཞིང་ཆེན་དང་ཁུལ་ཡི་བཀོད་སྒྲིག་བླང་བྱ་ཁག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་དང་། མི་འདང་སར་ཞིབ་བཤེར་ལེགས་བཅོས་བྱས་ནས“ཕྱི་ནས་མཆེད་པ་དང་ནང་ནས་བསྐྱར་དུ་ལོག་པ་ནན་འགོག་”གི་རིམས་ནད་འགོག་སྲུང་བརྟན་པོ་གཏང་དགོས་པར་ནན་གསུང་གནང་བ་རེད།
ཚོགས་འདུའི་ཐོག་རིམ་པ་ཁག་གི་སྡེ་ཚན་སོ་སོས་ངེས་པར་དུ་ལས་ཀའི་སྤྱོད་ཚུལ་ལེགས་པོའི་སྒོས་རིམས་ནད་འགོག་ཟོན་གྱི་བྱ་ཐབས་ལ་དམ་འཛིན་དང་ཞིབ་ཕྲ་བྱ་དགོས་ཏེ།
▲གནམ་གྲུ་ཐང་དང་རླངས་འཁོར་ས་ཚུགས། མགྲོན་ཁང་། ཟས་ཁང་། ཚོང་ཁང་སོགས་གཙོ་གནད་གནས་ཡུལ་དུ་འགོག་ཟོན་བྱ་རྒྱུ་གཙོ་བོར་བཞག་ནས་སྔོན་འགོག་ཚོད་འཛིན་བྱ་ཐབས་དེ་ལས་ཀའི་ཚན་པ་ཆུང་ཤོས་སུ་དོན་འཁྱོལ་མཐའ་གཅིག་ཏུ་བྱ་དགོས།
▲གནམ་གྲུ་འབབ་ཐང་གསུམ་གས“དམིགས་འཛུགས་བཞི”དང་།“གཏན་འཇགས་བཞི”“གཅིག་སྡུད་གཉིས”བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། གནས་ཁུལ་དང་རིགས་དབྱེའི་སྒོས་དོ་དམ་ལས་སྒྲུབ་མི་སྣ་ཚད་ལྡན་དང་། ཁྱོན་ཡོངས་ནས་དུག་སེལ་ཐེངས་གྲངས་མང་དུ་གཏོང་བ་དང་། ཕན་ཚུན་འདྲེས་ནས་རེད་པ་འགོག་ཟོན་ནན་པོ་བྱ་དགོས།
▲ཟོག་འདྲེན་མྱུར་སྐྱེལ་དང་ཕྱིར་ཚོང་སྡེབ་སྐྱེལ་སོགས་མང་ཚོགས་ལ་ཐད་ཀར་ཞབས་འདེགས་ཞུ་བའི་ལས་གནས་སུ་ཡོད་པའི་ཉེན་ཁའི་ཆད་ལུས་ཡོད་ས་ནུས་ཤུགས་ཡོད་རྒུས་འཚོལ་ཞིབ་བྱས་ཏེ་རིགས་དབྱེ་ནས་འགོག་ཟོན་བྱེད་ཐབས་དོན་འཁྱོལ་བྱ་དགོས།
▲གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་བྱེད་པ་དང་ལས་དོན་རུ་ཁག། གྲོང་ཚོ་དང་ཚོ་ཆུང་གི་ལས་བྱེད་པས་ངེས་པར་དུ་འགན་འཁྲི་འཁུར་ནས་མང་ཚོགས་ལ་རིམས་འགོག་སྨན་ཁབ་རྒྱག་པར་སྐུལ་སློང་བྱ་དགོས་ལ། རྒྱག་དགོས་ཚད་ལ་རྒྱག་ཐུབ་པར་བྱ་དགོས།
▲ལྟ་སྐུལ་མཛུབ་སྟོན་བྱ་རྒྱུར་ཤུགས་བསྣན་ནས“གྲོས་མགོ་གཉིས་དང་ཡི་གེ་གཅིག”སོགས་ཀྱི་ལམ་ལུགས་སྤྱད་དེ་འགོག་ཟོན་གྱི་བྱ་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་འབྲེལ་ཕན་འབྲས་ཆེན་པོ་ཐོན་རྒྱུར་སྐུལ་འདེད་གཏང་དགོས།
དར་མདོར་ཡོད་པའི་བཀོད་འདོམས་མགོ་དཔོན་གཞོན་པ་དང་། ཁུལ་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཆེ་གཞོན་པ། བཀོད་འདོམས་པུའུ་ཡི་ཁོངས་མིའི་ཚན་པ་དང་འབྲེལ་ཡོད་གཙོ་གནད་ཁེ་ལས་ཀྱི་འགན་འཁུར་བ་གཙོ་བོ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10