རང་ཁུལ་གྱིས་ཏོག་གསར་གློ་རིམས་སྐོར་གྱི་སྤྱི་བསྒྲགས་ཨང14པ་བཏང་།

ཐུབ་ཀྱིས་བསྒྱུར།        2021-08-02

   སྤྱི་ཟླ7ཚེས31ཉིན་ལ་དཀར་མཛེས་ཁུལ་གྱི་ཏོག་གསར་གློ་རིམས་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡིས་དཀར་མཛེས་ཁུལ་གྱི་ཏོག་གསར་གློ་རིམས་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་སྤྱི་བསྒྲགས་ཨང14པ་བརྡ་ཁྱབ་བྱས་པ་གཤམ་གསལ།


དཀར་མཛེས་ཁུལ་གྱི་ཏོག་གསར་གློ་རིམས་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།

 རིམས་ཚུལ་འགོག་ཟོན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཕྱི་ནས་མཆེད་པ་དང་ནང་ནས་བསྐྱར་དུ་ལོག་པ་ནན་དུ་འགོག་པའི་རིམས་ཚུལ་འགོག་ར་སྲ་ཞིང་བརྟན་པ་བཟོས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་དང་ལུས་པོ་བདེ་ཐང་ཡོང་བའི་ཆེད་དུ། རང་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་ཟུང་དུ་སྦྲེལ་ཏེ་ད་ཆའི་རིམས་ཚུལ་འགོག་ཟོན་ལས་དོན་ལ་ཤུགས་རྒྱག་པའི་སྐོར་གྱི་འབྲེལ་ཡོད་དོན་ཚན་སྤྱི་ཁྱབ་བྱས་པ་གཤམ་གསལ།

གཅིག། ཕྱི་རྒྱལ་དུ་འགྲུལ་སྡོད་བྱས་མྱོང་བའི་མི་སྣ་ཁུལ་དུ་འགྲོ་འོང་བྱེད་ཚེ། ངེས་པར་དུ“14+7+7”གྱི་བདེ་ཐང་དོ་དམ་བྱ་ཐབས་དང་ལེན་བྱ་དགོས་པ་སྟེ། རྒྱལ་མཚམས་ཀྱི་འགག་སྒོ་རུ་གཅིག་བསྡུས་ཀྱིས་ལོགས་བཀར་ཉིན14བྱས་རྗེས་དམིགས་སའི་བཀོད་འདོམས་པུའུ་ཡིས་ཆེད་མི་དང་ཆེད་འཁོར་མངགས་ནས་ཕྱི་རོལ་དང་འབྲེལ་འདྲིས་མེད་པར་བསུ་སྐྱེལ་བྱས་ཏེ་ཉིན7ལ་གཅིག་བསྡུས་ཀྱིས་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་པ་དང་། དེ་ནས་ཡང་ཉིན7རིང་ལ་ཁྱིམ་དུ་བསྡད་ནས་བདེ་ཐང་བརྟག་ཞིབ་བྱ་དགོས།

གཉིས། ཉེན་ཁ་ཆེ་འབྲིང་ས་ཁུལ་དུ་འགྲུལ་སྡོད་བྱས་མྱོང་བ་དང་འགྲོ་མྱོང་བའི་མི་སྣ་རྣམས་ཁུལ་དུ་འགྲོ་འོང་བྱེད་པའི་ཚེ། ངེས་པར་དུ་མ་བསྐུལ་དང་ལེན་གྱིས་འགྲོ་སའི་ས་གནས་སམ་དེ་གའི་སྤྱི་ཁུལ(གྲོང་སྡེའི་ཚོ་ཆུང་། སྡེ་ཚན)དང་ས་གནས་དེ་གའི་རིམས་ནད་འགོག་ཟོན་སྡེ་ཚན་ལ་སྙན་སེང་ཞུ་བ་དང་ཆབས་ཅིག། ནད་རམས་རིག་པའི་བརྟག་དཔྱད་ཁུངས་འདེད་དང་ཉིང་སྐྱུར་བཤེར་འཇལ་བྱེད་པར་རམ་འདེགས་བྱ་དགོས། ཉིན14རིང་ཁྱིམ་སྡོད་ལོགས་བཀར་དང་ལེན་ཞུ་དགོས་ལ། ཁྱིམ་སྡོད་ལོགས་བཀར་གྱི་ཆ་རྐྱེན་མི་འཛོམས་ན་གཅིག་བསྡུས་ཀྱིས་ལོགས་བཀར་བྱ་དགོས།

གསུམ། རིམས་ཚུལ་བྱུང་བའི་རྫོང(གྲོང་ཁྱེར། ཆུས།)(ཉེན་ཁ་ཆེ་འབྲིང་གི་ས་ཁུལ་དབྱེ་འབྱེད་བྱས་མེད་པའི་ས་ཁུལ)དུ་འགྲུལ་སྡོད་དང་འགྲོ་སྡོད་བྱས་མྱོང་བའི་མི་སྣ་རྣམས་ཁུལ་དུ་འགྲོ་འོང་བྱེད་པ་ཡིན་ན། ངེས་པར་དུ་མ་བསྐུལ་དང་ལེན་གྱིས་འགྲོ་སའི་ས་གནས་སམ་དེ་གའི་སྤྱི་ཁུལ(གྲོང་སྡེའི་ཚོ་ཆུང་། སྡེ་ཚན)དང་ས་གནས་དེ་གའི་རིམས་ནད་འགོག་ཟོན་སྡེ་ཚན་ལ་སྙན་སེང་ཞུ་བ་དང་ཆབས་ཅིག། ཆུ་ཚོད48ནང་གི་ཉིང་སྐྱུར་བཤེར་འཇལ་ལས་ནད་དུག་མེད་པའི་སྙན་སེང་མཁོ་འདོན་བྱ་དགོས་ཤིང་། མཁོ་འདོན་བྱེད་མི་ཐུབ་མཁན་གྱིས་དེ་མ་ཐག་ཉེ་སར་ཉིང་སྐྱུར་བཤེར་འཇལ་བྱ་དགོས། བཤེར་འཇལ་གྱི་མཇུག་འབྲས་ལ་ནད་དུག་མེད་པ་ཡིན་ན། སྤྱི་ཁུལ་གྱི་དོ་དམ་ནང་ཁོངས་སུ་གཞག་དགོས་པ་དང་། རིམས་ཚུལ་བྱུང་ས་ནས་ཐོན་རྗེས་ཀྱི་ཉིན14ཡི་བར་བདེ་ཐང་ལྟ་ཞིབ་ཚད་ལེན་བྱ་དགོས།

བཞི། ཏོག་གསར་ནད་པ་དང་ནད་རྟགས་མེད་པའི་ནད་དུག་འགོས་ཡོད་མཁན་དང་། དེ་བཞིན་དེ་དག་དང་ཉེ་སར་ཐུག་མཁན་བཅས་ཀྱིས་བྱེད་སྒོ་སྤེལ་ཤུལ་དུ་འདུ་འབྲེལ་ཡོད་པའི་མི་སྣ་རྣམས་ཁུལ་དུ་འགྲོ་འོང་བྱེད་པའི་ཚེ། ངེས་པར་དུ་མ་བསྐུལ་དང་ལེན་གྱིས་འགྲོ་སའི་ས་གནས་སམ་དེ་གའི་སྤྱི་ཁུལ།(གྲོང་སྡེའི་ཚོ་ཆུང་།སྡེ་ཚན)ས་གནས་དེ་གའི་རིམས་ནད་འགོག་ཟོན་སྡེ་ཚན་ལ་སྙན་སེང་ཞུ་བ་དང་ཆབས་ཅིག། ནད་རིམས་རིག་པའི་བརྟག་དཔྱད་ཁུངས་འདེད་དང་ཉིང་སྐྱུར་བཤེར་འཇལ་བྱེད་པར་རམ་འདེགས་བྱ་དགོས།ཉིན14རིང་ཁྱིམ་སྡོད་ལོགས་བཀར་དང་ལེན་ཞུ་དགོས་ལ། ཁྱིམ་སྡོད་ལོགས་བཀར་གྱི་ཆ་རྐྱེན་མི་འཛོམས་ན་གཅིག་བསྡུས་ཀྱིས་ལོགས་བཀར་བྱ་དགོས།

ལྔ། ཁུལ་དུ་འགྲོ་འོང་བྱེད་མཁན་མི་སྣ་ཚང་མས་སི་ཁྲོན་ཐེན་ཧྥུ་བདེ་ཐང་བརྒྱུད་འཕྲིན་ཕབ་ནས་སྤྱི་པའི་མི་མང་འཛོམས་སར(རླངས་འཁོར་བབས་ཚུགས་དང་། གནམ་ཐང་། མགྲོན་ཁང་། ཡུལ་མིའི་གནས་ཚང་། ལྗོངས་ཁུལ་དང་ལྗོངས་གནས། ཞིང་ཚོང་ཁྲོམ་ར། ཚོང་ར་དང་སྒོ་རྩིས་ཚོང་ཁང་། བཟའ་བཏུང་བྱེད་ས། གློག་བརྙན་ཁང་དང་དྲྭ་ཁང་། རིག་རྩལ་སྤེལ་ར།  རོལ་རྩེད་བྱེད་ས།  ཚོང་ཁང་དང་ལས་ཁང་། སློབ་གྲྭ། སྨན་བཅོས་ལས་ཁུངས། ལས་ཁུངས་དང་ཁེ་ལས་དོན་ལས་སྡེ་ཚན།སྲིད་དོན་ཞབས་ཞུ་བྱེད་ས། རྒན་གསོ་ཕན་བདེ་ལས་ཁུངས། དངུལ་ཁང་གི་ཉེན་སྐྱོབ་ཞབས་ཞུའི་ལས་ཁུངས། སྤྱི་ཁུལ། སྡེ་ཁུལ། གྲོང་སྡེའི་ཚོ་ཆུང་། དགོན་སྡེ་སོགས།)འགྲོ་འོང་བྱེད་དུས་བེད་སྤྱད་བྱ་དགོས་པ་དང་། སྤྱི་པའི་འགྲིམ་འགྲུལ་ཡོ་བྱད(གནམ་གྲུ། འགྲུལ་འཁོར། གླ་འཁོར། སྤྱི་འགྲུལ་རླངས་འཁོར། དྲྭ་མོལ་རླངས་འཁོར་སོགས)དུ་སྡོད་དུས་ལ་ཚང་མས་ངེས་པར་དུ་ཁ་ཤུབས་རྒྱག་པ་དང་། སི་ཁྲོན་ཐེན་ཧྥུ་བདེ་ཐང་བརྒྱུད་འཕྲིན་གྱི་གནས་ཡུལ་ཚད་གཉིས་ཨང་རྟགས་བཤེར་འབེབས་བྱ་དགོས་ལ། དམར་རྟགས་བྱུང་ན་ནན་འགོག་དང་སེར་རྟགས་བྱུང་ན་བཀག་འགོག། ལྗང་རྟགས་བྱུང་ན་འགྲོ་ཆོག་པ་ལྟར་ལག་ལེན་བྱ་དགོས། དམར་རྟགས་བྱུང་བའི་མི་སྣ་མཐོང་དུས་ངེས་པར་དུ་དེ་ལ་འགོག་སྲུང་ཡག་པོ་བྱེད་ཅིང་འགྲོ་སྐྱོད་བཀག་པ་དང་། ས་དེ་གར་ལོགས་སུ་བཀར་ནས་བརྟག་དཔྱད་བྱ་དགོས་པར་མ་ཟད། དེ་མ་ཐག་དེར་ཡོད་སྤྱི་ཁུལ་དང་རིམས་ནད་འགོག་ཟོན་སྡེ་ཚན་ལ་སྙན་སེང་ཞུས་ནས་གནས་གཞན་དུ་སྤོས་ཏེ་དོ་དམ་བྱ་རྒྱུར་བསྒུག་དགོས། སྤྱི་ཁུལ་དང་རིམས་ནད་འགོག་ཟོན་སྡེ་ཚན་གྱིས་སྙན་སེང་འབྱོར་མ་ཐག་ཁོངས་གཏོགས་བཀོད་འདོམས་པུའུ་ལ་སྙན་སེང་ཞུ་དགོས།བཀོད་འདོམས་པུའུ་ཡིས་དེ་མ་ཐག་ཐག་ཉེ་སའི་གཅིག་བསྡུས་ལོགས་བཀར་བྱེད་སར་བསྐྱལ་བའི་བཀོད་སྒྲིག་བྱེད་པ་དང་འབྲེལ།ཉིང་སྐྱུར་བཤེར་འཇལ་དང་སྨན་རིག་གིས་ཚགས་བཤེར། ནད་རམས་རིག་པས་བརྟག་དཔྱད་ཁུངས་འདེད་བཅས་ཀྱི་བདེ་ཐང་དོ་དམ་བྱ་དགོས། སེར་རྟགས་བྱུང་བའི་མི་སྣ་མཐོང་དུས། དེར་འགོག་སྲུང་ཡག་པོ་བྱེད་པ་དང་། ས་དེ་གར་བསྡད་ནས་བརྟག་དཔྱད་བྱེད་ཅིང་འགྲོ་སྐྱོད་བཀག་པར་མ་ཟད། དེ་མ་ཐག་དེར་ཡོད་སྤྱི་ཁུལ་དང་རིམས་ནད་འགོག་ཟོན་སྡེ་ཚན་ལ་སྙན་སེང་ཞུས་ནས་གནས་གཞན་དུ་སྤོས་ཏེ་དོ་དམ་བྱ་རྒྱུར་བསྒུག་དགོས། སྤྱི་ཁུལ་དང་རིམས་ནད་འགོག་ཟོན་སྡེ་ཚན་གྱིས་སྙན་སེང་འབྱོར་མ་ཐག་དེ་ལ་ཉིང་སྐྱུར་བཤེར་འཇལ་དང་ཚགས་བཤེར་དོ་དམ། བདེ་ཐང་ལྟ་ཞིབ་ཚད་ལེན་བཅས་བྱ་དགོས།

དྲུག། སྤྱི་པའི་མི་མང་འཛོམས་ས་ཚང་མ་ལ་ངེས་པར་དུ་གཙང་སྦྲ་དང་དུག་སེལ། མཁའ་དབུགས་ཡངས་པ།ལས་སྒྲུབ་མི་སྣར་བདེ་ཐང་ལྟ་ཞིབ་ཚད་ལེན་བཅས་ཀྱི་བྱེད་ཐབས་ལག་ལེན་བྱ་དགོས།དེར་ཞུགས་མི་སྣ་ཚང་མ་ལ་ལུས་དྲོད་འཇལ་བ་དང་། ཚད་གཉིས་ཨང་རྟགས་སྟོན་པ་དང་བཤེར་འབེབས། འབྲེལ་འདྲིས་བར་ཐག་སྲུང་འཛིན་བཅས་བྱ་དགོས། ཕྱིར་འཚོང་དང་སྦྲག་སྲིད། མྱུར་སྐྱེལ།གཙང་སྦྲ། སྒོ་རྩིས་ཚོང་ཁང་། སྤྱི་པའི་འགྲིམ་འགྲུལ། མགྲོན་ཁང་དང་ཟ་ཁང་། ཞིང་ཚོང་ཁྲོམ་ར་སོགས་ཀྱི་ལས་གཉེར་མི་སྣས་ངེས་པར་དུ་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱ་དགོས་ཤིང་། སྔ་ཕྱི་དྲོར་ལུས་དྲོད་འཇལ་བ་སོགས་བདེ་ཐང་ལྟ་ཞིབ་ཚད་ལེན་ཉིན་རེའི་སྙན་སེང་ལམ་ལུགས་ལག་ལེན་བྱ་དགོས།

བདུན། ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་མང་ཚོགས་རང་བཞིན་གྱི་དགའ་སྟོན་རྟེན་འབྲེལ་དང་འདུ་ཚོགས་རང་བཞིན་གྱི་ཆོས་ལུགས་བྱེད་སྒོ། དམངས་སྲོལ་བྱེད་སྒོ། འགྲེམས་སྟོན་དང་འགྲེམས་འཚོང་བཅས་ཀྱི་བྱེད་སྒོ་གནས་སྐབས་མཚམས་འཇོག་བྱ་དགོས། ར་བའི་གསོལ་སྟོན་མི་གཉེར་བ་དང་། ཁྱིམ་ཚང་གི་གསོལ་སྟོན་ལ་མི10ལས་མི་བརྒལ་བ། གཉེན་སྟོན་ཕྱིར་འགྱངས་དང་། འདས་མཆོད་སྟབས་བདེར་བཟོ་བ། གསོལ་མགྲོན་མི་གཉེར་པ་བཅས་དར་སྤེལ་གཏང་དགོས།

བརྒྱད། རིམ་ཁག་ཏང་སྲིད་ལས་ཁུངས་དང་ཁེ་ལས་དོན་ལས་སྡེ་ཚན་གྱིས་ངེས་པར་དུ་ཚོགས་འདུ་ཆེ་གྲས་དང་བྱེད་སྒོ་ཆེ་གྲས་ལ་ཚོད་འཛིན་ནན་པོ་བྱས་ཏེ། གཞི་ཁྱོན་ཆེ་བའི་དྲྭ་ཕྱིའི་ཚོགས་འདུ་དང་། གསོ་སྦྱོང་། བགྲོ་གླེང་། གླེང་སྟེགས། ལུས་རྩལ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་མི་འཚོག་པ་དང་མི་གཉེར་བ། སྒྲིག་འཛུགས་མི་བྱེད་པ་བཅས་བྱ་དགོས།

དགུ། གྲོང་སྡེའི་འཕྲོད་བསྟེན་ཁང་དང་སྤྱི་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ས་ཚུགས། སྒེར་གཉེར་སྨན་ཁང་དང་སྒོ་བསྟེན་ཁང་བཅས་ཀྱིས་ཚ་བ་རྒྱག་པ་དང་སྐམ་ལུ་བྱེད་པ། ཤུགས་མེད་པ། གྲེ་བ་ཚ་བ། སྣ་དབང་དང་ལྕེ་དབང་ཉམས་པ་སོགས་ཏོག་གསར་གློ་རིམས་དང་འབྲེལ་བའི་ནད་རྟགས་ཐོན་པའི་ནད་པར་བརྟག་བཅོས་བྱེད་མི་ཆོག། གོང་གི་ནད་རྟགས་ཡོད་པའི་ནད་པ་མཐོང་དུས། ངེས་པར་དུ་དེ་མ་ཐག་ས་དེ་གར་བསྡད་དུ་བཅུག་ནས་བརྟག་དཔྱད་བྱེད་པ་དང་། ཡུལ་ཤོག་དང་གྲོང་རྡལ་འཕྲོད་བསྟེན་ཁང་དང་སྤྱི་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ལ་སྙན་སེང་ཞུ་བ་དང་། ནད་ཡམས་རིག་པའི་བརྟག་འདྲི་དང་ནད་པའི་གཞི་རྩའི་ཆ་འཕྲིན་ཐོ་འགོད་བྱ་དགོས། ནད་ཡམས་རིག་པའི་བརྟག་འབྲས་ཡོད་མཁན་ཡིན་ན། ཁོངས་གཏོགས་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་ལས་ཁུངས་དང་མྱུར་སྐྱོབ་རླངས་འཁོར120དམིགས་འཛུགས་བྱས་ཏེ་ཕྱི་རོལ་དང་འབྲེལ་འདྲིས་མེད་པར་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་བསྐྱལ་ནས་བརྟག་བཅོས་བྱ་དགོས།

བཅུ། ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ངེས་པར་དུ་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱ་དགོས།ཁ་ཤུབས་རྒྱག་པ་དང་།  ལག་པ་རྒྱུན་དུ་འཁྲུ་བ། མཁའ་རླུང་ཡངས་པོར་བཟོ་བ། འབྲེལ་འདྲིས་བར་ཐག་སྨི་གཅིག་བཞག་པ།  སྤྱི་སྤྱོད་ཐུར་མ་སྤྱོད་པ། རུབ་རུབ་མི་རྒྱག་པ། འདུ་འཛོམས་མི་བྱེད་པ་སོགས་ཀྱི་གོམས་གཤིས་བཟང་པོ་ཆགས་པར་བྱ་དགོས། རྒྱལ་གཅེས་འཕྲོད་བསྟེན་བྱ་འགུལ་ཁྲོད་དུ་ཧུར་ཐག་གིས་ཞུགས་དགོས། གལ་ཏེ་ལུ་བ་རྒྱག་པ་དང་ཚ་བ་རྒྱས་པའི་ནད་རྟགས་བྱུང་བ་ན། དུས་ཐོག་ཏུ་ཉེ་སའི་དམིགས་འཛུགས་སྨན་ཁང་གི་ཚ་རྒྱས་སྒོ་བསྟེན་སྨན་ཁང་ངམ་སོ་ཚུགས་བརྟག་བཅོས་ཁང་དུ་བསྐྱོད་ནས་སྨན་བཅོས་བྱ་དགོས།

བཅུ་གཅིག། ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་ཐོག་ཏུ་དབང་གྲགས་ལས་ཁུངས་ཀྱིས་སྤེལ་བའི་ཉེན་ཁ་ཆེ་འབྲིང་ས་ཁུལ་ལེགས་སྒྲིག་བྱས་པའི་ཆ་འཕྲིན་ལ་དོ་ཁུར་བྱ་དགོས་ཤིང་། ཉེན་ཁ་ཆེ་འབྲིང་ས་ཁུལ་དུ་ཡུལ་སྐོར་དང་ཉེ་འཕྲོད།གཞུང་དོན་སྒྲུབ་པ་བཅས་བྱེད་སར་འགྲོ་རྒྱུ་མེད། ཏོག་གསར་གློ་རིམས་ཕོག་པ་དང་ནད་རྟགས་མེད་པའི་ནད་དུག་འགོས་ཡོད་པ་སྙན་སེང་ཞུས་པའི་ས་ཁུལ་དུ་གནས་སྐབས་འགྲོ་རྒྱུ་མེད།

བཅུ་གཉིས། ཁུལ་ཡོངས་ཀྱི་ལོ12ཡན་གྱི་མི་ཚོགས་ལ་ཏོག་གསར་གློ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་རྒྱུ་ཡིན་ལ། ཆ་རྐྱེན་འཛོམས་པ་དང་ཏོག་གསར་གློ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་མེད་མཁན་ཚོས་མ་བསྐུལ་དང་ལེན་གྱིས་སྔ་ཚེ་ནས་རྒྱག་སར་འགྲོ་དགོས།

བཅུ་གསུམ། རང་ཁུལ་བརྒྱུད་ནས་གཞན་ཡུལ་དུ་འགྲོ་མཁན་གྱིས་དུས་ཐོག་ཏུ་འགྲོ་ཡུལ་གྱི་རིམས་ཚུལ་འགོག་ཟོན་གྱི་བླང་བྱར་དོ་ཁུར་བྱེད་རོགས། གལ་ཏེ་ཉིང་སྐྱུར་བཤེར་འཇལ་བྱ་དགོས་ཚེ། འཚང་ཁ་རྒྱག་པ་དང་འགོར་འགྱངས་མི་ལུས་པའི་ཆེད་དུ་ས་གནས་དེ་གའི་ཉེ་སའི་འོས་ཐོབ་ཡོད་པའི་ལས་ཁུངས་སུ་ཕྱིན་ནས་ཉིས་སྐྱུར་བཤེར་འཇལ་བྱེད་ཆོག།

བཅུ་བཞི། རིམས་ཚུལ་འགོག་ཟོན་བྱེད་པར་མི་ཚང་མ་ལ་འགན་འཁྲི་ཡོད།ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ངེས་པར་མ་བསྐུལ་དང་ལེན་གྱིས་རིམ་ཁག་གི་རིམས་ཚུལ་འཚུབ་བསྟུན་བཀོད་འདོམས་པུའུ་ལ་རམ་འདེགས་བྱས་ཏེ་འགོག་ཟོན་བྱེད་ཐབས་ཁག་དོན་ཐོག་ནན་འཁྱོལ་བྱ་དགོས། མ་བསྐུལ་དང་ལེན་གྱིས་ཐོ་འགོད་སྙན་སེང་མི་ཞུ་བ་དང་རྐང་བཙུགས་ནས་གནས་ཚུལ་སྦ་གསང་བྱེད་མཁན་ལ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་བྱ་རྒྱུ་ཡིན།

བཅོ་ལྔ། སྤྱི་བསྒྲགས་འདི་པར་འགྲེམས་བྱས་ཉིན་ནས་ལག་བསྟར་བྱ་རྒྱུ།

 

དཀར་མཛེས་ཁུལ་ཏོག་གསར་གློ་རིམས་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་ནས། 

2021ལོའི་ཟླ་བ7ཚེས31ཉིན་ལ། 

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་བཟོ་ལས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:ཁུལ་དཔོན་གྱིས་བཀོད་འདོམས་པུའུ་ཡི་ཚོགས་འདུ་ཐེངས52པ་གཙོ་འགན་གནང་།
  • དོ་སྣང་ཆེ་བའི་རྩོམ།