ཧྲེན་དབྱང་གིས་འཚམས་འདྲི་ཚོགས་པ་ཁྲིད་ནས་རང་ཁུལ་དུ་བཅའ་སྡོད་བྱེད་མཁན་དམག་དཔུང་གི་དཔོན་དམག་ལ་འཚམས་འདྲི་གནང་སྐབས་དམག་དཔུང་དང་ས་གནས་ཀྱི་འཕེལ་རྒྱས་ མཉམ་དུ་འཛིན་དགོས་ཞེས་གསུངས།

བདེ་སྐྱིད་ཀྱིས་བསྒྱུར།        2021-08-04

ཧྲེན་དབྱང་གིས་འཚམས་འདྲི་ཚོགས་པ་ཁྲིད་ནས་རང་ཁུལ་དུ་བཅའ་སྡོད་བྱེད་མཁན་དམག་དཔུང་གི་དཔོན་དམག་ལ་འཚམས་འདྲི་གནང་སྐབས་དམག་དཔུང་དང་ས་གནས་ཀྱི་འཕེལ་རྒྱས་མཉམ་དུ་འཛིན་དགོས

ཧྲེན་དབྱང་གིས་རང་ཁུལ་དུ་བཅའ་སྡོད་བྱེད་མཁན་དམག་དཔུང་གི་དཔོན་དམག་ལ་འཚམས་འདྲི་གནང་།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ94འཁོར་རན་པའི་སྐབས་སུ། སྤྱི་ཟླ7པའི་ཚེས30ཉིན། ཁུལ་ཨུའི་ཧྲུའུ་ཅི། དཀར་མཛེས་ཡན་ལག་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་ཧྲེན་དབྱང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ། ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་བྱང་ཆུབ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧྲུའུ་ཏ་ཁྲུན་སོགས་ཀྱིས་འཚམས་འདྲི་ཚོགས་པ་ཁྲིད་ནས་རང་ཁུལ་དུ་བཅའ་སྡོད་བྱེད་མཁན་དམག་དཔུང་ལ་འཚམས་འདྲི་གནང་བ་རེད། རང་ཁུལ་དུ་བཅའ་སྡོད་བྱེད་མཁན་གྱི་རྒྱ་ཆེ་བའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་གི་དཔོན་དམག དམིགས་བསལ་ཉེན་རྟོག་པའི་འཐབ་འཛིང་པ། མེ་ཟོན་རོགས་སྐྱོབ་དཔུང་སྡེའི་བཀོད་འཐབ་པ། ཡུལ་དམག་གི་གྲ་སྒྲིག་དམག་ཞབས་པ་བཅས་ཀྱི་དམག་ཞབས་ཐིམས་པའི་དམག་མི་དང་དམག་མིའི་སྔོན་གཤེགས་དཔའ་བོའི་ཁྱིམ་མི་བཅས་ལ་དུས་ཆེན་གྱི་འཚམས་འདྲི་གནང་བ་རེད།

ཧྲེན་དབྱང་དང་བཅས་པས་སྔོན་རྗེས་སུ་དྲག་ཆས་ཉེན་རྟོག་དཀར་མཛེས་ཡན་ལག་རུ་ཁག་གཉིས་པའི་སྡོད་གནས་དང་། དཀར་མཛེས་ཡན་ལག་དམག་ཁུལ། སྐམ་དམག་ཁྲོན་བོད་དམག་ཚུགས་པུའུ་ཡི་དཀར་མཛེས་ས་ཚུགས་ཆེན་པོ་སོགས་སུ་ཕེབས་ནས་གཞི་རིམ་དཔུང་སྡེའི་དཔོན་དམག་ལ་འཚམས་འདྲི་གནང་བ་དང་ཚང་མ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ། དཔུང་སྡེའི་ལོ་རྒྱུས་འཕེལ་རིམ་དང་དཔོན་དམག་སྦྱོང་བརྡར་དང་། སློབ་སྦྱོང་། འཚོ་བ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གནང་བ་རེད། དམག་དཔུང་འཛུགས་སྐྱོང་བྱས་ཚུལ་ངོ་སྤྲོད་དང་རྒྱལ་སྲུང་འཛུགས་སྐྱོང་། དམག་དཔུང་དང་ས་གནས་ཀྱི་གཉིས་བཀུར་མཉམ་སྐྲུན་སོགས་ཀྱི་ལས་དོན་སྐོར་གྱི་བསམ་འཆར་དང་གྲོས་མགོར་གསན་འཇོག་གནང་བ་རེད།

ཧྲེན་དབྱང་གིས་ཁུལ་ཨུ་དང་ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་ཚབ་མཛད་ནས་བཅའ་སྡོད་བྱེད་མཁན་དཔུང་སྡེའི་དཔོན་དམག་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུ་བ། ཁོ་ཚོས་དུས་ཡུན་རིང་པོར་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་བྱས་རྗེས་བཞག་པར་སྙིང་ཐག་ནས་ཐུགས་རྗེ་ཆེ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།

བཅའ་སྡོད་བྱེད་མཁན་དཔུང་སྡེའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དུས་ཡུན་རིང་པོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་གཏོང་བའི་དགོངས་པ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་མཐར་ཕྱིན་བྱེད་པ། ཏང་གི་མི་དམངས་དམག་དཔུང་གི་རྩ་བའི་དམིགས་ཡུལ་ལག་བསྟར་ནན་ཏན་བྱེད་པ། དམག་སྲིད་དང་དམག་དམངས་ཀྱི་འབྲེལ་བ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱེད་པར་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་བཤད་པ་རེད།།



  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་ནད་རིམས་བྱུང་ཚུལ་འགོག་ཟོན་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་གནང་།
  • ལེ་ཚན་རྗེས་མ།:དར་རྒྱས་ཡར་འཕེལ་གྱི་འཆར་འགོད་བཟོས་ནས་ཕྱུག་པོར་ཆགས་པའི་ཡུལ་སྡེ་འཛུགས་སྐྱོང་བྱས།
  • དོ་སྣང་ཆེ་བའི་རྩོམ།