རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱིར་སྡོད་གཞུང་ཚབ་ཆེན་མོ་སྐོར་ཞིག་བསྐོ་འཐེན་བྱས།

    ཞིན་ཧྭ་དྲ་བ།    2021-08-05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་ལྟར་གཤམ་གྱི་ཕྱིར་སྡོད་གཞུང་ཚབ་ཆེན་མོ་སྐོར་ཞིག་བསྐོ་འཐེན་བྱ་རྒྱུ་སྟེ། 

གཅིག ཚུའེ་ཐེན་ཁའེ་ཡི་ཨ་རིར་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་ཆེན་མོའི་གོ་གནས་ཕྱིར་འཐེན་བྱས། 

ཆིན་ཀང་ཨ་རིར་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀུན་གྱི་ཆེད་བསྐོས་གཞུང་ཚབ་ཆེན་མོར་བསྐོ་གཞག་བྱས། 

གཉིས། ཀྲུའོ་རུའེ་ཧྲེང་གི་ཅི་པོའུ་ཐི་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་ཆེན་མོའི་གོ་གནས་ཕྱིར་འཐེན་བྱས། 

ཧུའུ་པིན་ཅི་པུའུ་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོ་གཞག་བྱས། 

གསུམ། སུན་ཀུང་དབྱི་ཡི་མོ་རི་ཐིའུ་སིར་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་ཆེན་མོའི་གོ་གནས་ཕྱིར་འཐེན་བྱས། 

ཀྲུའུ་ལི་དབྱིན་མོ་རི་ཐིའུ་སིར་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་ཆེན་མོར་བསྐོ་གཞག་བྱས།

བཞི། ཁྲེན་ཞི་ཡི་ཁུ་པ་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་ཆེན་མོའི་གོ་གནས་ཕྱིར་འཐེན་བྱས། 

མ་ཧུའེ་ཁུ་པ་སྤྱི་མཐུན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་དབང་ཆ་ཆ་ཚང་ཡོད་པའི་གཞུང་ཚབ་ཆེན་མོར་བསྐོ་གཞག་བྱས།  །


  • ལེ་ཚན་སྔོན་མ།:པཎ་ཆེན་རིན་པོ་ཆེས་ཀན་སུའུ་རུ་བརྟག་དཔྱད་ཞིབ་འཇུག་གནང་བ་དང་འབྲེལ་ཆོས་ལུགས་བྱེད་སྒོ་སྤེལ་བ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གི་གསུང་བཤད་གསེར་ནག་མ་བཞུགས་སོ།།
  • དོ་སྣང་ཆེ་བའི་རྩོམ།