རང་རེའི་ཞིང་ཆེན་གྱིས་མེ་གསོད་མི་སྣ340བསྡུ་འཆར་ཡོད།

བདེ་ཆེན་གྱིས་བསྒྱུར།        2021-08-19

    སི་ཁྲོན་ཞིང་ཆེན་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ21ཏུ་མེ་གསོད་རོགས་སྐྱོབ་རུ་ཁག་བཙུགས་པ་དང་། རྫོང་དང་གྲོང་ཁྱེར། ས་ཁོངས་སུ་མེ་གསོད་རོགས་སྐྱོབ་རུ་ཆེན་དང་མེ་གསོད་རོགས་སྐྱོབ་ས་ཚུགས་བཙུགས་ཤིང་། སི་ཁྲོན་ཞིང་ཆེན་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་གིས་ཁྲེང་ཏུའུ་དང་ཕན་ཀྲི་ཧྭ། རྔ་བ་ཁུལ། དཀར་མཛེས་ཁུལ། ལའང་ཧྲན་བཅས་གྲོང་ཁྱེར་དང་ཁུལ5དུ་ཁག་བགོས་ནས་བཅའ་སྡོད་བྱེད་བཞིན་ཡོད།

རང་རེའི་ཞིང་ཆེན་གྱིས་མེ་གསོད་མི་སྣ340བསྡུ་འཆར་ཡོད།

རང་རེའི་ཞིང་ཆེན་གྱིས་མེ་གསོད་མི་སྣ340བསྡུ་འཆར་ཡོད། 

  མིག་སྔར། སི་ཁྲོན་ཞིང་ཆེན2021ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་རུ་ཁག་གིས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་མེ་གསོད་མི་སྣ་བསྡུ་རྒྱུའི་ལས་ཀ་སྤེལ་མགོ་ཚུགས་ཏེ། འཚུབ་བསྟུན་དོ་དམ་པུའུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཆོག་མཆན་སྤྲད་པ་བརྒྱུད། ཐེངས་འདིར་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་རུ་ཁག་གིས2021ལོའི་ལོ་འཁོར་གྱི་སི་ཁྲོན་ཞིང་ཆེན་གྱི་སྐྱེས་པ་མེ་གསོད་མི་སྣ340བསྡུ་རྒྱུ་ཡིན་པ་རེད། དེའི་ནང་སི་ཁྲོན་ཞིང་ཆེན་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མི270བསྡུ་རྒྱུ་དང་སི་ཁྲོན་ཞིང་ཆེན་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་གིས་མི70བསྡུ་རྒྱུ་ཡིན་པ་རེད།

རང་རེའི་ཞིང་ཆེན་གྱིས་མེ་གསོད་མི་སྣ340བསྡུ་འཆར་ཡོད།
རང་རེའི་ཞིང་ཆེན་གྱིས་མེ་གསོད་མི་སྣ340བསྡུ་འཆར་ཡོད།

   བསྡུ་བྱའི་མི་སྣས་སྤྱི་ཟླ8པའི་ཚེས31ཉིན་གྱི་ཆུ་ཚོད18ཀྱི་སྔོན་ལ་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་རུ་ཁག་གི་མེ་གསོད་མི་སྣ་བསྡུ་བའི་དྲྭ་སྟེགསདྲྭ་ཚུགསhttp://xfyzl.119.gov.cn)སུ་ཞུགས་ནས་མི་སྣ་བསྡུ་བའི་ཆ་འཕྲིན་འདྲི་རྩད་དང་མིང་ཐོ་འགོད་དགོས།


  • ལེ་ཚན་སྔོན་མ།:《ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་ལེའུ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་པ།
  • ལེ་ཚན་རྗེས་མ།:《བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ70འཁོར་བའི》དྲན་གསོའི་སྦྲག་རྟགས་འགྲེམས་སྤེལ་བྱ་གྲབས་ཡོད།
  • དོ་སྣང་ཆེ་བའི་རྩོམ།