བྱ་གཞག་གསར་གཏོད་བྱས་ནས་ཕྱུག་པོར་ཆགས་མཁན་གྱི་ལམ་ཁྲིད་པ།

རྟ་མགྲིན་རྡོ་རྗེས་བསྒྱུར།        2021-08-18

དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། དར་མདོ་གྲོང་ཁྱེར་སྐྱིད་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་སྡེ་འགབ་མའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝང་ཆང་གི་གནས་ཚུལ་བཀོད་པ།

བྱ་གཞག་གསར་གཏོད་བྱས་ནས་ཕྱུག་པོར་ཆགས་མཁན་གྱི་ལམ་ཁྲིད་པ།
ཝང་ཆང(དཀྱིལ)2021ལོར་སི་ཁྲོན་ཞིང་ཆེན་དམག་ཁོངས་ལས་ཕྱིར་ལོག་པའི་དམག་མིའི་ལས་ཞུགས་བྱ་གཞག་གསར་གཏོད་ལ་གཟེངས་བསྟོད་གནང་བའི་ཡུལ་དངོས།

ཁོས་ཐོག་མཐའ་བར་གསུམ་དུ་འབད་བརྩོན་ལྷུར་ལེན་དང་ཧུར་ཐག་འབད་ཐག་གིས་གུང་ཁྲན་ཏང་ཡོན་གྱི་ཆབ་སྲིད་རང་བཞིན་རྒྱུན་འཁྱོངས་བྱས་པས་སྔ་རྗེས་སུ“ཕུལ་བྱུང་གུང་ཁྲན་ཏང་ཡོན”དང་།“དམངས་གཅེས་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི”“དམངས་གཅེས་ཏང་ཀྲི་པུའུ་ཧྲུའུ་ཅི”“ཕུལ་བྱུང་གི་གཞི་རིམ་ཤེས་ལྡན་མི་སྣ”“འབྲུབ་འགོག་ཉེན་སེལ་གྱི་སྔོན་ཐོན་མི་སྣ”བཅས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

ཁོས་བྱ་སྤྱོད་ལས་དམག་ཁོངས་ལས་ཕྱིར་ལོག་པའི་དམག་མིས་ཏང་ལ་བློ་དཀར་སེམས་དཀར་དང་།ཐོག་མའི་བསམ་འདུན་མི་བརྗེད་པ།འགན་འཁྲི་ཡིད་ལ་བརྟན་པོ་བཅས་ངས་པའི་བསམ་པའི་ཉམས་འགྱུར་མངོན་པ་དང་།རང་ཁུལ་གྱིས་དམག་ཁོངས་ལས་ཕྱིར་ལོག་པའི་དམག་མིའི་བྱ་གཞག་གསར་གཏོད་ལ་སྐུལ་མ་གཏོང་བ་དང་།སྤུས་ཚད་དེ་བས་མཐོ་བའི་ལས་ཞུགས་ལས་དོན་ལ་སྣེ་ཁྲིད་བྱ་རྒྱུར་མིག་དཔེ་བསྟན། ཁུལ་ནང་ཁུལ་གྱི་དམག་ཁོངས་ལས་ཕྱིར་ལོག་པའི་དམག་མིར་དུས་རབས་གསར་པར་འགན་འཁྲི་དང་བྱས་རྗེས་གསར་པ་ཐོབ་རྒྱུའི་སྐུལ་མ་བྱས། ཁོང་ནི2021ལོར་སི་ཁྲོན་ཞིང་ཆེན་གྱི་དམག་ཁོངས་ལས་ཕྱིར་ཐོན་པའི་དམག་མི་ལས་འབད་འཐབ་ཀྱི་སྙིང་སྟོབས་ཆེས་ཆེར་ལྡན་པའི་ དར་མདོ་གྲོང་ཁྱེར་སྐྱིད་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་སྡེ་འགབ་མའི་ཏང་ཀྲི་པུའི་ཧྲུའུ་ཅི་ཝང་ཆིང་རེད།

ཏང་གི་འཛུགས་སྐྱོང་གནད་དུ་བཟུང་།དམངས་ཀྱི་འདོད་ བློར་ཉན་དགའ་བྱས།

དར་མདོ་གྲོང་ཁྱེར་སྐྱིད་ཡུལ་གྲོང་རྡལ་མཉམ་འབྲེལ་གྲོང་སྡེ་འགབ་མ་དར་མདོ་གྲོང་ཁུལ་དང་སྤྱི་ལེ80ཙམ་བརྒྱངས་ཤིང་། དེའི་ནང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་དུམ་བུ་ནི་གྲོག་རོང་དང་གཡང་གཟར་གྱི་བྲག་རི་མང་བ།འགྲིམ་འགྲུལ་སྟབས་མི་བདེ་བ་བཅས་ཀྱིས་ས་གནས་དེ་གའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་བཀག་འགོག་ཚབས་ཆེན་ཐེབས་པ་རེད།

ད་ལོར་ལོ་ན45ལོན་པའི་ཝང་ཆང་ནི་གུང་ཁྲན་ཏང་ཡོན་ཅིག་ཡིན་པར་མ་ཟད། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་ཞིག་ཀྱང་ཡིན་ཞིང་། ལས་སྤོས་བྱས་རྗེས་ཝང་ཆང་གིས་བློ་ཐག་རྦད་ཆོད་ངང་དབུལ་པོ་ཡིན་པའི་རང་གི་ཕ་ཡུལ་མཉམ་འབྲེལ་གྲོང་སྡེ་ལ་ལོག་ཡོད་པ་རེད།

སྔོན་ཆད་ང་ཚོའི་གྲོང་སྡེའི་འགྲིམ་འགྲུལ་སྟབས་མི་བདེ་ལ། གྲོང་མི་རྣམས་ལ་དཔལ་འབྱོར་ཡོང་སྒོ་མེད་པས་འཚོ་བ་ཧ་ཅང་སྡུག་པོ་ཡིན་པ་རེད།འདས་དོན་རྣམས་དྲན་གསོའི་མེ་ལོང་དུ་དྲངས་རྗེས་ཝང་ཆང་གིས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་དེ་ལྟར་བཤད། ལས་སྤོས་བྱས་རྗེས་ང་རང་ཕ་ཡུལ་དུ་ལོག་པ་དང་།རང་ཉིད་ཀྱིས་དོན་དངོས་ཕྲན་བུ་རེ་བསྒྲུབས་ནས་གྲོང་སྡེ་འགྱུར་ལྡོག་གཏང་རྒྱུའི་རེ་འདུན་བཅངས། 2010ལོའི་སྤྱི་ཟླ10པར། ཝང་ཆང་སྐྱིད་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་སྡེ་འགབ་མའི་ཏང་ཀྲི་པུའུ་ཧྲུས་ཅི་ལ་བདམས་ཐོན་བྱུང་། དུས་དེ་ནས་བཟུང་ཁོས་རང་ཉིད་ལ་རེ་བ་ནན་པོ་བཏོན་པ་དང། རང་གཅུན་ནན་པོ་དང་རང་དཔེ་གཞན་སྟོན་བྱས་ན་ད་གཟོད་མི་སེར་ཚོས་བློ་འཐད་པ་བྱས་པ་རེད།

འགན་འཁུར་བའི་ཐོག་མའི་སྐབས་དེར། གྲོང་སྡེའི་ནང་དུ་ཐོན་ལས་གང་འཕེལ་རྒྱས་གཏོང་བ་དང་། ཅི་ལྟར་བྱས་ནས་གྲོང་མིའི་བསམ་བློར་རྩ་བ་ནས་འགྱུར་ལྡོག་གཏང་རྒྱུ་སོགས་ནི་ཝང་ཆང་གི་སེམས་གཏིང་ན་ལྡིང་སྐོར་བྱས་པའི་གནད་དོན་དུ་གྱུར། མ་ཤེས་ན་རྒན་པ་ལ་དྲིས། མ་རིག་ན་སྒང་ལ་བུད་ཅེས་པའི་གནའ་མིའི་དཔེ་ལྟར།ཝང་ཆང་གིས་གཟབ་ནན་སྒོས་ཏང་གི་བྱེད་ཕྱོགས་སྲིད་ཇུས་ཁག་ལག་བསྟར་དོན་འཁྱོལ་བྱེད་ཆེད། ཁོ་དང་གྲོང་སྡེའི་“ཨུ་ལྷན་གཉིས”ཀྱི་ཁོངས་མིས་ཕྱོགས་གཅིག་ནས་གྲོང་སྡེའི་ཏང་ཡོན་བདག་སྐྱོང་དང་རྩ་འཛུགས་གསར་འཛུགས། འཐུས་ཚང་།“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”ཚད་ལྡན་བྱས་པ། དམངས་གཙོའི་ཏང་ཡོན་དཔྱད་བསྡུར་བཅས་ལས་ཀའི་ལམ་ལུགས་ཁག་ལ་ཤུགས་བསྣན་པ་དང་། ཕྱོགས་གཅིག་ནས་ནན་ཏན་སྒོས་ཏང་ནང་ཁུལ་དང་ཕྱི་མང་ཚོགས་ཀྱི་བསམ་འཆར་ལ་ཉན། བསམ་འཆར་བསྡུ་ལེན་བྱས་རྗེས་གྲོང་མིའི་གྲོས་དོན་ཚོགས་འདུ་བརྒྱུད་ནས་ཐག་གཅོད་བྱས་པ་རེད།

“ང་ཚོའི་གྲོང་སྡེའི་ཏང་རྩ་འཛུགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཏང་ཡོན་གྱི་བྱང་ཚད་མཐོར་འདེགས་བྱུང་བར་མ་ཟད། གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཡང་ཇེ་མཐོར་སོང་།”

“ཝང་ཆང་གིས་དམངས་དོན་རང་དོན་ཀྱི་ཚབ་ཏུ་བཟུང་ནས་བྱ་བ་བསྒྲུབས་པ་དང་། ཏན་ཏིག་གིས་མང་ཚོགས་ཀྱི་སེམས་ཁུར་བྱེད་པའི་གནད་དོན་དུས་རྒྱུན་དུ་སེམས་ལ་བཟུང་བས། མང་ཚོགས་ཀྱིས་ཁོ་ལ་ཡིད་ཆེས་ཀྱིས་ཁེངས། ”

དུས་ཚོད་ཀྱི་རྒྱུན་དང་བསྟུན་ནས་གྲོང་མི་དང་གྲོང་སྡེའི་ལས་བྱེད་པ་ཚང་མས་ཝང་ཆང་ལ་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་། ཁོས་མང་ཚོགས་ཀྱི་དོན་དུ་བྱ་བ་བསྒྲུབས་པ་དང་མང་ཚོགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་བྱ་སྤྱོུད་ཀྱིས་གྲོང་སྡེའི“ཨུ་ལྷན་གཉིས”ཀྱིས་གྲོང་སྡེའི་ནང་གོམས་སྲོལ་བསྒྱུར་བ་དང་། བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་བྱ་འགུལ་འགོག་པ། གྲོང་སྡེའི་སྤྱོད་ཚུལ་ལེགས་པོ་དར་སྤེལ་གཏོང་བའི་ལས་ཀ་དང་སྤྱི་ཚོགས་བདེ་སྐྱོང་ཕྱོགས་བསྡུས་དོ་དམ་བྱེད་ཐབས་དོན་འཁྱོལ་ཡོང་བ་བྱས་པས་མང་ཚོགས་ཀྱིས་ཁས་ལེན་དང་རྒྱབ་སྐྱོར་ཐོབ།

ཚན་རྩལ་གོང་འཕེལ་བཏང་ནས།ལག་ལེན་གཙིགས་སུ་འཛིན་པ།

“ང་ཚོའི་རྒྱལ་ཁབ་ཀྱིས་འཛུགས་སྐྲུན་བྱས་པའི་གྲོང་སྡེའི་གཞུང་ལམ་བེད་སྤྱོད་གང་ལེགས་བྱས་ནས། ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ནས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་རིམ་གྱིས་རྒྱ་བསྐྱེད་བཏང་ཡོད།”གྲོང་མི་རྣམས་ཀྱིས་དོགས་པ་དང་ཐེ་ཚོམ་གྱི་མདུན་དུ། ཝང་ཆང་གིས་བློ་ཐག་ཆོད་པོས“ངེས་པར་དུ་ཤུགས་ཆེན་པོས་ཞིང་ལས་ཚན་རྩལ་གྱི་ལག་རྩལ་རྒྱ་བསྐྱེད་གཏང་དགོས་པ་དང་གྲོང་མི་རྣམས་ལ་ཚན་རྩལ་གྱིས་ཐོན་ལས་དང་ཡོང་སྒོ་འཕར་སྣོན་བྱེད་ཐུབ་པའི་དགེ་མཚན་ཤེས་སུ་བཅུག”

གྲོང་མི་རྣམས་ཀྱི་བློ་བདེ་སེམས་བདེའི་ངང་ནས་ལག་རྩལ་སློབ་སྦྱོང་བྱེད་ཆེད། ཝང་ཆང་གིས་རང་ཉིད་ཀྱིས་མ་དངུལ་གྲ་སྒྲིག་བྱས་ནས་ཕག་ཕྲུག་ཐོན་སྐྱེད་རྟེན་གཞི་བསྐྲུན་པ་དང་།གསོན་ཕག་ཆེད་ལས་མཉམ་ལས་ཁང་བཙུགས་པརེད།

ཝ་ཆང་གིས་སྣེ་ཁྲིད་འོག་ཏུ་མཉམ་འབྲེལ་གྲོང་སྡེ་འགབ་མ་ལ་གནམ་ས་བླ་འོག་བསྒྱུར་བའི་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། གྲོང་སྡེའི་ཐུན་མོང་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བ་དང་། དཔལ་འབྱོར་དམིགས་ཚད་དེ་ཡུལ་ཤོག་ཡོངས་ཀྱི་གྲོང་སྡེའི་སྔོན་ལ་སླེབས་ཡོད། ཤེས་རྟོགས་བྱུང་བར་ལྟར་ན། 2011ལོར་ཞིང་ལས་གསོ་སྤེལ་མཉམ་ལས་ཁང་བཙུགས་རྗེས། གྲོང་མི་ཡོངས་རྫོགས་མཉམ་ལས་ཁང་ནང་དུ་ཞུགས་པ་དང་། ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར800ལྷག་འཕར་སྣོན་བྱུང་། 2012ལོར་དར་མདོ་གྲོང་ཁྱེར་རོང་དབྱི་ཕྱིར་འཚོང་ཚད་ཡོད་སྤྱི་གཉེར་ཁང་བཙུགས་རྗེས། ཝང་ཆང་གིས་གྲོང་སྡེའི་ངལ་རྩོལ་མི་ལག་ལྷག་མ་རྣམས་བསྡུ་ལེན་བྱས་ནས་བཟོ་གཏེར་དང་ཆུ་གློག་གི་ཁེ་ལས་སོགས་སུ་ལས་ཞུགས་བྱེད་བཅུག་མཐར།ལོ5ཡི་ནང་དུ་གྲོང་མི་མིའི་ཐེངས་གྲངས2000ལྷག་གི་ལས་གནས་ཐག་གཅོད་བྱས། གྲོང་སྡེའི་ངལ་རྩོལ་མི་ལག་ལྷག་མའི་གནད་དོན་དངོས་གནས་ཐག་གཅོད་ཐུབ་པར་མ་ཟད། གྲོང་མིའི་ཡོང་འབབ་འཕར་བའི་ལམ་བུ་རྒྱ་ཆེར་བཏང་བ་དང་ཡོང་སྒོ་འཕར་སྣོན་བྱུང་།

དཀའ་ངལ་ལ་གདོང་གཏད་ནས། འཛུགས་སྐྲུན་ལ་ཤུགས་སྣོན་པ།

2011ལོའི་སྤྱི་ཟླ7པའི་ཚེས6ཉིན། ཕོག་ཐག་ཡུལ་ཤོག་ཕོག་ཐག་གྲོང་སྡེ་རུ་གློ་བུར་དུ་འདམ་ཉིལ་རྡོ་རུད་བྱུང་བས། ཝང་ཆང་དང་ལས་སྒྲུབ་མི་སྣ་དག་གིས་མགྱོགས་མྱུར་ངང་རྐོ་འདྲུ་འཕྲུལ་འཁོར་གཅིག་དང་གཉིས་གྲ་སྒྲིག་བྱས་ནས་ཉེན་སེལ་རྒུད་སྐྱོབ་བྱེད་སའི་ནང་ཞུགས་ཡོད་པ་རེད།

2012ལོར་མོ་ཝ་ལུང“7.8”“7.9”འདམ་ཉིལ་རྡོ་རུད་བྱུང་སྐབས། སྐྱིད་ཐང་སྡེ་ཁུལ་གྱི་ཡུལ་ཤོག་གསུམ་ལ་རིམ་པ་མི་འདྲ་བའི་གནོད་སྐྱོན་ཐེབས་པ་དང་། ཝང་ཆང་གིས་མགྱོགས་མྱུར་ངང་གྲོང་སྡེའི་ཏང་ཡོན་རྣམས་ལ་སྣེ་ཁྲིད་བྱས་ནས་ཉེན་སེལ་རྒུད་སྐྱོབ་བྱེད་སའི་ནང་ཞུགས། 2013ལོའི“4.20”ས་ཡོམ་བྱུང་རྗེས། གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝང་ཆང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཨང་དང་པོར་བཞག་ནས། འཕྲོ་ལུས་ས་ཡོམ་གྱི་ཉེན་ཁ་ལ་མ་འཛེམ་པར། གྲོང་སྡེ་ལས་བྱེད་པ་སྣེ་ཁྲིད་ནས་དུད་ཁྱིམ་རེ་རེར་སོང་ནས་གནོད་སྐྱོན་ལ་ཞིབ་བཤེར་དང་རྒྱུས་ལོན་ཞིབ་ཕྲ་བྱས་པས། རྗེས་ཀྱི་སླར་གསོ་བསྐྱར་བསྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏང་།

2014ལོའི“6.23”འདམ་ཉིལ་རྡོ་རུད་ཆུ་ལོག་སོགས་ཀྱི་རང་བྱུང་གནོད་སྐྱོན་ཁྲོད། མང་ཚོགས་སྤོ་བསྐྱོད་དང་རྒྱུ་ནོར་མྱུར་སྐྱོབ་བྱས་པས་མི་གཅིག་ལའང་གནོད་སྐྱོན་མ་བྱུང་།

མི་སེར་གྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ནི་ཡོད་ཚད་ལས་གལ་ཆེ་ཅེས་པའི་སྐད་ཆ་འདི་ལ་བརྟེན་ནས།རང་ཉིད་ལ་ཐེངས་མང་པོའི་ཉེན་ཁར་འཕྲད་ཀྱང་མ་འཛེམ་པར་དུས་དང་རྣམ་པ་ཀུན་དུ་ཉེན་སེལ་བྱེད་པའི་སྔོན་དུ་བརྒྱུགས། ད་དུང་རང་གི་འགན་ལེན་བྱས་ནས་དངུལ་སྒོར་ཁྲི10དངུལ་བུན་བླངས་ནས་མཉམ་འབྲེལ་གྲོང་སྡེ་འགབ་མའི་ཆུ་ལོག་འགོག་སའི་ཆུ་རགས་བཟོས།

དེའི་མི་ཚད་ཁོས་གོང་རིམ་སྡེ་ཁག་ལ་ལས་གཞི་བརྩོན་ལེན་ཧུར་བརྩོན་བྱས་པ་དང་། གྲོང་མིར་སྣེ་ཁྲིད་བྱས་ནས་ཉེན་མེད་ཀྱི་མི་ཕྱུགས་འཐུང་ཆུའི་སྦུབས་ལམ་བཟོ་སྐྲུན་བྱས། 2012ལོར། གྲོང་མིའི་བྱེད་སྒོ་སྤེལ་བའི་ས་ཆ་བརྩོན་ལེན་ཧུར་ཐག་བྱས་ནས། ལོ་མཇུག་ལ་སླེབས་དུས་བྱེད་སྒོ་ཁང་། སྤོ་ལོ་རྭ་བ། མང་ཚོགས་ལུས་སྦྱོང་ཁང་བཅས་འཛུགས་སྐྲུན་བྱས།2014ལོ་གྲོང་མི་རྩ་འཛུགས་བྱས་ནས་རྡོ་སེག་སྨི་ལྷམ་པ10དང་། ཨར་འདམ་ཏུན75།མ་དངུལ་སྒོར་ཁྲི་ལྷག་གྲ་སྒྲིག་བྱས་ནས་སྨི120ཡོད་པའི་ཆུ་རགས་བཟོ་སྐྲུན་ལེགས་འགྲུབ་བྱུང་། 2018ལོའི་སྤྱི་ཟླ9པར། དར་མདོ་གྲོང་ཁྱེར་གསེར་གཤོག་བརྡ་ཁྱབ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་བཙུགས་ནས་མི20ལྷག་གི་ལས་ཞུགས་ཐག་གཅོད་བྱས།

དེང་སང་གི་མཉམ་འབྲེལ་གྲོང་སྡེ་འགབ་མ་ནི། ཐུན་མོང་གི་དཔལ་འབྱོར་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བཞིན་པར་མ་ཟད། དཔལ་འབྱོར་དམིགས་ཚད་ཚད་མཐོན་པོའི་མཐོར་འདེགས་བྱུང་། ཝང་ཆང་གིས་མ་འོངས་པར་མུ་མཐུད་དུ་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་ཡུལ་སྡེ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་ཡོང་བ་དང་། བདེ་སྐྱིད་དང་མཛེས་སྡུག་གི་ཁེངས་པའི་གྲོང་སྡེ་གསར་བ་འཛུགས་སྐུན་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་པ་བསྟན།




  • ལེ་ཚན་སྔོན་མ།:ནས་ཀྱི་དྲི་ཞིམ་འཐུལ་བའི་ཁམས་པའི་མཐོ་སྒང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།