མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་སྐོར་གྱི་ཡིག་ཆ་གལ་ཆེན་ཞིག།

ཐུབ་ཀྱིས་བསྒྱུར།        2021-08-10

   ཉེ་ཆར། ཞིང་ཆེན་ཏང་ཨུ་གཞུང་ལས་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས《སི་ཁྲོན་ཞིང་ཆེན་མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཀྱི་ལོ་བཅུའི་བྱ་སྤྱོད་འཆར་གཞི(2021ནས2030བར)》པར་འགྲེམས་བྱས་པ་དང་སྦྲགས་བརྡ་ཐོ་བཏང་ནས་ས་གནས་ཁག་དང་སྡེ་ཚན་ཁག་གིས་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

   《བྱ་སྤྱོད་འཆར་གཞི》ཡི་ནང་དུ་བླང་བྱ་བསྟན་དོན། ཀུན་སྤྱོད་བཟང་པོས་མི་སྐྱོང་བའི་གཞི་རྩའི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས་པ་དང་། མི་རིགས་ས་ཁུལ་གྱི་སློབ་གསོ་ཁྱབ་གདལ་དང་ཀུན་ཕན། སྤུས་ལེགས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཀུན་སྤྱོད་དང་ཤེས་རིག། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྗེས་འཛིན་པ་གསོ་སྐྱོང་བྱས་ཏེ། དུས་རབས་གསར་པའི་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་ཡུན་རིང་བདེ་འགོད་ཡོང་བར་ཤེས་ལྡན་མི་སྣའི་འགན་སྲུང་དང་རིག་སྟོབས་ཀྱི་འདེགས་སྐྱོར་མཁོ་འདོན་བྱ་དགོས།

   《བྱ་སྤྱོད་འཆར་གཞི》ཡི་ནང་དུ་བཏོན་དོན། 2030ལོར་བསླེབ་དུས། མི་རིགས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་དམིགས་ཚད་དེ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལ་ཉེ་བ་འགྲུབ་ཐུབ་དགོས་ཤིང་། དམངས་ཡོངས་ཀྱི་མི་ཚེ་གཅིག་ལ་སློབ་སྦྱོང་བྱེད་པར་ཞབས་འདེགས་ཞུ་བའི་དེང་རབས་སློབ་གསོའི་མ་ལག་ཅིག་ཧ་ལམ་ཆགས་པར་བྱ་དགོས། རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་གོང་འཕེལ་ཡོང་བ་གཞི་རྩའི་ཆ་ནས་འགྲུབ་དགོས་པ་དང་། སློབ་སྔོན་སློབ་གསོ་དང་མཐོ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱོན་ཡོངས་ལ་ཁེབས་པ་དང་། སློབ་གྲྭའི་རྩ་བའི་སློབ་འཛུགས་ཆ་རྐྱེན་ཞིང་ཆེན་གྱིས་གཏན་འབེབས་བྱས་པའི་ཚད་གཞིར་བསླེབ་པར་བྱ་དགོས། དབང་སྐྱོན་ཡོད་པའི་ན་ཆུང་བྱིས་པ་ལ་དེ་བས་འཚམ་པའི་སློབ་གསོ་ཐེབས་ཐུབ་པ་དང་། མཐོ་འབྲིང་དཀྱུས་མའི་སློབ་གསོ་དང་འབྲིང་རིམ་ལས་རིགས་སློབ་གསོ་དུས་མཉམདང་། མཐུན་སྦྱོར། མཉམ་འདྲེས་བཅས་འཕེལ་རྒྱས་ཡོང་ཞིང་། གྲོང་ཡུལ་གྱི་གསར་འཕར་ངལ་རྩོལ་ནུས་ཤུགས་མང་ཆེ་བར་མཐོ་འབྲིང་དུས་རིམ་གྱི་སློབ་གསོ་ཐེབས་མྱོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བྱང་ཆུབ་པར་ཤེས་ཤིང་བེད་སྤྱོད་གཏོང་ཤེས་ལ། མི་རིགས་ས་ཁུལ་དང་ལྷག་པར་དུ་ཞིང་འབྲོག་ཁུལ་གྱི་སློབ་མས་མཐོ་འབྲིང་སློབ་གསོ་སྤུས་ལེགས་དང་ལེན་བྱེད་པའི་གོ་སྐབས་སྔར་བས་མང་པོར་འཐོབ་པར་བྱ་དགོས།

   《བྱ་སྤྱོད་འཆར་གཞི》ཡི་ནང་དུ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་གསོའི་ནང་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བྱོལ་འགོག་སློབ་སྐྱོང་གི་གྲུབ་འབྲས་སྲ་བརྟན་རིམ་སྤོར་བྱེད་པ།ཞག་སྡོད་ལམ་ལུགས་ཀྱི་གཞི་ཁྱོན་ལྡན་པའི་སློབ་གྲྭ་འཛུགས་པར་སྐུལ་འདེད་གཏོང་བ། དགེ་རྒན་གྱི་དཔུང་སྡེ་ཆེད་ལས་ཅན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ།སློབ་གསོ་ཆ་འཕྲིན་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ། སློབ་གསོའི་ཁ་གཏད་རོགས་སྐྱོར་ཟབ་སྤེལ་གཏོང་བ་བཅས་ཀྱི་གཙོ་གནད་ལས་འགན་དགུ་ཁ་གསལ་བཟོས་པར་མ་ཟད། སྒྲིག་འཛུགས་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མ་དངུལ་བཏང་ནས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ལ་ཡང་བཀོད་སྒྲིག་བྱས་ཏེ། 《བྱ་སྤྱོད་འཆར་གཞི》ལག་ལེན་བསྟར་བར་འགན་སྲུང་བྱས་ཡོད།

  • ལེ་ཚན་སྔོན་མ།:འགོག་ཁབ་བརྒྱབ་རྗེས་ད་དུང་རིམས་ནད་འགོས་དོན་ཅི་ཡིན་ཐད་ཀྱི་གསལ་བཤད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།