འགོག་ཁབ་བརྒྱབ་རྗེས་ད་དུང་རིམས་ནད་འགོས་དོན་ཅི་ཡིན་ཐད་ཀྱི་གསལ་བཤད།

    མི་དམངས་དྲ་བ་ནས་དྲངས།    2021-08-10

སྤྱི་ཟླ8པའི་ཚེས3ཉིན་ཧྲང་ཧའེ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག། སྤྱི་དམངས་ཀྱིས་ཏོག་གསར་རིམས་ནད་འགོག་ཁབ་བརྒྱབ་རྗེས་ད་དུང་འགོས་ནད་ཕོག་པར་དོ་ཁུར་བྱེད་པར་དམིགས་ནས། ཧྥུའུ་ཏན་སློབ་ཆེན་ཁོངས་གཏོགས་ཧྭ་ཧྲན་སྨན་ཁང་འགོས་ནད་ཚན་ཁག་གི་ཀྲུའུ་རེན་ཀྲང་ཝུན་ཧུང་གིས“ནད་དཔེའི་འགག་གནད་ལས་སྒྲོལ”མི་ཐུབ་པའི་རིམས་འགོག་སྨན་ཁབ་ཡོད་མི་སྲིད། ཚང་མར་རྒྱུས་མངའ་ཡོད་པའི་མཆིན་ཚད་ཁ་པའི་རིམས་འགོག་སྨན་ཁབ་དང་། ཆུ་ཐོར་གྱི་རིམས་འགོག་སྨན་ཁབ། སིབ་བུའི་རིམས་འགོག་སྨན་ཁབ་བཅས་ཚང་མ་དཔེ་མཚོན་ཡིན་པ་རེད། ཏོག་གསར་རིམས་འགོག་སྨན་ཁབ་བརྒྱབ་རྗེས། འགོག་ཁབ་བརྒྱབ་ཚར་བའི་ཉེན་ཆེའི་མི་ཚོགས་ལ་འགོས་ནད་ཕོག་ཚུལ་འབྱུང་ངེས་རེད། འདི་ནི་ལྡོག་ཐབས་མེད་པ་ཞིག་རེད། དེ་ལྟར་བྱས་ན་ད་གཟོད་འགོག་ཁབ་ཀྱི་སྲུང་སྐྱོབ་ནུས་པ་ཞེས་པའི་བཤད་ཚུལ་འདི་བྱུང་བ་རེད་ཅེས་བརྗོད།



  • ལེ་ཚན་སྔོན་མ།: ཀྲུང་ནན་ཧྲན་གྱིས་རིམས་འགོག་སྨན་ཁབ་རྒྱག་རྒྱུར་ཚང་མས་མཐོང་ཆེན་བྱ་དགོས་པའི་འབོད་སྐུལ་གནང་།
  • ལེ་ཚན་རྗེས་མ།:མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་སྐོར་གྱི་ཡིག་ཆ་གལ་ཆེན་ཞིག།
  • དོ་སྣང་ཆེ་བའི་རྩོམ།