《ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་ལེའུ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་པ།

    མི་དམངས་དྲ་བ་ནས་དྲངས།    2021-08-18

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ8པའི་ཚེས་12ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས《ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་ལེའུ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་པ་རེད།

རྒྱབ་ཤ་དཀར་པོའི་དེབ་ནང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་མི་དམངས་ལ་བདེ་སྐྱིད་བསྐྲུན་ཤུགས་ཆེ་རུ་གཏོང་བ་དང་། མི་དམངས་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་ཁབ་དེང་རབས་ཅན་དུ་མངོན་འགྱུར་ཡོང་བ་བྱེད་པ་བཅས་ཀྱི་ཆེད་དུ་ལག་ལེན་བསྟར་བའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་ཞིག་རེད། ཀྲུང་གོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ། འགྲོ་བ་མིའི་ཐོབ་ཐང་གི་རྨང་གཞི་བརྟན་དུ་བཏང་བ་དང་། འགྲོ་བ་མིའི་ཐོབ་ཐང་གི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ། འགྲོ་བ་མིའི་ཐོབ་ཐང་གི་མཐོང་རྒྱ་ཆེ་རུ་བཏང་བ་བཅས་ལས་འགྲོ་བ་མིའི་ཐོབ་ཐང་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བ་དང་དམངས་ཡོངས་ཀྱིས་མཉམ་སྤྱོད་ཐུབ་པ་མཚོན་ཞིང་། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་ལེའུ་གསར་པ་བརྩམས་ཡོད་ལ། མིའི་རིགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་པའི་བྱས་རྗེས་ངོ་མཚར་ཅན་ཞིག་ཀྱང་བཏོད་ཡོད་ཅེས་བཀོད་ཡོད་པ་རེད།

རྒྱབ་ཤ་དཀར་པོའི་དེབ་ནང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་ཡུལ་ཁམས་གསར་པ་བཏོད་པ་དང་། དབུལ་པོ་དབུལ་རྐྱང་སེལ་ནས་གཞི་རྩའི་འཚོ་བའི་ཆུ་ཚད་དབང་ཆ་མངོན་འགྱུར་བྱས་པ། འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་དབང་ཆ་ཆེ་རུ་བཏང་བ། ཁྲིམས་བཟང་སྐྱོང་མཁས་ཀྱིས་སྤྱི་དམངས་ཀྱི་དབང་ཆ་དང་ཆབ་སྲིད་ཀྱི་དབང་ཆ་སྲུང་སྐྱོང་བྱས་པ། སྤྱི་ཚོགས་འདྲ་མཉམ་ལ་སྐུལ་འདེད་བཏང་ནས་དམིགས་བསལ་ཚོགས་སྤྱིའི་ཁེ་དབང་འགན་ལེན་བྱས་ཡོད་ཅེས་བཀོད་ཡོད་པ་རེད།

རྒྱབ་ཤ་དཀར་པོའི་དེབ་ནང་ཀྲུང་གོའི་མི་འབོར་གྱིས་འཛམ་གླིང་མི་འབོར་བསྡོམས་འབོར་གྱི་ལྔ་ཆ་གཅིག་ཙམ་བཟུང་ཡོད། ཀྲུང་གོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་ནི་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རླབས་ཆེན་གྱི་འཕེལ་རིམ་ནང་། ཀྲུང་གོས་གསར་གཏོད་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱས་པའི་གྲུབ་འབྲས་ཐོབ་པའི་བྱེད་སྟངས་དང་ཉམས་མྱོང་དེས། མིའི་རིགས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་རྒྱུར་ཀྲུང་གོའི་བློ་གྲོས་ལེགས་སྐྱེས་ཕུལ་བ་དང་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད་ཅེས་བཀོད་ཡོད་པ་རེད།

རྒྱབ་ཤ་དཀར་པོའི་དེབ་ནང་འགྲོ་བ་མིའི་ཐོབ་ཐང་འགན་ལེན་བྱེད་པར་དེ་བས་ལེགས་པ་ལས་ལེགས་ཤོས་མེད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཡར་ཐོན་གྱི་མགོ་འཛུགས་ས་གསར་པར་རྨང་གཞི་བཏིང་ཡོད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་མི་དམངས་ཡོངས་སྣེ་ཁྲིད་དེ་དེ་བས་བདེ་སྐྱིད་ཁམས་བཟང་གི་འཚོ་བ་དང་ཆུ་ཚད་དེ་བས་མཐོ་བའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་ཆེད་མུ་མཐུད་འབད་འཐབ་བྱ་རྒྱུ་ཡིན། ཀྲུང་གོས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་ངེས་ཡིན་ཞེས་བཀོད་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:དྲི་བ་དྲིས་ལན་གྱི་ཐོག་ནས་ཞི་ཅིན་ཕིང་གི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་༡༠༠འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་གསལ་བཀྲོལ་སོ་བཞི་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།