རང་ཁུལ་གྱི་ལྟ་རིན་ཡོད་པའི་གསར་འགྱུར་འགའ།

ཐུབ་ཀྱིས་བསྒྱུར།        2021-08-17

༄༅།། སྤྱི་ཟླ8པའི་ཚེས10ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཆེད་དོན་གྲོས་ཚོགས་གཙོ་སྐྱོང་གནང་སྟེ་རིག་ཤེས་ཡུལ་སྐོར་འཛུགས་སྐྲུན་སྐོར་ཞིབ་འཇུག་གནང་བ་རེད། ཁོང་གིས་དཀར་མཛེས་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་རིག་ཤེས་ཡུལ་སྐོར་ཞབས་ཞུའི་ལས་སྟེགས་བསྐྲུན་དགོས་པ་དང་། ས་ཁོངས་ཡོངས་སུ་ཡུལ་སྐོར་སྤུས་ཚད་མཐོན་པོ་འཕེལ་རྒྱས་ཡོང་བར་བསྐུལ་ནས་རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུ་བསྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།

རང་ཁུལ་གྱི་ལྟ་རིན་ཡོད་པའི་གསར་འགྱུར་འགའ།

༄༅།། སྤྱི་ཟླ8པའི་ཚེས9ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྥེང་ཧྥ་ཀུའེ་རོང་བྲག་རྫོང་དུ་ཕེབས་ནས་རིམས་ཚུལ་འགོག་ཟོན་དང་གྲོང་ཁྱེར(ཁུལ)ཁོངས་གཏོགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ལས་དོན་ལ་རྟོག་ཞིབ་གནང་བ་རེད།

རང་ཁུལ་གྱི་ལྟ་རིན་ཡོད་པའི་གསར་འགྱུར་འགའ།

༄༅།། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་སྤེལ་བའི་གསར་འགྱུར་ལྟར་ན། 2021ལོའི་ཟླ་བ8པའི་ཚེས10ཉིན་གྱི་བར་ལ། ཞིང་ཆེནརང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར།དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ནས་རིམ་བརྩིས་བྱས་ན་ཏོག་གསར་གློ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་ཐེངས་དུང་ཕྱུར18དང་བྱེ་མེད་ས་ཡ8དང་འབུམ་མེད་ཁྲི9སྟོང2ལ་ཟིན་ཡོད་པ་རེད།

རང་ཁུལ་གྱི་ལྟ་རིན་ཡོད་པའི་གསར་འགྱུར་འགའ།

༄༅།། ཉེ་ཆར། ཞིང་ཆེན་ཆེད་རམས་པས་ཕྱོགས་འདུས་དཔྱད་དཔོག་བྱས་ཏེ། སྤྱི་ཟླ8པའི་ཚེས11ཉིན་གྱི་ཆུ་ཚོད3པ་ནས་བཟུང་།ཁྲེང་ཏུའུ་གྲོང་ཁྱེར་ཆིང་དབྱང་ཁུལ་ཀོང་ཧྭ་ཁྲོམ་ལམ་ཡུའེ་ཕེང་ཏའོ་ཞི་ཨན་དང་མཐོ་གསར་ཁུལ་ཧྲི་དབྱང་ཁྲོམ་ལམ་ཏུའུ་ཁྲེང་ཡ་སུང་སྡོད་ཁུལ་གཉིས་ཉེན་ཁ་འབྲིང་ཁུལ་ནས་ཉེན་ཁ་དམའ་བའི་ས་ཁུལ་དུ་བསྒྱུར་བ་རེད།

༄༅།། ཉེ་ཆར། དཀར་མཛེས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་གཞི་སྤུས་ཚད་དཔྱད་བསྡུར་ཞིབ་བཤེར་མགོ་ཁྲིད་ཚོ་ཆུང་དང་གྱོད་གཞི་སྒྲོག་དཔྱད་གྲོས་ཚོགས་འཚོགས་པ་རེད།

རང་ཁུལ་གྱི་ལྟ་རིན་ཡོད་པའི་གསར་འགྱུར་འགའ།

༄༅།། ཉེ་ཆར། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིསཁྲོམ་རའི་རིམས་ཚུལ་འགོག་ཟོན་ཞིབ་བཤེར་སྐོར་གྱི་རང་སྐྱོན་རང་བརྟག་རེའུ་མིགབཟོས་ཏེ་བྱེད་ཐབས་ཁ་སྣོན་དང་མི་འདང་ས་ཆད་གསབ་སྔར་ལས་ཆེ་བ་བྱས་ནས་མི་དང་དངོས་རྫས་མཉམ་འགོག་བྱེད་ཤུགས་ཆེ་རུ་བཏང་བ་རེད།

རང་ཁུལ་གྱི་ལྟ་རིན་ཡོད་པའི་གསར་འགྱུར་འགའ།

༄༅།། ཁུལ་ཡུལ་སྡེ་དར་རྒྱས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་གྱི་རྫོང་དང་གྲོང་ཁྱེར18རྒྱལ་ཁབ་དང་ཞིང་ཆེན་གྱི་ཡུལ་སྡེ་དར་རྒྱས་རོགས་སྐྱོར་རྫོང་གལ་ཆེན་གྱི་གྲས་སུ་ཚུད་ཡོད།

རང་ཁུལ་གྱི་ལྟ་རིན་ཡོད་པའི་གསར་འགྱུར་འགའ།

༄༅།། ཉེ་ཆར། ཁུལ་ནོར་སྲིད་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། རང་ཁུལ་གྱིས་ནོར་ཁོངས་ནས་ཆེད་དོན་མ་དངུལ་སྒོར་ཁྲི170བཀོད་སྒྲིག་བྱས་ཏེ། ཚན་རྩལ་འཆར་གཞི་ལས་གཞི16ལ་རྒྱབ་སྐྱོར་བྱས་ནས་ཁུལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ལ་རོགས་དན་བྱས་པ་རེད།

རང་ཁུལ་གྱི་ལྟ་རིན་ཡོད་པའི་གསར་འགྱུར་འགའ།

༄༅།། ཉེ་ཆར། ཧྥ་རན་སི་ནས་ནང་འདྲེན་བྱས་པའི་མ་རྨོས་ལོ་ཏོག་གི་ས་བོན་གསར་པ་འོ་སྦྲང་མ་རྨོས་ལོ་ཏོག་ཅེས་པ་དེ་འབའ་ཐང་རྫོང་དུ་ཚོད་ལྟ་འདེབས་འཛུགས་བྱས་ནས་ལམ་ལྷོང་བྱུང་ཡོད།

རང་ཁུལ་གྱི་ལྟ་རིན་ཡོད་པའི་གསར་འགྱུར་འགའ།

༄༅།། ཉེ་ཆར། དཔལ་ཡུལ་རྫོང་གིས་མི་རིགས་དམངས་ཁྲོད་ལག་ཤེས་ལག་རྩལ་ཆེད་ལས་དུད་ཚང168དང་མི210ལྷག་གསོ་སྐྱོང་བྱས་ཤིང་། ད་ལོ་ནས་བཟུང་། རྫོང་ཡོངས་ཀྱི་མི་རིགས་ལག་ཤེས་བཟོ་རྫས་བཙོངས་ནས་སྒོར་ས་ཡ7ལྷག་རག་ཡོད་པ་རེད།

རང་ཁུལ་གྱི་ལྟ་རིན་ཡོད་པའི་གསར་འགྱུར་འགའ།

༄༅།། ཉེ་ཆར། དར་མདོ་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་པས་ཞིང་ཆེན12བརྒལ་ཞིང་སྤྱི་ལེ་ཁྲི2ལྷག་བསྐྱོད་དེ། གློག་འཕྲིན་གྱི་མགོ་སྐོར་གཡོ་ལེན་གྱི་གྱོད་གཞི2རྩད་ཆོད་བྱུང་ཞིང་། གྱོད་འབྲེལ་མ་དངུལ་སྒོར་ས་ཡ1དང་འབུམ9ཁྲི7ལྷག་ལ་ཟིན་པ་དང་། དོགས་ཡོད་ཉེས་ཅན་མི23འཇུ་བཟུང་བྱས་ཡོད།

རང་ཁུལ་གྱི་ལྟ་རིན་ཡོད་པའི་གསར་འགྱུར་འགའ།

༄༅།། སྤྱི་ཟླ8པའི་ཚེས12ཉིན་གྱི་ཆུ་ཚོད15བར། རྒྱལ་ཡོངས་སུ་ཏོག་གསར་གློ་རིམས་ཀྱི་ཉེན་ཁ་ཆེ་འབྲིང་གི་ས་ཁུལ164ཡོད་ཅིང་། དེའི་ནང་དུ་ཉེན་ཁ་ཆེ་བའི་ས་ཁུལ27ཡོད་པ་དང་ཉེན་ཁ་འབྲིང་བའི་ས་ཁུལ137ཡོད་པ་རེད།


  • ལེ་ཚན་སྔོན་མ།:ཏེང་ཡུང་གིས་རང་ཁུལ་དུ་སྒྲོག་འགྲེལ་དང་ལྟ་སྐུལ་ཁྲིད་སྟོན་གནང་།
  • ལེ་ཚན་རྗེས་མ།:ཨ་ཙི།ཞིང་ཆེན་ཡོངས་ཀྱི་ཨང་དང་པོ་བཞི་རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱས།
  • དོ་སྣང་ཆེ་བའི་རྩོམ།