《བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ70འཁོར་བའི》དྲན་གསོའི་སྦྲག་རྟགས་འགྲེམས་སྤེལ་བྱ་གྲབས་ཡོད།

    མི་དམངས་དྲ་བ།    2021-08-19

《བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ70འཁོར་བའི》དྲན་གསོའི་སྦྲག་རྟགས་འགྲེམས་སྤེལ་བྱ་གྲབས་ཡོད།

    ཞིན་ཧྭ་དྲ་བ་ལྷ་ས་ནས་ཟླ8ཚེས16ཉིན་གློག་འཕྲིན་འབྱོར་གསལ། ཚེས16ཉིན། ཀྲུང་གོའི་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སིས་ལྷ་ས་ནས་དྲན་གསོའི་སྦྲག་རྟགས་ཁྱབ་བསྒྲགས་བྱེད་སྒོ་སྤེལ་ནས2021ལོའི་ཟླ8ཚེས་19ཉིན《བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ70འཁོར་བའི》དྲན་གསོའི་སྦྲག་རྟགས་ཆ་ཚང་གཅིག་འགྲེམས་སྤེལ་བྱ་རྒྱུའི་གཏན་འཁེལ་བྱས། 
     ཤེས་རྟོགས་བྱུང་བར་གཞིགས་ན། སྦྲག་རྟགས་དེ་ནི་རུང་ཐེ་དང་ཧྲེན་ཅ་ཧུང་གཉིས་ཀྱིས་ཇུས་འགོད་བྱས་པ་དང་། པེ་ཅིང་སྦྲག་འཛིན་བཟོ་གྲྭ་ཚད་ཡོད་ཀུང་སིས་པར་འདེབས་བྱས་ཤིང་། གྲངས་འབོར་ཁྲི700འགྲེམས་སྤེལ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། རྒྱ་ཆེའི་སྦྲག་སྒྲུབ་ལ་དགའ་པོ་བྱེད་མཁན་ཚོས་རྒྱལ་ཡོངས་ཀྱིས་དམིགས་འཛུགས་བྱས་པའི་སྦྲག་སྲིད་དྲ་ཚིགས་དང་། སྦྲག་སྒྲུབ་དྲ་ཁང་། ཀྲུང་གོའི་སྦྲག་སྲིད་ལག་ཐོགས་ཁ་པར་གྱི་མཁོ་མཁན་ཕྱོགས་སོགས་བརྒྱུད་ནས་ཉོས་ཆོག་པ་དང་། སྦྲག་རྟགས་ཕྱིར་འཚོང་བྱེད་ཡུན་ཟླ6ཡིན།


  • ལེ་ཚན་སྔོན་མ།:རང་རེའི་ཞིང་ཆེན་གྱིས་མེ་གསོད་མི་སྣ340བསྡུ་འཆར་ཡོད།
  • ལེ་ཚན་རྗེས་མ།:བདེན་འཚོལ་དུས་དེབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ《ཏང་གི་ལོ་རྒྱུས་ཉམས་མྱོང་སྤྱི་བསྡོམས་བྱས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས》
  • དོ་སྣང་ཆེ་བའི་རྩོམ།