ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་རྟའུ་དང་སེར་ཤུལ་ལ་ཕེབས་འདུག།

ཐུབ་ཀྱིས་བསྒྱུར།        2021-08-19

ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་རྟའུ་དང་སེར་ཤུལ་ལ་ཕེབས་འདུག།

   སྤྱི་ཟླ8པའི་ཚེས13ནས17ཉིན་གྱི་བར། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་རྟའུ་དང་སེར་ཤུལ་རྫོང་དུ་ཕེབས་ནས་ཐོན་ལས་འཕེལ་རྒྱས་དང་དང་སྐྱེ་ཁམས་སྲུང་སྐྱོང་། རིམས་ཚུལ་འགོག་ཟོན་བཅས་ཀྱི་ལས་དོན་ལ་རྟོག་ཞིབ་དང་ཁྲིད་སྟོན་གནང་བ་དང་འབྲེལ་གཞི་རིམ་གྱི་ལས་བྱེད་པ་མང་ཚོགས་ལ་འཚམས་འདྲི་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་རྟའུ་དང་སེར་ཤུལ་ལ་ཕེབས་འདུག།

   ཧྲེན་དབྱང་གིས་ནན་གསུང་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དང་བོད་ལྗོངས་སུ་གཟིགས་ཞིབ་ཏུ་ཕེབས་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏིག་བྱེད་ཅིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་བ་དང་ཡང་དག་པ།ཁྱོན་ཡོངས་ནས་བཅས་ལག་ལེན་བསྟར་བ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་དོན་སྤྱིའི་བསམ་གཞི་རྒྱུན་འཁྱོངས་དང་། རིམས་ཚུལ་འགོག་ཟོན་རྒྱུན་རྣམ་ཅན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ནས་དམ་འཛིན་ཡག་པོ་བྱེད་ཅིང་། དམིགས་འབེན་བཟུང་ནས་ལྷོད་གཡེང་མི་བྱེད་ལ། རྒྱུན་མཐུད་འགག་སྒྲོལ་བྱས་ནས་ཤུགས་མི་འདོར་བ་བྱས་ཏེ། ལོ་འཁོར་གྱི་དམིགས་འབེན་ལས་འགན་ཁག་བདེ་བླག་ངང་འགྲུབ་པར་ཁག་ཐེག་བྱ་དགོས།

ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་རྟའུ་དང་སེར་ཤུལ་ལ་ཕེབས་འདུག།

   ཧྲེན་དབྱང་སྔོན་རྗེས་སུ་སེར་ཤུལ་རྫོང་རྒྱ་བོད་སྨན་ལས་དཔེ་སྟོན་རྟེན་གཞི་དང་འདན་མའི་ལྟ་སྐོར་དཔེ་སྟོན་གླིང་ཁུལ། དེང་རབས་ནོར་ནག་ཐོན་ལས་གླིང་། རྟའུ་རྫོང་གཡུ་ཁོག་གྲོང་རྡལ། སེར་ཤུལ་རྫོང་གི་ཁྲོམ་གཟའ་འགབ་མ་ཡུལ་ཤོག། དབོན་པོ་གྲོང་རྡལ། རྟའུ་རྫོང་གི་གཡུ་མཁར་དགོན་དང་། སེར་ཤུལ་རྫོང་གི་སེར་ཤུལ་དགོན། དབོན་པོ་དགོན། སེར་ཤུལ་རྫོང་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས་བཅས་སུ་ཕེབས་ནས་འབྲེལ་ཡོད་ལས་ཀར་རྟོག་ཞིབ་གནང་ཡོད།

ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་རྟའུ་དང་སེར་ཤུལ་ལ་ཕེབས་འདུག།

  • ལེ་ཚན་སྔོན་མ།:ནགས་ལུང་མཚོ། འཛམ་གླིང་ན་ཆེས་ཁྱད་ཆོས་ལྡན་པའི་འཁྱགས་གཡེང་ཁུལ།
  • ལེ་ཚན་རྗེས་མ།:ཐབས་ལ་མཁས་པའི་སྤྱོད་པ་ཡིས།།གནས་སྤོ་དབུལ་སྐྱོར་ལས་དོན་སྤེལ།།
  • དོ་སྣང་ཆེ་བའི་རྩོམ།