གངས་ལྗོངས་གཞོན་ནུ་གསར་བ།

ཀུན་ཐར་རྒྱལ།        2010-10-19

དུས་ཚོད་ཀྱི་གོམ་སྟབས་འདིས་སྤྱི་ཚོགས་ཀྱི་ངོ་བོའང་སྒྱུར་བཞིན་ཡོད་པ་དང་།དེ་དང་བསྟུན་ནས་སྤྱི་ཚོགས་གསར་པའི་འདོད་བློ་དང་དགོས་མཁོས་ཀྱང་རིག་གནས་གསར་པ་དང་ལེན་བྱེད་པའི་དོན་དངོས་གཞིར་བཞག་གིས་རིག་གནས་གསར་པ་ཞེས་པའི་ཐ་སྙད་ཐུན་མོང་བ་བྱུང་།གསར་བ་ནི་ནམ་ཡང་གསར་པ་ཡིན་ཞེས་པའི་སྡོམ་ཚིག་སུས་ཀྱང་ཁ་ཚོན་གཅོད་མི་ཐུབ་པའི་ལྟོས་བཅས་ཀྱི་ཐ་སྙད་ཅིག་ཏུ་གོ་དགོས་པས་དེས་བློ་ཁ་བསྒྱུར་ཅིང་རིག་གནས་གསར་པ་དང་ལེན།ད་དུང་རིག་གནས་གསར་པའི་བཀོད་འདོམས་ཀྱིས་འཚོ་ཞིང་སྤྱོད་ལ་རིག་གནས་གསར་པར་ཕྱོགས་པའི་བོད་པ་ཚོར་གངས་ལྗོངས་གཞོན་ནུ་གསར་པ་(གཤམ་ནས་གངས་ལྗོངས་གཞོན་གསར་དུ་འབོད)ཟེར།  གངས་ལྗོངས་གཞོན་གསར་འབྱུང་བ་ནི་ལོ་རྒྱུས་ཀྱི་ཆོས་ཉིད་ཀྱིས་བསྐྲུན་པའི་ཐོན་དངོས་ཡིན།དེའི་སྟོབས་ཤུགས་ལ་འགོག་རྒོལ་དང་མ་རངས་སུན་འབྱིན་བྱེད་པ་ནི་ངལ་བའི་རྒྱུ་ལས་མ་འདས།གངས་ལྗོངས་གཞོན་གསར་ཡང་སང་ཉིན་གྱི་བདག་པོ་ཡིན་པར་མ་ཟད་རྒྱལ་ཁའི་བུམ་པ་འཛིན་མཁན་ཀྱང་ཡིན་པ་ནི་མིའི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་ཟུར་ལྟ་བྱས་པས་རྟོགས་ཐུབ།
 “བླང་དོར།”ཅེས་པའི་གཟི་བརྗིད་ངོམ་པའི་ཐ་སྙད་འདི་བཀོལ་བའི་བོད་ཀྱི་རྒན་པོ་ཁ་ཅིག་གིས་རིག་གནས་གསར་པའི་དགེ་མཚན་དང་ལེན་བྱ་མ་ཐུབ་པར་དེའི་སྐྱོན་གྱི་རང་བཞིན་ཆེར་བསྐྱེད་ཀྱིས་རིག་གནས་གསར་པ་དང་ལེན་བྱས་བར་གེགས་བྱེད་ལ་དེ་དག་གི་སྦྲིད་སྨན་གྱི་ངོགས་ན་བཟི་བའི་སྐྱེ་བོ་དག་གིས་རིག་གནས་གསར་པ་དང་བར་ཐག་ཅིག་བཞག་ཡོད་ལ།བར་ཐག་དེ་མ་བསྟུང་བར་དུ་ནམ་ཡང་རིག་གནས་གསར་པའི་དང་ལེན་པར་འགྱུར་མི་སྲིད།རིག་གནས་གསར་པའི་དང་ལེན་པར་མ་གྱུར་ན་གངས་ལྗོངས་གཞོན་གསར་གྱི་གྲས་སུ་ཇི་ལྟར་འཚངས་ཀྱང་ཁས་ལེན་མཁན་སུ་ཡང་མེད་དོ།
གངས་ལྗོངས་གཞོན་གསར་གྱི་མཚན་བྱང་འདི་སྲོལ་རྒྱུན་ནམ་རང་མོས་སྙན་ངག་ཙམ་འབྲི་བའི་རྗེས་སུ་འགྲོ་ལྡོག་གིས་བཞག་ཏུ་མེད་པར་རིག་གནས་གསར་པ་རྒྱུད་འཛིན་དང་འཚོལ་སྙེག  ལག་ལེན་བསྟར་ཐུབ་པའི་སྙིང་སྟོབས་སོགས་ཀྱིས་འཇོག་པ་ཞིག་ཡིན།ཞི་བདེ་མ་ཎི་ལྟར་འདོན་པའི་ཤེས་ལྡན་པར་རློམ་པ་ཁ་ཅིག་གིས་རྡུང་ཕྲན་མཚོན་ཆའི་འཇིགས་ཟིལ་མ་བཟོད་པར་རིག་གསར་གྱི་འཐུས་ཚབ་ཏུ་གྱུར་པ་ཚན་རིག་དང་བོད་ཀྱི་གཞོན་རབས་པའི་བར་དུ་ཕྲ་མ་ལྟ་བུ་འཇུག་གིན་ཡོད་མོད།ཞུ་རྒྱུ་ལ།དེ་དག་ལ་མ་ཞེད་དང་ཉིང་རྡུང་མཚོན་ཆ་དང་བོད་མི་རིགས་ཀྱི་བར་དུ་ད་དུང་ཧ་ཅང་རིང་།ཉིང་རྡུལ་མཚོན་ཆ་རིག་གསར་མིན་ལ།རིག་གསར་ཡང་རིག་གསར་མིན།
རིག་གནས་རྙིང་བས་ལོ་རྒྱུས་ཀྱི་ཁྲོད་དུ་ཐོན་པའི་ནུས་པ་ལོ་རྒྱུས་ཡིན་པ་རིག་གནས་རྙིང་བའི་གཟི་དཔལ་ཡིན་མོད།རིག་གནས་རྙིང་བས་རིག་གནས་གསར་པའི་ཚབ་བྱེད་དུ་མི་བཏུབ་པ་ནི་ལོ་རྒྱུས་ཆོས་ཉིད་ཡིན་པསརིག་གནས་གསར་པའི་ཚབ་བྱེད་དུ་མི་བཏུབ་པ་ནི་ལོ་རྒྱུས་ཆོས་ཉིད་ཡིན་པས“རིག་གནས་རྙིང་བ་རྒྱུད་འཛིན་དང་རིག་གནས་གསར་པ་བླང་དོར”ལས་“རིག་གནས་རྙིང་བ་ཟུར་ལྟ་དང་རིག་གནས་གསར་པ་འཚོལ་སྙེག”བྱས་ན་རེ་བའི་བཏང་བའི་གཞོན་ནུ་ལ་གངས་ལྗོངས་གཞོན་གསར་གྱི་རུ་དཔུང་གིས་ལྷག་བསམ་དག་པས་དགའ་བསུ་ཞུ་ངེས།
གངས་ལྗོངས་གཞོན་གསར་གྱིས་ནམ་ཡང་བརྩི་འཇོག་བྱེད་པ་ནི་དྲང་བདེན་ཡིན་ལ།བདེན་དོན་གྱི་ངོགས་ནས་ནམ་ཡང་འཚོལ་ཞིབ་བྱེད་པ་ནི་འཕེལ་རྒྱས་དང་གསར་གཏོད་ཡིན།གངས་ལྗོངས་གཞོན་གསར་གྱིས་ཐོག་དང་པོར་ལད་མོ་བྱེད་ཀྱང་སྲིད།འོན་ཀྱང་ལད་མོའི་ཆེད་དུ་ལད་མོ་བྱས་པ་མིན་པས་རིག་གནས་གསར་པ་ནི་གངས་ལྗོངས་གཞོན་གསར་གྱི་སྟོབས་ཤུགས་ཡིན་ལ་བོད་མི་རིགས་ཀྱི་ཚེ་སྲོག་གསར་པའང་ཡིན།རིག་གནས་གསར་རྙིང་གིས་“ང་ཚོ”དང་“ཁོ་ཚོ”སོ་སོར་གྱེས་ཀྱིན་ཡོད་ལ་དགར་གྱིན་ཡང་གདའ།དགར་སྟངས་འདིས་ཁག་གཉིས་སུ་འགྲོ་བ“སྟོབས་ཤུགས་”
  • ལེ་ཚན་སྔོན་མ།:ནང་མ་ཁང་དང་སློབ་གྲྭ་ཆེན་མོ་བ།
  • ལེ་ཚན་རྗེས་མ།: མ་ཡུམ་གངས་ལྗོངས་ཀྱི་ཕྱི་ནང་གསང་གསུམ།