ནང་མ་ཁང་དང་སློབ་གྲྭ་ཆེན་མོ་བ།

མེ་ལྕེ།        2010-10-19

གནའ་མཁར་ཟི་ལིང་ཁྲོད་དུ་༢༠༠༡ལོར་བོད་ཀྱི་ནང་མ་ཁང་ཐོག་མ་བྱུང་བ་ནས་ལོ་ངོ་གཉིས་ལྷག་གི་རིང་ལ་སྔ་ཕྱིར་ནང་མ་ཁང་བརྒྱད་བཙུགས་པ་དང་།ནང་མཁང་ནི་ཟི་ལིང་དུ་སྡོད་པའི་བོད་མི་དང་ཟི་ལིང་བརྒྱུད་དེ་འགྲོ་བའི་བོད་མི་རྣམས་ཀྱི་རྩེད་མོ་རྩེ་སའམ་སྤྲོ་སེམས་གཏོང་ས་གཙོ་བོ་ཞིག་ཏུ་གྱུར་འདུག བོད་རང་གི་སྲོལ་རྒྱུན་གྱི་ཁྱད་ཆོས་དང་དེང་རབས་ཀྱི་རྒྱན་གྱིས་སྤྲས་པའི་ནང་མ་ཁང་དུ་རྒན་གཞོན་ཕོ་མོ་མེད་པར་འགྲོ་ཞིང་།དེའི་ནང་དུ་ལས་བྱེད་པ་དང་ཚོང་པ་ཡོད་ལ།རིག་གནས་པ་དང་སློབ་མའང་ཡོད།དེ་རུ་སྒོར་མོ་ཡོད་མེད་གཉིས་ཁ་འགྲོ་བར་འདོད་ཅིང་།སེམས་ཁམས་སྐྱིད་མིན་གཉིས་ཀ་འགྲོ་བར་སྤྲོ།ནང་མ་ཁང་དུ་ན་གཞོན་རྩོམ་དགའ་རྣམས་ཀྱིས་རང་གི་གསར་རྩོམ་དང་ཕུགས་བསམ་གང་གང་འདོད་གླེང་ཆོག་ལ།ལྟད་མོར་ཕེབས་པའི་སྐུ་མགྲོན་རྣམས་ཀྱིས་གར་སྟེགས་སྟེང་གི་གླུ་གར་གྱི་འཁྲབ་སྟོན་ཕོ་མོ་ཟུང་གིས་ཕན་ཚུན་གྱི་སྙིང་གཏམ་སྦ་གསང་མེད་པར་བརྗོད་ཆོག་ལ།ཕོ་ཧྲེང་མོ་རྐྱང་དུ་ལུས་པའི་གང་ཟག་དག་གིས་ཕན་ཚུན་ལ་མིག་གི་ཟུར་མདའ་ཡང་ཡང་འཕེན་ཆོག དེ་ལྟ་བུའི་ཁོར་ཡུག་ནི་གྲོང་ཁྱེར་དུ་འཚོ་བ་རོལ་བའི་མི་ཞིག་ལ་མཚོན་ན་ཇི་འདྲའི་ཡིད་སྨོན་འཆོར་ས་ཞིག་དང་རོལ་རྩེད་ཀྱི་གནས་ལེགས་ཤོས་ཤིག་ཅི་ལ་མིན།ཉེ་ཆར<<སྦྲང་ཆར>>དུ་ཁ་བྱང་གཅིག་པའི་བརྩམས་སྒྲུང་《གྲོང་ཁྱེར་གྱི་འཚོ་བ》;ཞེས་པའི་སྤེལ་དང་སྤེལ་མུས་སུ་མཆིས་པ།གལ་ཏེ་བརྩམས་སྒྲུང་དེ་དག་ལ་མཉམ་འཇོག་མཁན་ཞིག་དང་ཟི་ལིང་གྲོང་ཁྱེར་གྱི་ནང་མ་ཁང་དུ་སོང་མྱོང་མཁན་ཞིག་ཡིན་ཚེ།《གྲོང་ཁྱེར་གྱི་འཚོ་བ》ཞེས་པའི་ཁ་བྱང་མཐོང་མ་ཐག་ནང་མ་ཁང་དེ་དྲན་སྲིད།
ཟི་ལིང་དུ་ནང་མ་ཁང་ཐོག་མར་དར་བའི་སྐབས་སུ་གནས་དེ་ནི་རོལ་རྩེད་བྱེད་ས་དཔལ་ཡོན་དང་ལྡན་པ་ཞིག་ཏུ་མཐོང་བ་དང་གཟའ་མཇུག་ངལ་གསོ་སའི་“གནས་མཆོག”ཅིག་ཀྱང་ཡིན་སྙམ།ཡིན་ནའང་ད་ལྟ་ཟི་ལིང་གི་ནང་མ་ཁང་དེ་ཕན་ཚུན་འཕྲོག་རྩེད་བྱེད་པའི་གཡུལ་ས་ཞིག་ཏུ་གྱུར་ཡོད(ཀློག་པོ་ལགས།ཁྱེད་ཀྱིས་འདིར་རྩྭ་ས་རྩོད་གླེང་བྱེད་ཀྱིན་འདུག་སྙམ་མམ།དེ་མ་ཡིན་ཏེ་བུད་མེད་རྩོད་ཀྱིན་ཡོད་པ་རེད་)པ་དང་།བོད་ཀྱི་སློབ་ཆེན་པ་རྣམས་ཀྱིས་མཚན་མོའི་རང་སྡྱོང་བྱེད་སའི་“སློབ་ཁང་”དུ་གྱུར་ཡོད།སྤྱི་ཚོགས་ཐོག་ལས་ཀ་ཅི་ཡང་མེད་པར་ཉི་མ་འཁྱོལ་ཐབས་བྱེད་པའི་མི་དག་ལ་མཚོན་ན་ནང་མ་ཁང་དུ་དུས་འདའ་བར་སོང་ཆོག་ཀྱང་།སློབ་ཆེན་པས་ཐོས་པ་འཚོལ་ཞིང་མཁས་པ་སློབ་པའི་གསེར་ལས་དཀོན་པའི་དུས་ཚོད་དེ་ནང་མ་ཁང་དུ་འདའ་བར་བྱེད་པ་ནི་ཇི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང་།སྐབས་འདིར་སློབ་མ་དེ་དག་གི་ཁྱིམ་བདག་དང་དགེ་རྒན་རྣམས་ཀྱི་སྙན་ལམ་དུ་“བྱིས་པ་སྐྱོབ་རོགས”
  • ལེ་ཚན་སྔོན་མ།:བོད་ ཀྱི་ ཨ་ མ་ ཚོའི་ ལས་ དབང༌།
  • ལེ་ཚན་རྗེས་མ།:གངས་ལྗོངས་གཞོན་ནུ་གསར་བ།