ནང་མ་ཁང་དང་སློབ་གྲྭ་ཆེན་མོ་བ།(2)

མེ་ལྕེ།        2010-10-19


ཞེས་པའི་ལུའུ་ཞུན་ལགས་ཀྱི་འབོད་སྐུལ་དེ་སླར་ཡང་གཏོང་དགོས་བྱུང་།དེང་སང་སློབ་ཆེན་དུ་འགྲོ་དགོས་ཚེ་སློབ་ཡོན་མང་པོ་སྤྲོད་དགོས་པ་དང་ཤེས་ཡོན་རིན་གྱིས་ཉོ་བའི་དུས་ཡིན་པས།ཡུལ་གྱི་ཕ་མས་སེན་མགོ་ཁྲག་དང་སེན་རྟིང་རྣག་བྱས་ཏེ་བསགས་པའི་སྒོར་མོ་རྣམས་གྲོང་ཁྱེར་གྱི་གྲུ་ཟུར་རེ་རེའི་ནང་མ་ཁང་དང་ཆང་ཁང་གི་ཁྲ་ཆིལ་དགུ་ཆིལ་གྱི་གློག་འོད་འོག་ཏུ་རླུང་ལ་སྤུར་བ་ཡིན་ན།འུ་ཅག་གི་ཕ་མ་དེ་དག་ཀྱང་སྙིང་རེ་རྗེ་ལ།རང་རེའི་བུ་ཕྲུག་རྣམས་ཀྱི་སེམས་པ་ཡང་གོར་མོ་རྡོ་ལས་མཁྲེགས།“ཕ་སེམས་བུ་ཐོག་དང་བུ་སེམས་རྡོ་ཐོག་”ཅེས་པ་འདི་དེང་གི་སྤྱི་ཚོགས་ལ་སྦྱར་ན་ཤིན་ཏུ་འཕྲོད་པའི་བཤད་རྒྱུར།དབྱར་དགུན་གནང་གི་སྐབས་སུ་སློབ་མ་རྣམས་ཕ་ཡུལ་དུ་ལོག་ཚེ་ནང་མ་ཁང་གི་ཚོང་ལྟོས་བཅས་ཀྱིས་མི་བཟང་ལ།སློབ་འགོ་བརྩམས་མ་ཐག་ནས་བཟུང་ཚོང་ཤིན་ཏུ་བཟང་།གཟའ་མཇུག་ཏུ་སླེབས་ཚེ་ཅོག་ཙེ་ཕལ་ཆེར་སློབ་མ་རྣམས་ཀྱིས་གང་འགྲོ།ལ་ཤག་ཤིག་ལ་གཟའ་མཇུག་དང་སློབ་ཁྲིད་ཀྱི་དུས་ཚོད་གཉིས་ཀྱི་དབྱེ་བ་མེད་པར་དུས་རྒྱུན་ཡོང་གིན་འདུག ཕལ་ཆེར་ལོ་ཉི་ཤུ་ཡས་མས་ཀྱི་དབྱེ་བ་མེད་པར་དུས་རྒྱུན་ཡོང་གིན་འདུགཕལ་ཆེར་ལོ་ཉི་ཤུ་ཡས་མས་ཀྱི་ན་གཞོན་ཕོ་མོ་དག་རེད་ཟེར།སློབ་མའི་ལས་ཀ་སློབ་གཉེར་མི་བྱེད་པར་རྣམ་གཡེང་བྱེད་པ་དང་།སློབ་མ་འགྲོ་ས་དཔེ་མཛོད་ཁང་དུ་མི་འགྲོ་བར་ནང་མ་ཁང་དུ་འགྲོ་བ།སློབ་མས་ཉོ་རྒྱུ་དཔེ་ཆ་མི་ཉོ་བར་སྦི་རག་ཉོ་བར་བྱེད་པ་ནི་དེང་གི་སློབ་ཆེན་པ་རྣམས་ཀྱི་རང་གཟུགས་རེད།དུས་རབས་ཉེར་གཅིག་པའི་བོད་སྤྱི་ཚོགས་གསར་པའི་འཛུགས་སྐྲུན་གྱི་འགན་འཁྲི་རླབས་པོ་ཆེ་ཕྲག་ཏུ་ཁུར་བའི་ན་གཞོན་སློབ་ཆེན་པ་རྣམས་ཀྱི་བྱ་སྤྱོད་འདི་དག་མཐོང་ཐེངས་རེད།ང་ཚོའི་རེ་བཞག་གི་མེ་ཏོག་སད་ཀྱིས་བཅོམ་ཞིང་ཧུར་བརྩོན་གྱི་སེམས་པ་རྨང་ནས་ཉིལ་བ་དང་མཉམ་དུ།སྲིན་བུ་མཚོ་དཀྱིལ་དུ་ལྷུང་བ་ལྟ་བུའི་སྡུག་བསྔལ་བྱུང་དང་འབྱུང་མུས་སུ་མཆིས།
ཐེངས་ཤིག་གྲོགས་པོ་ཞིག་དང་མཉམ་དུ་“དབྱངས་ཅན་མ”ནང་མ་ཁང་དུ་སོང་བ་ཡིན།དེ་རུ་སྦི་རག་གི་བཟི་སྟོབས་དང་གླུ་གར་གྱི་རྩེད་མོ་ཡིས་མགྲོན་པོ་རྣམས་སྣང་བ་ཧ་ཅང་སྐྱིད་པོ་རུ་གྱུར་འདུག ཡིན་ནའང་འཁྲབ་སྟོན་གྱི་ལེ་ཚན་གཉིས་ཀྱིས་ང་རང་སེམས་ཁམས་དྭངས་ཤིང་སྣང་བ་སྐྱིད་ཐབས་ཡེ་ནས་མི་འདུག་པར་བསམ་གཞིག་གི་མཚོ་མོར་འཇུག་དགོས་བྱུང་།གཅིག་ནི་ན་གཞོན་གླུ་པ་ཞིག་གིས་བླངས་པའི་གླུ་དབྱངས《ཆང་འདྲེན་པའི་གླུ》ཞེས་པར་འདི་འདྲའི་གླུ་ཚིག་ཅིག་འབྱུང་སྟེ།“ཆང་བཞེས་ལ།ཆང་བཞེས་ལ།ང་ཚོ་ཚང་མས་ཆང་བཞེས་ལ་”ཞེས་པའོ།།ཅི་མ་བདེན།ལྷ་སའི་དབྱར་ཁའི་གླིང་ཁ་གཏོང་བ་ནས་མདོ་སྨད་ཀྱི་དྲུག་པའི་གླུ་རོལ་སོགས་དུས་ཆེན་རེ་རེ་ལ་འུ་ཅག་གིས་ནམ་རྒྱུན་ཆང་ཕོར་སྣསྣ་ཚོགས་ཕར་འགྱོག་ཚུར་འགྱོག་གིས་ཆང་བཞེས་ཏེ་འོངས་པ་རེད་ལ།བོད་ཀྱི་ལས་ཁུངས་སོ་སོ་དང་སློབ་ཆེན་དག་ནའང་ལས་བྱེད་པ་གླང་གཉའ་ཚིལ་རྐྱལ་རྣམས་དང་།སློབ་ཆེན་པ་མགོ་སྟོང་བག་ཡངས་སུ་རྒྱུ་བ་རྣམས་ཀྱིས་ཆང་བཞེས་ཏེ་དུས་འདའ་བར་བྱེད་བཞིན་ཡོད།སོས་དལ་བག་ཕེབས་དང་སྦྲིད་ཚོར་སྒྱིད་ལུག་གིས་ཉི་མ་གཏོང་ཐབས་བྱེད་པ་ནི་འུ་ཅག་བོད་མི་རྣམས་ཀྱི་ཐུན་མོང་གི་སེམས་ཁམས་ཁྱད་ཆོས་ཤིག་རེད།
ཅིག་ཤོས་ནི་ཕོ་གསར་གསུམ་གྱིས་དེང་རབས་རོལ་ཆས་ཀྱི་གདངས་དབྱངས་དང་བསྡོངས་ཏེ་མ་ཎི་ཡིག་དྲུག་གླུ་རུ་ལེན་ཞོར་གར་སྟེགས་སུ་རྐྱང་ཕྱག་གསུམ་འཚལ་བའི་ལེ་ཚན་དེ་རེད།ལེ་ཚན་འདི་ནི་དགོད་བྲོ་ཞིང་ངུ་ཤོར་བའི་ལེ་ཚན་ཞིག་རེད་ལ།བོད་མིའི་ཀུན་སྤྱོད་ཉམས་དམས་སུ་འགྲོ་བཞིན་པ་དང་།བསམ་གཞིག་བྱེད་སྟངས་ཡ་མ་བརླ་ཡིན་པའི་མངོན་སྟངས་ཤིག་ཀྱང་རེད།
ཉེ་སྔོན་གྲོགས་པོ་རྩོམ་སྒྲིག་པ་ཞིག་དང་ལབ་གླེང་བྱེད་སྐབས་ཁོ་རང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་གི་“རང་མོས་གླེང་སྟེགས”སུ་ཞུགས་པའི་མཐོང་ཐོས་ཤིག་ང་ལ་བརྗོད་བྱུང་།བོད་ཀྱི་དགེ་རྒན་ཆེན་མོ་གཞོན་པ་ཞིག་གིས་སློབ་མ་རྣམས་ལ་“བརྗེད་མི་ཉན་པ་གསུམ”གྱི་བླང་བྱ་བཏོན་པ་དང་།“བརྗེད་མི་ཉན་པ་གསུམ”
  • ལེ་ཚན་སྔོན་མ།:བོད་ ཀྱི་ ཨ་ མ་ ཚོའི་ ལས་ དབང༌།
  • ལེ་ཚན་རྗེས་མ།:གངས་ལྗོངས་གཞོན་ནུ་གསར་བ།