དེང་སང་ཀྲུང་གོས་མའོ་ཙེ་ཏུང་ཡང་ཡང་གླེང་དོན་གང་ཡིན།

ཆོས་འཛིན་གྱིས་བསྡུས་ནས་བསྒྱུར།        2016-12-25

དེང་སང་ཀྲུང་གོས་མའོ་ཙེ་ཏུང་ཡང་ཡང་གླེང་དོན་གང་ཡིན།

      མི་རྣམས་ཀྱིས་དེང་སང་མའོ་ཙེ་ཏུང་ལ་དྲན་གསོ་ཞུ་བ་ནི་སྔོན་ཆད་དུ་ལོག་པ་དང་དབུལ་པོའི་འཚོ་བ་རོལ་བསམ་པ་མ་ཡིན་པར།མའོ་ཙེ་ཏུང་ནི་ངན་སྤྱོད་ལ་མི་སྐྲག་མཁན་དང་གནམ་སའི་བར་ཀྲོང་ངེར་ལངས་ཤིང་ཤོག་བུའི་སྟག་ལ་མཐོང་ཆུང་བྱས་ཏེ་ཀྲུང་གོའི་མིར་བློ་སྟོབས་ཆེར་སྐྱེད་བྱས་བཅུག་མཁན་རླབས་པོ་ཆེ་ཞིག་ཡིན་པའི་རྐྱེན་གྱིས་རེད།

      ད་ལྟར།   ཨ་རིས་སྐད་གདངས་མཐོན་པོས་བསྐྱར་དུ་གླིང་ཆེན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་ལ་ཕྱིར་ལོག་པ་ཡིན་ཞེས་ཁ་གཏད་འཇལ་སའི་དམིགས་འབེན་གཙོ་བོ་ནི་ཀྲུང་གོ་རེད། ཨ་རི་བར་རང་ལ་ཡིད་ཆེས་བྱེད་པའི་བསམ་པ་ཆེན་པོ་ཡོད་ལ།རང་ཉིད་ཀྱི་ལྟ་ཚུལ་ལ་སྦས་སྦས་སྐུང་སྐུང་སྤུ་ཙམ་ཡང་མི་བཟོ་བ།  ཨ་རིའི་ཁེ་ཕན་དེ་མཐོ་ཤོས་ཡིན་ལ་ཨ་རིས་འཛམ་བུ་གླིང་ལ་འགོ་ཁྲིད་བྱ་རྒྱུའི་གོ་གནས་དེ་དོར་རྒྱུ་མེད་ཅེས་པ།  དེ་ནས་ཀྲུང་གོའི་མཐའ་འཁོར་གྱི་རྒྱལ་ཁབ་འགའ་ཞིག་གིས་ཀྱང་དེ་དང་བསྟུན་ནས་འཚབ་འཚུབ་བྱེད་ཅིང་ཝ་མོ་སྟག་བརྫུས་ཀྱིས་མཚོ་ལྷོར་ཧམ་སེམས་སྐྱེ་བས་ཀྲུང་གོ་བར་ཡིད་སུན་པོ་ཆེན་པོ་བཟོ་བ།

      ཨ་རི་བཙན་ཤེད་ཆེ་བས་སྣང་འཇོག་མི་བྱས་ན་མི་འགྲིག་པ།འདས་ཟིན་པའི་ལོ་ཁ་ཤས་འདིའི་ནང་ཨ་རིས་དང་ཐོག་སུའུ་ལེན་རིམ་འདས་རྒྱལ་ཁབ་ཀྱི་གྲལ་ནས་ཁྲི་འབུད་བཏང་ནས་ཁོ་རང་རྒྱལ་ཁབ་གཅིག་པོས་སྒེར་དབང་སྤྱད་དེ་འཛམ་བུ་གླིང་ལ་དབང་ཤུགས་སྤྱོད་ངོམ་བྱེད།  དེ་རྗེས་ནན་སི་ལ་ཧྥུ་ལ་འབར་མདེལ་དབྱུགས་ནས་དངོས་གནས་ནན་སི་ལ་ཧྥུ་གནའ་འབྲེལ་རྒྱལ་ཁབ་དེ་གཏོར་ཕམ་བཏང་བ།  དེའི་རྗེས་སུ་ཨ་ཧྥུ་ཧན་དང་དབྱི་རག་རྒྱལ་ཁབ་གཉིས་ལ་དམག་འཁྲུག་བསླངས་པ།ཉེ་ཆར་ཡང་ལི་པི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་ཁ་ཀྲ་ཧྥེ་ལ་འབར་མདེལ་དབྱུགས་ནས་ཕམ་པ་བཟོས་པ་ལ་སོགས་པ་རེད། མདོར་ན། ཨ་རིས་སུ་ཚར་གཅོད་གཏོང་བསམ་ན་སུ་ཚར་གཅོད་བཏང་བ། ཁོ་ལ་རྗེས་འདེད་བྱེད་མཁན་གྲོགས་ངན་ཁག་གཅིག་ཡོད་པས།མཉམ་འབྲེལ་རྒྱལ་ཚོགས་དེ་ནམ་རྒྱུན་ཁོ་པས་རྩེད་མོ་རྩེ་ས་བྱེད་ཀྱི་ཡོད།   ད་ལྟར་ཡང་སི་རི་ཡ་རྒྱལ་ཁབ་ལ་དམག་རྒྱག་འགོ་ཚུགས་པ་དང་དབྱི་ལང་ལ་དམག་རྒྱག་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་།བསྐྱར་དུ་གླིང་ཆེན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་ལ་ཕྱིར་ལོག་པ་ཡིན་ཞེས་ཁྱབ་བསྒྲགས་བྱས།  ཁྱོད་ཀྱིས་ཤོད་དང་ཨ་རི་བཙན་པོ་རེད་དམ་མ་རེད།  ཨ་རིའི་རྫིག་ཉམས་སྟོན་པར་དམིགས་ནས་ཀྲུང་གོ་བ་དང་ལྷག་པར་དུ་ན་གཞོན་ཚོས་རྒྱལ་ཁབ་ཀྱི་དོན་དུ་སེམས་ཁྲལ་བྱེད་ཅིང་ཁ་གཏད་འཇལ་ཐབས་མང་པོ་བཏོན་པ་རེད།  དེ་གོ་ཆོད་མི་ཆོད་ལ་མ་བལྟས་པར་གང་ལྟར་རྒྱལ་ཁབ་དར་རྒུད་ཀྱི་གནད་དོན་ཐད་མི་ཚང་མར་འགན་ཡོད་པ་རེད།

དེང་སང་ཀྲུང་གོས་མའོ་ཙེ་ཏུང་ཡང་ཡང་གླེང་དོན་གང་ཡིན།

      ཉེ་བའི་ལོ་ཤས་རིང་།  རྒྱལ་ནང་གི་མཁས་པ་འགའ་ཞིག་གིས་རྩོམ་ཡིག་སྤེལ་ནས་ཨ་འགོག་ཁྲའོ་རོགས་ཀྱི་དམག་འཁྲུག་ལ་དཔྱད་གཏམ་བརྗོད་པ།   བཤད་ཚུལ་གཙོ་བོ་ནི་མའོ་ཀྲུའུ་ཞི་ལ་ཅིན་རི་ཁྲེང་དང་སི་ཏ་ལིན་གཉིས་ཀྱི་མགོ་སྐོར་ཐེབས་ནས་གྱོང་ཁ་ཆེན་པོ་ཁུར་བ་དང་མི་མང་པོ་རང་སྲོག་བློས་བཏང་སོང་ཟེར།

      འོན་ཀྱང་ཕྱོགས་གཞན་ཞིག་ཁོ་ཚོས་གསལ་པོར་བཤད་མེད་པ་སྟེ།གཞན་པ་ཨ་རི་རྒྱང་རིང་གི་ས་ནས་ཞི་བདེ་རྒྱ་མཚོ་ཆེན་པོ་བརྒལ་ཏེ་ཁྲའོ་ཞན་གླིང་ཕྲན་ཕྱེད་ཙམ་གྱི་དམག་འཁྲུག་ལ་སྟོབས་ཤུགས་གང་ཡོད་འདོན་ཞིང་གནམ་གྲུ་དང་མེ་སྒྱོགས། ཐན་ཁེ།དམག་གྲུ་བཅས་ཀྱིས་ནམ་མཁའ་གཡོ་བའི་ལྡིར་སྒྲ་གྲག་པ་དེ་ཅིའི་དོན་རེད།  ཨ་རི་ཁེ་ཕན་གྱི་དོན་དུ་ཐག་རིང་ནས་ཡོང་བ་ཡིན་ན།   ཁྲའོ་ཞན་དང་ཁྱིམ་མཚེས་ཡིན་པའི་ཀྲུང་གོར་ཁེ་གྱོང་གི་འབྲེལ་བ་མེད་པ་ཡིན་ནམ།

      ཀྲུང་གོ་དེ་དུས་དབུལ་ཞིང་སྟོབས་ཞན་ལ།སྐམ་ས་ཆེན་པོ་ཚང་མ་ད་དུང་བཅིངས་འགྲོལ་བཏང་ཐུབ་མེད་པས།ཀྲུང་གོ་ཧྲིལ་པོ་ད་དུང་དབུལ་པོ་དབུལ་རྐྱང་ཡིན་པ་ནི་དངོས་གནས་རེད།ཨ་རི་ཧ་ཅང་སྟོབས་ཆེ་བས།   ཞི་ཐེ་ལེ་ཕམ་པར་བཟོ་མཁན་འཇོན་ཐང་ཅན་སི་ཏ་ལིན་ཀྱང་འཇིགས་ནས་དམག་འཁྲུག་དེའི་ནང་ཞུགས་འདོད་མེད་པ་རེད།   ཨ་རིས་ཀྲུང་གོ་མིག་སྣང་དུ་གཏན་ནས་བཞག་མེད་པར།   ཁོ་པ་ཚོས་ཀྲུང་གོར་སྙིང་སྟོབས་བརྒྱ་གཡར་ནའང་ང་ཚོ་ཨ་རི་དང་ཁ་གཏད་ལངས་ཕོད་ཀྱི་མ་རེད་བསམས་པ།    བསམ་ཡུལ་ལས་འདས་པ་ནི་མའོ་ཙེ་ཏུང་གིས་ཕྱག་ལག་ཆེན་པོ་དབྱུག་པས་ན་དང་བླངས་དམག་ཡ་ལོའུ་ཅང་གཙང་པོ་བརྒལ་ནས་འཕྲེད་ཐིག་སོ་བརྒྱད་པའི་ས་མཚམས་བར་དམག་འཁྲུག་ཐེངས་མ་གསུམ་བརྒྱབ་པ།   རྗེས་སུ།  ཨ་རི་བས་ནོར་འཁྲུལ་གྱི་དམག་འཁྲུག་ཅིག་རྒྱག་སོང་ཞེས་སྐྱོན་ཞིབ་བྱས། དེ་ནས་བཟུང་ཨ་རི་བ་ཁ་ངོ་ཐལ་རྡུལ་ཁེངས་ཁེངས་ལོ་མང་རེད་སོང་།  ཁོ་པས་ནོར་འཁྲུལ་ག་ནར་ཤོར་བ་རེད་ཟེར་ན། ཁ་གཏད་བྱེད་ཡུལ་བདམ་ནོར་བས་རེད།   ཀྲུང་གོས་རིན་དོད་ཧ་ཅང་ཆེན་པོ་བརྒྱབ་ཡོད་མོད།  འོན་ཀྱང་ཟིལ་ཤུགས་འཛུགས་ཐུབ་ཡོད།ལོ་ངོ་དྲུག་ཅུ་འདས་རྗེས།  དེ་དུས་ཀྱི་གནས་ཚུལ་འདྲ་པོ་ད་སང་ཡང་བསྐྱར་ཡོང་བ།  ལོ་ངོ་དྲུག་ཅུ་ཕྱིན་རྗེས། ང་ཚོས་གཞི་ནས་དེ་དུས་འཐབ་པའི་དམག་འཁྲུག་གི་ཐོབ་ཤོར་ལ་ངོས་འཛིན་གསལ་པོར་བྱེད་ཐུབ་ཀྱི་རེད།

      དུས་རབས་གོང་མའི་ལོ་རབས་དྲུག་ཅུ་པར།   ཀྲུང་གོ་དང་སུའུ་ལེན་བར་གྱི་འབྲེལ་བ་ངན་འགྱུར་བྱུང་བས།    སུའུ་ལེན་གྱིས་རྒྱལ་ཁབ་གཉིས་ཀྱི་ས་མཚམས་ལ་དམག་མི་ཁྲི་བརྒྱ་ཕྲག་བཀྲམ་པ།སུའུ་ལེན་ནི་རིམ་འདས་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས།ཨ་རི་ཡིན་ཡང་ཅུང་འཇིགས་སྐྲག་བྱེད་ཀྱི་ཡོད།རྒྱལ་ཤུགས་དང་མཚོན་ཆའི་སྒྲིག་ཆས་ཚང་མའི་ཐད་ཀྲུང་གོ་ལས་ལྡབ་མང་པོ་ཆེ་བ།གནས་ལུགས་ལྟར་བཤད་ན།ཕྱོགས་གཅིག་ནི་རིམ་འདས་རྒྱལ་ཁབ་ཆེན་པོ་ཨ་རིའི་སྐོར་རྒྱ་རེད།ཕྱོགས་གཞན་ཞིག་ནི་རིམ་འདས་རྒྱལ་ཁབ་ཆེན་པོ་སུའུ་ལེན་གྱི་དཔུང་ཚོགས་ཆེན་པོ་རྒྱལ་མཚམས་ལ་འབྱར་བས།ཀྲུང་གོ་ནི་ཉེན་ཁ་མིག་རྩར་སླེབས་ཤིང་བྱ་ཐབས་ཅི་ཡང་མེད་པ་ལྟ་བུ་རེད།འོན་ཀྱང་ས་ཆ་སྦར་མཐིལ་ཙམ་གྱི་ཀྲེན་པའོ་ཏའོ་གླིང་གི་དོན་དུ་ཀྲུང་གོའི་མེ་སྒྱོགས་ཆེན་པོའི་ཁ་གྲག་ནས་སུའུ་ལེན་གྱིས་ཀྲེན་པའོ་ཏའོ་གླིང་ལ་གཏོང་ཡོང་བའི་ཐན་ཁེ་ཆེ་གྲས་དར་ཆགས་ཐོག་ནས་ཆུ་འོག་ལ་ནུབ་བཅུག་པ།དེ་འདྲ་བྱེད་དགོས་དོན་ཅི་རེད་ཟེར་ན།  དེ་ནི་རྒྱལ་འཛུགས་ཀྱི་རྩ་དོན་ཏེ།གཞན་གྱིས་རང་ལ་མ་གནོད་ན། རང་གིས་གཞན་ལ་གནོད་མི་བྱེད།གཞན་གྱིས་རང་ལ་གནོད་བྱས་ན། རང་གིས་གཞན་ལ་གནོད་ངེས་ཡིན་ཞེས་པ་དེ་ལས་གཞན་གང་ཡང་མ་རེད།

      མའོ་ཙེ་ཏུང་གི་དུས་རབས་ལ།ཀྲུང་གོས་ཕྱི་རྒྱལ་དང་དམག་ཐེངས་མ་གསུམ་བརྒྱབ་ཡོད།དང་པོ་ནི་ཨ་འགོག་ཁྲའོ་རོགས་ཀྱི་དམག་འཐབ་རེད།དེ་ནི་ཕྱོགས་གཉིས་ཀྱི་ཐག་གཅོད་དམག་འཐབ་ཅིག་ཡིན་པས་སྟོབས་ཤུགས་གང་ཡོད་འདོན་དགོས་པ་ཞིག་རེད།ཨ་རིའི་དམག་དཔུང་འཕྲེད་ཐིག་སོ་བརྒྱད་པའི་ས་མཚམས་ལས་བརྒལ་ཡོང་ན།ང་ཚོས་དམག་གཏོང་བ།དམག་བརྒྱབ་ནས་འཕྲེད་ཐིག་སོ་བརྒྱད་པའི་ས་མཚམས་ལ་སླེབས་དུས་ང་ཚོས་དམག་རྒྱག་མཚམས་བཞག་པ།དེ་ལ་རྒྱུ་མཚན་ཡོད་པ་དང་མཚམས་ཚིགས་ཡོད་པ་ཟེར།ཀྲུང་གོས་ཧིན་རྡུ་ལ་རྒོལ་ལན་སློག་པའི་དམག་འཐབ་རྒྱག་དུས།ཧྲི་འགའ་ཞིག་བཏང་ནས་ཧིན་རྡུའི་དམག་མི་རྒྱལ་མཚམས་ཕར་ནང་བདས་རྗེས་དམག་མཚམས་བཞག་ཅིང་བཟུང་དམག་དང་རྩིས་ལེན་བྱས་པའི་མཚོན་ཆ་ཚང་མ་ཕྱིར་སྤྲད་པ།དེ་ལ་ཚད་རན་པ་ཞིག་ལ་བར་མཚམས་བཞག་པ་ཟེར།ཀྲེན་པའོ་ཏའོ་གླིང་གི་དམག་འཐབ་ནི་གནད་ཐོག་འཁེལ་ཙམ་བྱས་ནས་མཚམས་བཞག་པ་ཟེར་བ་འབའ་ཞིག་རེད།

      གནའ་དུས་ནས་དམག་དོན་མཁས་པས་དམག་འཁྲུག་ལ་དགའ་བ་མིན།མའོ་ཙེ་ཏུང་དམག་དོན་ལ་མཁས་པ་ཡིན་རུང་དམག་འཁྲུག་ལ་དགའ་པོ་མིན།དམག་ཐེངས་མ་གསུམ་བརྒྱབ་པ་ཚང་མ་ནི་ཞི་མཐུན་ཡོང་ཆེད་རེད།དམག་འཐབ་གཅིག་ལས་གཅིག་ཆུང་བ་ཡིན་རུང་།འཐབ་ཀྱིན་འཐབ་ཀྱིན་བློ་གྲོས་ཆེན་པོ་ལྡན་པར་གྱུར།ཁྱད་པར་དུ་ཀྲེན་པའོ་ཏའོ་གླིང་གི་དམག་འཐབ་རྒྱག་སྐབས།མེ་སྒྱོགས་འགའ་ཞིག་བརྒྱབ་རྗེས་དེ་ནས་བཞག་པ།དེའི་རྗེས་སུ་ས་ཕུག་གཏིང་རིང་འདྲུ་བ་དང་འབྲུ་རིགས་རྒྱ་ཁྱབ་ཏུ་གསོག་པ་བྱས་ཏེ་དམག་ཆེན་པོ་རྒྱག་པ་དང་ཡུན་རིང་རྒྱག་རྒྱུའི་བཟོ་ལྟ་བསྟན།དེ་ནས་ཕིང་ཕང་སྤོ་ལོའི་ཕྱི་འབྲེལ་བྱེད་ཐབས་སྤྱད་དེ་ཨ་རི་དང་འབྲེལ་བ་ལེགས་བཅོས་བཏང་ནས་ཨ་རི་དང་སུའུ་ལེན་ཕྱོགས་གཉིས་ཀྱི་སྐོར་རྒྱ་ལས་ཐར་བ་བྱས།མའོ་ཙེ་ཏུང་ནི་དངོས་གནས་མཁས་མཆོག་ཡིན་ཞིང་ཁྱད་འཕགས་ཀྱི་འཐབ་ཇུས་སྤྱན་གཟིགས་དང་ཁྱད་འཕགས་ཀྱི་བཀོད་འདོམས་སྒྱུ་རྩལ་ལྡན་པ།དུས་རབས་ཀྱིས་དཔའ་བོ་བསྐྲུན།ཀྲུང་གོར་མའོ་ཙེ་ཏུང་ཟེར་བ་ཞིག་འཁྲུངས་པ་དེ་ནི་དངོས་གནས་ཀྲུང་གོའི་མི་དམངས་ཀྱི་བསོད་བདེ་རེད།

      དེང་སང་གི་ཀྲུང་གོ་དེ་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་དྲུག་ཅུ་པ་དང་གཏན་ནས་འདྲ་གི་མ་རེད།འབྱོར་ཕྱུག་ལྡན་ལ་སྟོབས་ལྡན་དུ་འགྱུར་ཞིང་གྲོགས་མེད་ཁེར་རྐྱང་རྩ་བ་ནས་མིན་པ།ཉིང་རྡུལ་མཚོན་ཤུགས་ཆེ་བའི་རྒྱལ་ཁབ་ཨུ་རུ་སུ་དང་འདྲ་མཉམ་གྱི་རེ་འབོད་མང་པོ་ཡོད་པས།ལག་འབྲེལ་གྱིས་མཉམ་དུ་མདུན་སྐྱོད་དང་ཕྱིར་བཤོལ་བྱས་ཆོག་གི་རེད།རིམ་འདས་རྒྱལ་ཁབ་ཆེན་པོ་ཨ་རི་དང་ཡང་རྐྱང་འགྲན་མིན་པས། ཁྱོད་ཀྱི་ནང་ང་ཡོད་ལ།ངའི་ཁྲོད་དུ་ཁྱོད་ཡོད་པ།ཀྲུང་གོའི་ཨ་སྒོར་དུང་ཕྱུར་ཁྲི་འགའ་ཞིག་དེ་ནར་བཞག་ཡོད་ཅིང་ཨ་སྒོར་ཁྲི་དུང་ཕྱུར་ལངས་པའི་ཨ་རིའི་རྒྱལ་བུན་ང་ཚོའི་ལག་ཏུ་ཡོད་པ།ཨ་རི་བ་ཞོགས་པ་ཡར་ལངས་པ་ནས་དགོང་མོ་མར་ཉལ་བར་གྱི་ཟ་རྒྱུ་དང་སྤྱོད་རྒྱུའི་ནང་ཀྲུང་གོ་ནས་ཐོན་པའི་དངོས་རྫས་མང་ཉུང་ག་ཚོད་ཡོད་དམ།ད་སང་གླིང་ཆེན་ཡོ་རོབ་བར་བུ་ལོན་ཉམས་ཉེན་ཐེབས་པས།ཉིན་རྟག་པར་ཀྲུང་གོར་རོགས་རམ་བྱེད་རོགས་ཞུ་བ།ཀྲུང་གོའི་མཐའ་འཁོར་གྱི་རྒྱལ་ཁབ་འགའ་ཞིག་གིས་ཕར་ལྟ་ཚུར་ལྟ་བྱེད་ཅིང་འགྱུར་ལྡོག་མང་བ།དེ་དག་ལ་དམིགས་ནས་ད་ལྟར་ང་ཚོར་དགོས་མཁོ་ཆེ་བ་ཅི་རེད་ཟེར་ན།ང་ཚོའི་མདུན་དུ་ལྷག་པའི་གནད་དོན་ཧ་ཅང་མང་པོ་ཡོད་ལ་ཆེན་པོ་ཡིན་པས།བློ་གྲོས་ཆེན་པོ་དགོས་པ་རེད།དེ་ནི་མི་སྣ་གཅིག་གི་བློ་གྲོས་ཆེན་པོ་མ་ཡིན་པར་ཚོགས་པ་ཞིག་གི་བློ་གྲོས་ཆེན་པོ་ཡིན་པ།

      མའོ་ཙེ་ཏུང་ནི་དཔེ་དེབ་ཆེན་པོ་ཞིག་ཡིན་པས་ཀྲུང་གོ་བའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན།ཕྱི་རྒྱལ་བ་ལྷག་པར་དུ་ཨ་རི་བས་ཀྱང་ཁོང་ལ་ཞིབ་འཇུག་ནན་ཏན་བྱས་ཏེ་དེ་ནས་ཤར་ཕྱོགས་ཀྱི་བློ་གྲོས་རྙེད་ཐབས་བྱེད་བཞིན་ཡོད་པས་ན།གལ་ཏེ་ང་ཚོ་རང་གིས་ཞིབ་འཇུག་ཡག་པོ་མ་བྱས་ན།དེ་ནི་དངོས་གནས་བླུན་འཐོམས་ཆེན་པོ་ཞིག་རེད།

      མའོ་ཙེ་ཏུང་གིས་ཁ་ཐོར་དགུ་ཐོར་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ།མི་སེར་སྤེལ་ཡུལ་ཕྱེད་ཙམ་བཅས་ཡིན་པའི་ཀྲུང་གོ་རྙིང་པ་དེ་གསར་དར་བྱུང་བ་དང་གཞི་རྩའི་ཐོག་གཅིག་གྱུར་ཡིན་པ།མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅིག་ཏུ་བསྒྱུར་བ།

      ཆབ་སྲིད་ཐོག་ནས་བཤད་ན།མའོ་ཙེ་ཏུང་ནི་ཀྲུང་གོའི་ལོ་རྒྱུས་ཐོག་གི་བཅོས་བསྒྱུར་བྱེད་མཁན་རླབས་པོ་ཆེ་ཞིག་ཡིན།

      མའོ་ཙེ་ཏུང་གིས་རྒྱང་སྐྱོད་ཀྱི་རྗེས་སུ་ཁྲི་གསུམ་ཁ་མི་ལངས་པའི་དམག་དཔུང་ལ་བཀོད་འདོམས་བྱས་ཏེ་ལྷོ་བྱང་གང་སར་བསྐྱོད་དེ་བསྟུད་མར་དམག་འཐབ་བྱེད་ཅིང་མཐར་ལིའོ་ཧྲེན་གཡུལ་འགྱེད་དང་ཧོའེ་ཧའེ་གཡུལ་འགྱེད།ཕིང་ཅིན་གཡུལ་འགྱེད་བཅས་གཡུལ་འགྱེད་ཆེན་པོ་གསུམ་བརྒྱབ་ནས་རྩ་བའི་ཐོག་ནས་ཅང་ཅེ་ཧྲིས་འགོ་ཁྲིད་བྱེད་པའི་ཁྲི་དམག་བརྒྱད་བརྒྱའི་དམག་དཔུང་ཕམ་པ་བཟོས་པ།ད་ལྟར་སྔར་བཞིན་ཨ་རིའི་ཞི་ཏན་དམག་དོན་སློབ་གྲྭའི་སློབ་དེབ་ཡིན་པའི་རྒྱུན་སྲིང་དམག་འཁྲུག་སྐོར་གྱི་རྣམ་བཤད།དང་རི་འགོག་ངེས་མེད་རྒོལ་རྡུང་དམག་འཐབ་བྱེད་རིང་གི་འཐབ་ཇུས་སྐོར་གྱི་གནད་དོན།ཞེས་པ་གཉིས་དེ་ནི་མའོ་ཙེ་ཏུང་གི་དམག་དོན་རིགས་པའི་གཞུང་ལུགས་ནང་གི་ཚབ་བྱེད་གསུང་རྩོམ་ཡིན།

      དམག་དོན་ཐོག་ནས་བཤད་ན།  མའོ་ཙེ་ཏུང་ནི་ཀྲུང་གོའི་ལོ་རྒྱུས་ཐོག་གི་དམག་དོན་མཁས་པ་རླབས་པོ་ཆེ་ཞིག་ཡིན།

      མའོ་ཙེ་ཏུང་གིས་ཚེ་གང་ལ་རང་ཉིད་ཀྱི་འདུ་ཤེས་ཏེ་མི་དམངས་ལ་ཞབས་འདེགས་ཞུ་དགོས་ཞེས་པ་དེ་རྒྱུན་འཁྱོངས་བྱས་ཡོད།གནའ་རབས་ནས་གོང་མ་དང་རྒྱལ་པོ་ཚོས་རང་ཉིད་ཁོ་ནར་བསམ་བློ་བཏང་བ།དྲག་ནའང་གོང་མའི་སྲིད་གཞུང་ལ་བསམ་བློ་བཏང་བ།མའོ་ཙེ་ཏུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་ཞབས་འདེགས་ཞུ་རྒྱུའི་དར་ཆ་མཐོན་པོར་སྒྲེང་བ།དེ་ནི་གོང་མ་དང་རྒྱལ་པོ་གང་གིས་ཀྱང་དོ་ཟླ་བྱེད་ཐབས་བྲལ་བ་ཞིག་རེད།

      དམངས་སེམས་ཐོག་ནས་བཤད་ན།མའོ་ཙེ་ཏུང་ནི་ཀྲུང་གོའི་ཆེས་མང་ཆེ་བའི་དམའ་རིམ་དམངས་ཚོགས་ཀྱི་མགོན་སྐྱབས་ཆེན་པོ་ཞིག་ཡིན།

      མའོ་ཙེ་ཏུང་ནི་ཚེ་གང་ལ་སྤྱོད་གཙང་ཡིན་པ།ཨམ་ཕྲག་སྟོང་སེང་དང་སྤྱོད་གཙང་གིས་སྲིད་དོན་ལ་བརྩོན་པ།ཆེས་མཐོ་བའི་དབུ་ཁྲིད་མི་སྣར་བཤད་ན།དཀའ་སྤྱད་བབ་ཆགས་ཀྱིས་ཚེ་གང་སྐྱེལ་བ་དང་རྒྱས་སྤྲོས་བྱེད་ཆེ་ནའང་དམར་བཙོས་ཤ་ཕོར་པ་གང་རེད། ཁོང་གིས་དཔོན་ངན་ཟ་རྔམ་ཅན་ལ་རབ་ཏུ་འཁོན་པས།   ཕངས་སེམས་སྐྱེ་རུང་སྐུ་ངོ་མས་བཀའ་བཀོད་གནང་ནས་མཐོ་རིམ་དཔོན་ངན་ཟ་རྔམ་ཅན་ཀྲང་ཙི་ཧྲ་དང་ལིའུ་ཆིང་ཧྲན་གཉིས་སྲོག་ཆད་བཏང་བ།ད་རུང་རང་གི་བུ་རྒྱུད་དང་རྗེས་རབས་པ་ཚོར་སྤྱོད་པ་གཙང་ཞིང་ལྷག་བསམ་རྣམ་དག་གིས་གཞུང་དོན་སྒྲུང་དགོས་ཞེས་བླང་བྱ་བཏོན་གནང་བ།

      སྤྱོད་གཙང་ཐད་ནས་བཤད་ན།མའོ་ཙེ་ཏུང་ནི་ཀྲུང་གོའི་ཆེས་སྤྱོད་གཙང་ལྡན་པའི་གཙོ་འཛིན་མི་སྣ་ཞིག་ཡིན།

      མའོ་ཙེ་ཏུང་ནི་སྤྱོད་པ་ཚུལ་མཐུན་ཡིན་ཞིང་།བཙན་དབང་པ་སུའུ་ལེན་དང་ཨ་རི་གཉིས་ལ་མི་འགྲིག་ཟེར་ཕོད་པ།མི་རིགས་ཀྱི་ཁེ་ཕན་དང་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཕོད་པ།ཨམ་གཙིགས་བསྡམས་ནས་སུའུ་ལེན་དང་ཨ་རི་གཉིས་ཀྱིས་ཉིང་རྡུལ་མཚོན་ཆ་རྒྱག་རྒྱུ་ཡིན་ཞེས་འཇིགས་སྐུལ་སློང་བའི་གནོན་ཤུགས་འགོག་སྟེ་ཉིང་རྡུལ་འབར་མདེལ་དང་འཕུར་མདའ།འཁོར་སྐར་གསུམ་བཟོ་ཕོད་པས།རྗེས་རབས་པ་ཚོས་མའོ་ཙེ་ཏུང་གིས་བཏེག་པའི་ཉིང་རྡུལ་མཚོན་ཆའི་སྲུང་སྐྱོང་གི་གདུགས་འོག་ལ་ཞི་བདེའི་འཚོ་བ་སྐྱེལ་ཆོག་པ།

      དཔའ་ཇུས་ཐད་ནས་བཤད་ན།མའོ་ཙེ་ཏུང་ནི་ཀྲུང་གོའི་ཆེས་རུས་པ་ཅན་གྱི་འགོ་འཛིན་མི་སྣ་ཞིག་ཡིན།

      མའོ་ཙེ་ཏུང་གིས་མི་དམངས་ཀྱི་སྡུག་བསྔལ་ལ་མཐོང་ཆེན་གནང་བ།སྨན་ཁང་ལ་དངུལ་གྱི་དོན་དུ་ཞབས་འདེགས་ཞུ་རྒྱུ་མེད་ལ།ཁྱད་དབང་ཅན་ལ་ཞབས་འདེགས་ཞུ་རྒྱུ་མེད།ངེས་པར་དུ་སྲོག་སྐྱོབ་རྨས་སྐྱོར་བྱས་ཏེ་གསར་བརྗེའི་མི་ཆོས་རིང་ལུགས་སྤེལ་དགོས་ཞེས་བཀའ་སློབ་མངོན་གསལ་གནང་བ།གོས་ཆས་དང་སྨན་རྫས་ཉུང་བའི་ལོ་རབས་ནང་སྨན་དང་སྨན་བཅོས་གྲོང་གསེབ་ཏུ་སྐྱེལ་བར་རྒྱུན་འཁྱོངས་བྱས་པ་དང་།དབུལ་ན་བསྒྱུར་བཅོས་བྱེད་བསམ་ཞེས་པ་ལྟར་ཞིང་སྡེར་སྨན་པ་རྐང་རྗེན་མ་སྐུལ་སྤེལ་བཏང་བ།རྒྱལ་ཁབ་ཀྱིས་ཁ་གསབ་བྱས་ཏེ་གཞུང་གྲོན་སྨན་བཅོས་དང་མཉམ་འབྲེལ་སྨན་བཅོས་ལས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་ནད་ལྟ་དཀའ་བའི་དཀའ་སྡུག་སེལ་བ།དངོས་འཛིན་དངོས་བསྒྲུབས་ཀྱིས་རྒྱལ་ཡོངས་ལ་རེག་དུག་རྩ་མེད་བཏང་བ་དང་མཛེ་ནད་མེད་པར་བཟོ་བ།ཁྲག་འཇིབ་འབུ་ཕྲའི་ནད་རྩ་མེད་བཏང་བ།

      གསོ་བ་རིག་པའི་ཐོག་ནས་བཤད་ན།མའོ་ཙེ་ཏུང་ནི་དངོས་གནས་སྨན་ལྷ་འཇིག་རྟེན་དུ་བྱོན་པ་ནང་བཞིན་ཡིན།

      མའོ་ཙེ་ཏུང་གིས་སློབ་གསོར་མཐོང་ཆེན་གནང་བ།སློབ་གསོས་ངེས་པར་དུ་བཟོ་ཞིང་དམག་གསུམ་ལ་ཞབས་འདེགས་ཞུ་བ་དང་ངེས་པར་དུ་ཐོན་སྐྱེད་ངལ་རྩོལ་དང་ཟུང་འབྲེལ་བྱེད་དགོས།ངེས་པར་དུ་སྤྱོད་ལམ་དང་ཤེས་རིག   ལུས་རྩལ་བཅས་ཕྱོགས་ཡོངས་ནས་གོང་འཕེལ་ཡོང་བའི་སློབ་མ་གསོ་སྐྱོང་བྱེད་དགོས་ཞེས་བཀའ་སློབ་གསལ་པོ་གནང་བ།རྒྱལ་དམངས་དཔལ་འབྱོར་དཀའ་ངལ་ཧ་ཅང་ཆེ་བའི་གནས་ཚུལ་འོག་འོས་འགན་གྱི་སློབ་གསོ་རྒྱུན་འཁྱོངས་བྱས་པ།མའོ་ཙེ་ཏུང་གི་དུས་རབས་ལ།སློབ་ཆུང་གི་སློབ་ཡོན་སློབ་དུས་རེར་སྒོར༡.༥ཡིན་པ།(དེའི་ནང་ད་དུང་སློབ་དེབ་ཀྱི་རིན་འདུས་ཡོད།)སློབ་གྲྭ་ཆེན་པོར་སློབ་མ་ཚང་མས་སློབ་ཡོན་སྤྲོད་མི་དགོས་པ།ད་དུང་དགེ་འོས་དང་རྡོ་སྣུམ།ལྕགས་ལམ།མཁའ་འགྲུལ།ཡིག་ཟམ་གློག་འཕྲིན་སོགས་སློབ་གྲྭ་ཆེན་པོའི་སློབ་མ་ཚོར་ཕོགས་སྤྲད་པ།འདི་འདྲའི་སློབ་ཡོན་མི་དགོས་པའི་སློབ་གསོའི་མ་ལག་དེ་ད་སང་མཐོང་དཀོན་དུ་གྱུར་པ།

      སློབ་གསོའི་ཐོག་ནས་བཤད་ན།མའོ་ཙེ་ཏུང་ནི་ཁུང་ཙི་ལས་ལྷག་པའི་སློབ་གསོ་བ་རླབས་པོ་ཆེ་ཞིག་ཡིན།

      མའོ་ཙེ་ཏུང་གིས་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་གཏང་རྒྱུ་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱ་རྒྱུར་མཐོང་ཆེན་གནང་བ།རྒྱལ་ཁབ་ཀྱི་བདག་དབང་དང་ལ་རྒྱ་འཚོ་སྲུང་བྱེད་ཆེད།མའོ་ཙེ་ཏུང་གི་དུས་རབས་ཀྱི་ཀྲུང་གོར་བཙན་རྒྱལ་རིང་ལུགས་ཀྱིས་བཀག་སྡོམ་བྱས་པ་ཡོད་ལ།བཟོ་བཅོས་རིང་ལུགས་ཀྱི་གཉའ་གནོན་བྱས་པའང་ཡོད། འདི་འདྲ་དམིགས་བསལ་གྱི་གནས་ཚུལ་འོག་མའོ་ཙེ་ཏུང་གིས་དཔལ་འབྱོར་འཕེལ་རྒྱས་གཏང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྐུ་ངོ་མས་རྒྱལ་དམངས་དཔལ་འབྱོར་གོང་འཕེལ་གཏོང་བར་ཁྲིད་སྟོན་བྱེད་ཡསའབྲེལ་བ་ཆེན་པོ་བཅུ་སྐོར་གྱི་རྣམ་བཤད།བྲིས་པ་དང་།དབུལ་ཞིང་སྟོང་པའི་ཀྲུང་གོ་རྙིང་པ་དེ་ནང་བུན་མེད་ལ་ཕྱི་བུན་ཡང་མེད་ཅིང་རིམ་བཞིན་དར་རྒྱས་ཕྱོགས་སུ་འགྲོ་བའི་ཀྲུང་གོ་གསར་པ་ཞིག་ཏུ་བསྒྱུར་བཀོད་བཏང་བ།མའོ་ཙེ་ཏུང་གིས་ཐ་ན་ཞིང་པས་ཞིང་འདེབས་རྒྱུའི་སྐོར་ལ་སྐུ་ངོ་མས་སྐད་གྲགས་ཡོད་པའི་ས་དང་ལུད། ཆུ། སོན། མཐུག སྲུང་།  གཉེར།  ཆས་བཅས་ཡིག་འབྲུ་བརྒྱད་ཀྱི་བྱེད་ཕྱོགས་བཏོན་པ་རེད།  རིག་གནས་གསར་བརྗེ་ཆེན་པོའི་དུས་རིམ་ཡིན་ནའང་།  མའོ་ཙེ་ཏུང་གིས་རྒྱལ་ཡོངས་ལ་གསར་བརྗེ་དམ་འཛིན་བྱས་ནས་ཐོན་སྐྱེད་ལ་སྐུལ་སྤེལ་དང་ལས་ཀར་སྐུལ་སྤེལ།དམག་གྲབས་ལ་སྐུལ་སྤེལ་བཅས་བྱེད་དགོས་ཞེས་པའི་ཆེས་གལ་ཆེ་བའི་བཀའ་སློབ་གནང་ནས་དཔལ་འབྱོར་འཕེལ་རྒྱས་གཏང་རྒྱུར་མཐོང་ཆེན་གནང་བ།

      དཔལ་འབྱོར་ཐོག་ནས་བཤད་ན།མའོ་ཙེ་ཏུང་ནི་དངོས་དོན་གཉེར་མཁན་གྱི་དཔལ་འབྱོར་རིག་པ་མཁས་ཅན་ཞིག་ཡིན།

      མའོ་ཙེ་ཏུང་གིས་སྔར་ནས་དམངས་གཙོར་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད།སྔ་མོ་ནས་སྐད་གྲགས་ཡོད་པའི་ལྔ་བཞི་ལས་འགུལ་སོགས་དམངས་གཙོའི་ལས་འགུལ་ནང་ཞུགས་ཤིང་ཏང་ནང་ལ་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་པ།མང་ཚོགས་ཀྱི་ཁྲོད་ནས་བླངས་ཏེ་མང་ཚོགས་ཀྱི་ཁྲོད་དུ་སྤེལ་བ་དང་།མང་ཚོགས་ལ་ཡིད་ཆེས་བྱེད་པ་དང་མང་ཚོགས་ལ་རྟེན་པའི་དམངས་གཙོའི་སྤྱོད་ཚུལ་རྒྱུན་འཁྱོངས་བྱས་པ།རྩོམ་རིག་སྒྱུ་རྩལ་གྱི་ཁྱབ་ཁོངས་ནང་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས།སྤྱི་ཚོགས་ཐོག་མི་ལ་བསམ་འཆར་འདོན་འཇུག་པ་དང་གནམ་རྡིབ་ཀྱི་མ་རེད།མི་ལ་བསམ་འཆར་འདོན་མ་བཅུག་ན།གནམ་སྔ་ཕྱི་མ་གཏོགས་རྡིབ་ཀྱི་རེད་ཅེས་པ་རྒྱུན་འཁྱོངས་བྱས།རྒྱས་བཤད་རྒྱས་གླེང་དང་རྩོད་གླེང་ཆེན་པོ།ཡིག་ཆེན་ཚགས་པར་ཞེས་པའི་དམངས་གཙོའི་སྤྱོད་ཚུལ་རྒྱུན་འཁྱོངས་བྱས་པ།

      དམངས་གཙོའི་ཐད་ནས་བཤད་ན།མའོ་ཙེ་ཏུང་ནི་ཀྲུང་གོའི་ལོ་རྒྱུས་ཐོག་དམངས་གཙོའི་ལས་འགུལ་ལ་ཆེས་མཐོང་ཆེན་གནང་བའི་འགོ་ཁྲིད་མི་སྣ་ཞིག་ཡིན།

      མའོ་ཙེ་ཏུང་གིས་ཕྱི་འབྲེལ་འཐབ་ཕྱོགས་དང་བཅོས་བསྒྱུར་སྒོ་འབྱེད་བྱ་རྒྱུར་མཐོང་ཆེན་གནང་བ།སུའུ་ལེན་གྱིས་ཁུངས་མེད་རེ་འདུན་བཏོན་པར་མའོ་ཙེ་ཏུང་གིས་མི་འགྲིག་ཟེར་ཕོད་པ།མའོ་ཙེ་ཏུང་གིས་གནད་འགག་གི་དུས་སུ་སྐད་གྲགས་ཡོད་པའི་ཕིང་ཕང་སྤོ་ལོའི་ཕྱི་འབྲེལ་བྱེད་ཐབས་སྤྱད་དེ་ཀྲུང་གོ་དང་ཨ་རིའི་བར་མཉམ་འབྲེལ་གྱི་རྒྱལ་སྒོ་ཕྱེ་བ།འཛམ་གླིང་རིམ་གྲས་གསུམ་ཞེས་པའི་རིགས་པའི་གཞུང་ལུགས་གསར་སྐྲུན་གནང་ནས་འཛམ་གླིང་རིམ་གྲས་གསུམ་པས་དད་གུས་བྱེད་པའི་གཙོ་འཛིན་དུ་གྱུར།འཛམ་གླིང་རིམ་གྲས་གསུམ་པའི་འགོ་ཁྲིད་མང་པོ་ཞིག་ཀྲུང་གོར་འཚམས་འདྲི་ཞུ་བར་ཕེབས་ཡོང་དུས།མའོ་ཙེ་ཏུང་ཚེ་མཇུག་ལ་སྐུ་གཟུགས་མི་བདེ་བའི་རྐྱེན་གྱིས་མའོ་ཙེ་ཏུང་གིས་མཇལ་ཁ་གནང་བ་མི་ཐོབ་པས་ཕྱིར་ཕེབས་ཁར་ངོ་ཤོར་བ།འཛམ་གླིང་རིམ་གྲས་གསུམ་པའི་རྒྱལ་ཁབ་ཀྱིས་འགྱོགས་བྱམས་ཀྱིས་ཀྲུང་གོ་མཉམ་འབྲེལ་རྒྱལ་ཚོགས་སུ་ཁུར་བ་དང་ཐའེ་ཝན་གྱི་འཐུས་མི་མཐར་སྐྲོད་བཏང་ནས་ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲུབ་མི་རྒྱལ་ཁབ་ཀྱི་ཐོབ་ཐང་བསྐྱར་གསོ་བྱས་ཏེ་ཚེ་ཚེ་རབས་རབས་ལ་ཆར་རླུང་གཡོལ་སའི་ཕྱི་འབྲེལ་གྱི་ཤིང་སྡོང་ཆེན་པོ་ཞིག་བཙུགས་པ་རེད།

      ཕྱི་འབྲེལ་ཐོག་ནས་བཤད་ན།མའོ་ཙེ་ཏུང་ནི་འགྲན་ཟླ་བྲལ་བའི་ཕྱི་འབྲེལ་མཁས་ཆེན་ཁྱད་དུ་འཕགས་པ་ཞིག་ཡིན།

      མའོ་ཙེ་ཏུང་གིས་རྒྱལ་ཁབ་ཀྱི་གཅིག་གྱུར་དང་བདག་དབང་ཆ་ཚང་ཡོང་བར་མཐོང་ཆེན་གནང་བ།མའོ་ཙེ་ཏུང་གིས་གྲངས་ཉུང་མི་རིགས་ས་ཁུལ་ལ་མི་རིགས་རང་སྐྱོང་སྤེལ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་དུས་མཚུངས་སུ་སིམ་ཉི་བྲལ་བའི་སྒོ་ནས་རྒྱལ་ཁབ་ཀྱི་གཅིག་གྱུར་སྲུང་སྐྱོང་བྱས་པ།བོད་ལ་ངོ་ལོག་ཟིང་འཁྲུག་ལངས་པ་ཐུག་དུས་བཅིངས་འགྲོལ་དམག་ལ་བཀའ་གནང་ནས་བོད་དུ་བསྐྱོད་དེ་ངོ་ལོག་ཟིང་འཁྲུག་ཞི་འཇགས་བཏང་བཅུག་པ།ཧིན་རྡུས་ཀྲུང་གོའི་མངའ་ཁོངས་ལ་བཙན་འཛུལ་བྱེད་པ་དང་ཐུག་དུས་སེམས་ཐག་ཆོད་པོས་ཀྲུང་གོས་རྒྱལ་མཚམས་སུ་ཧིན་རྡུ་ལ་རྒོལ་ལན་སློག་པའི་དམག་འཐབ་བརྒྱབ་པ།རྒྱལ་མཚམས་ལ་དམག་མི་ཁྲི་བརྒྱ་ཕྲག་བཀྲམ་པ་དང་།ཐན་ཁེ་ཁྲི་འགའ་ཞིག་དང་དམག་འཐབ་གནམ་གྲུ་སྟོང་འགའ་ཞིག་ཡོད་པའི་སུའུ་ལེན་གྱི་སྟོབས་ཤུགས་ཆེ་བའི་དམག་ཤུགས་ཀྱི་གནོན་ཤུགས་ཆེན་པོའི་མདུན་དུ།ཀྲེན་པའོ་ཏའོ་གླིང་ས་ཆ་ཆུང་ཆུང་ཞིག་ཡིན་ནའང་ལས་སླ་པོར་མི་བཏང་བ།མའོ་ཙེ་ཏུང་གིས་གསུངས་མྱོང་བར།ཡང་བསྐྱར་དུ་རི་ལ་ངེས་མེད་རྒོལ་རྡུང་དམག་འཐབ་བྱེད་དགོས་ཐུག་ནའང་ས་ཆ་སོར་གང་ཡང་དོར་གྱི་མིན་ཟེར་བ།ཁོང་གིས་མངོན་གསལ་དུ་ང་ཚོས་ངེས་པར་དུ་ཐའེ་ཝན་བཅིངས་འགྲོལ་གཏོང་དགོས་ཞེས་དུས་རབས་ཀྱི་འབོད་སྒྲ་ཆེན་པོ་བཏོན་ཡོད་ལ།ཚེ་མཇུག་ལ་ཅང་ཅེ་ཧྲི་ལ་ཞི་བདེ་གཅིག་གྱུར་བྱ་རྒྱུའི་དགོངས་གཞིའང་བཏོན་པ་རེད།

      མི་རིགས་ཀྱི་ཁེ་ཕན་ཐོག་ནས་བཤད་ན།མའོ་ཙེ་ཏུང་ནི་མི་རིགས་ཀྱི་རྣམ་ཤེས་ངོ་གནོང་མི་དགོས་པ་ཞིག་ཡིན།

      མའོ་ཙེ་ཏུང་ནི་ཤེས་རྒྱ་ཡངས་ཤིང་འཇོན་ཐང་ཆེ་བ་ཞིག་ཡིན།སྙན་ངག་པ་རླབས་པོ་ཆེ་ཞིག་ཡིན་ལ།མཚོན་བྱེད་སྙན་རྩོམ་ནང་བརྗིད་ཉམས་ཆེ་ཞིང་རྩོམ་འབྲིའི་འཇོན་ཐང་ཆེས་ཆེར་ཁྱབ་པའི་ཆིན་ཡོན་ཁྲུན།·གངས།དང་མའོ་ཙེ་ཏུང་གི་སྙན་ཚིག་ཕྱོགས་བསྡུས།ཡོད།བསམ་བློ་བ་རླབས་པོ་ཆེ་ཞིག་ཀྱང་ཡིན།མཚོན་བྱེད་གསུང་རྩོམ་ནང་མའོ་ཀྲུའུ་ཞིའི་གསུང་རྩོམ་གཅེས་བསྡུས།དེབ་ལྔ་དང་མའོ་ཀྲུའུ་ཞིའི་གསུང་བཏུས།ཡོད།ད་དུང་དམག་དོན་འཐབ་ཇུས་པ་རླབས་པོ་ཆེ་ཞིག་ཡིན།མཚོན་བྱེད་གསུང་རྩོམ་ནང་རྒྱུན་སྲིང་དམག་འཁྲུག་སྐོར་གྱི་རྣམ་བཤད།དང་རི་འགོག་ངེས་མེད་རྒོལ་རྡུང་དམག་འཐབ་བྱེད་རིང་གི་འཐབ་ཇུས་སྐོར་གྱི་གནད་དོན།སོགས་དམག་དོན་སྐོར་གྱི་གསུང་རྩོམ་ཡོད།དེ་ལས་མཚན་ཉིད་པ་རླབས་པོ་ཆེ་ཞིག་ཀྱང་ཡིན།མཚོན་བྱེད་གསུང་རྩོམ་ནང་འགལ་བའི་རྣམ་བཤད།དང་ལག་ལེན་གྱི་རྣམ་བཤད།སོགས་མཚན་ཉིད་རིག་པའི་གསུང་རྩོམ་ཡོད།

      ཤེས་རིག་ཡོན་ཏན་ཐད་ནས་བཤད་ན།མའོ་ཙེ་ཏུང་ནི་རྩོམ་རིག་པ་དང་བསམ་བློ་བ།དམག་དོན་པ།མཚན་ཉིད་པ་བཅས་གཅིག་ཏུ་འདུས་པའི་ཤེས་ཡོན་སྣ་འཛོམས་ཀྱི་གཙོ་འཛིན་མི་སྣ་ཞིག་ཡིན།

      གསེར་དག་གཙང་ཅན་མེད་ལ།མི་ལ་ལེགས་ཆ་ཀུན་འཛོམས་ཅན་མེད་ཅེས་མའོ་ཙེ་ཏུང་གིས་གསུང་མྱོང་བ་ནང་བཞིན།མའོ་ཙེ་ཏུང་ནི་མི་རླབས་པོ་ཆེ་ཞིག་ཡིན་ལ།འཇིག་རྟེན་པ་ཞིག་ཀྱང་ཡིན་པས།ཁོང་གིས་ཀྱང་ནོར་འཛོལ་ཤོར་མྱོང་བ།འོན་ཀྱང་།མའོ་ཙེ་ཏུང་གིས་ཤོར་བའི་ནོར་འཛོལ་ཚང་མ་ནི་དེ་དུས་ལོ་རྒྱུས་ཁོར་ཡུག་དང་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་ལས་བཟོས་པ་ཞིག་རེད།གལ་ཏེ་བཙན་རྒྱལ་རིང་ལུགས་ཀྱི་བཀག་སྡོམ་མེད་པ་དང་གལ་ཏེ་བཟོ་བཅོས་རིང་ལུགས་ཀྱི་གཉའ་གནོན་མེད་ན།གལ་ཏེ་ཀྲུང་གོར་མ་རྩ་རིང་ལུགས་ཀྱི་རོ་ལངས་རྒྱག་རྒྱུའི་ཉེན་ཁ་གནས་མེད་ན།གལ་ཏེ་བཟོ་ཞིང་མང་ཚོགས་ལ་སྡུག་བསྔལ་མྱོང་སྐྱོར་དང་མནར་གཅོད་བཟེད་སྐྱོར་བྱེད་ཡོང་བསམ་ནས་ཐུགས་ཁྲལ་གནང་མི་དགོས་ན།གལ་ཏེ་ནག་ཉེས་པ་འགའ་ཞིག་གི་བར་ཆད་དང་གཏོར་བཤིག་མེད་ན།མའོ་ཙེ་ཏུང་གིས་ཚེ་གང་ལ་ནོར་འཛོལ་ཉུང་ཙམ་ཤོར་བའམ་ཐ་ན་མི་ཤོར་བྱེད་སྲིད་ཀྱི་རེད།དེར་བརྟེན།དེང་སང་གི་མི་ཚོས་ལོ་རྒྱུས་ཀྱི་ཕྱོགས་ལ་ལངས་ཏེ་རྩོད་སྒྲུབ་ཀྱི་ལྟ་བ་ནས་ཕྱི་རོལ་ཡུལ་དང་མཐུན་ཞིང་ཁྱོན་ཡོངས་ཀྱི་ཐོག་ནས་མའོ་ཙེ་ཏུང་ལ་ལྟ་ལུགས་འཛིན་པ་དང་གདེང་འཇོག་བྱེད་དགོས།ལོ་བཅུ་ཕྲག་འགའ་ཞིག་འདས་སོང་།མི་དམངས་མང་ཚོགས་ཀྱིས་སྔར་ལས་ལྷག་པར་མའོ་ཙེ་ཏུང་ནི་རླབས་པོ་ཆེ་ཞིག་ཡིན་པའི་ངོས་འཛིན་བྱེད་པ་དང་དུས་རབས་གཅིག་ལ་བསམ་པ་རྣམ་དག་གིས་མི་སེར་ལ་ཞབས་འདེགས་ཞུ་མཁན་གཙོ་འཛིན་དེ་ལ་དེ་བས་དྲན་གསོ་ཞུ་བ།

      ལོ་རྒྱུས་ཐོག་ནས་བཤད་ན།མའོ་ཙེ་ཏུང་གི་མཛད་རྗེས་ནོར་འཁྲུལ་ལས་ཆེ་བ་ཡིན།

      མའོ་ཙེ་ཏུང་གིས་ལྷོ་འདུལ་བྱང་འཐབ་བྱས་ཏེ་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་དང་།མའོ་ཙེ་ཏུང་གིས་ཚེ་གང་གི་སེམས་ཤུགས་དེ་རང་ཉིད་ཀྱི་མེས་རྒྱལ་དང་ཁོང་གིས་དགའ་ཞེན་གནང་བའི་མི་དམངས་ལ་འབུལ་གནང་བ།མའོ་ཙེ་ཏུང་གིས་སེམས་གཅིག་བློ་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ཁོ་ན་བསམས་པ།མའོ་ཙེ་ཏུང་ནི་ཨམ་ཕྲག་སྟོང་སེང་དང་ཚེ་གང་ལ་སྤྱོད་བཟང་ལྡན་པ་ཞིག་ཡིན།མའོ་ཙེ་ཏུང་ནི་ཨུ་རུ་སུའི་པི་ཏེ་ཏ་ཏི་ལས་ལྷག་པ་དང་ཨ་རིའི་ཝ་ཧྲིང་ཐོན་ལས་རླབས་པོ་ཆེ་ཞིག་ཡིན།

      མའོ་ཙེ་ཏུང་ནི་ཀྲུང་ཧྭ་མི་རིགས་ཀྱི་སྤོབས་པ་སྐྱེ་འོས་པའི་དཔའ་བོ་ཞིག་ཡིན།

      མའོ་ཙེ་ཏུང་ནི་དུས་གཏན་དུ་འོད་སྟོང་འཕྲོ་བའི་མི་རིགས་ཀྱི་རྣམ་ཤེས་ཡིན།།


  • ལེ་ཚན་སྔོན་མ།:སྔོ་ཞིང་བསང་བའི་མཁའ་དབྱིངས་སུ་ཅེ་རེར་བལྟས་ཚེ།
  • ལེ་ཚན་རྗེས་མ།:འཕྲིན་བྱས་བསྐྱལ་བའི་མྱུར་འཕྲིན།