སྒོ་འབྱེད་པའི་ལྡེ་མིག ༢༽

མཚོ་སྔོན་མི་རིགས་སློབ་ཆེན། བཀྲ་ཤིས།        2018-05-07

      ཉིན་ཞིག་གི་མཚན་མོ་ཞིག་ལ།ཁྱིམ་བློན་མལ་ཁྲིའི་སྟེང་དུ་ཉལ་ནས་གཉིད་རྩིས་བྱེད་བཞིན་ཡོད་པ་དང་།ཁོས་ལྭ་བ་ཕུད་ནས་ཕྱེད་ཀ་ལ་སླེབས་པའི་སྐབས་སུ།གློ་བུར་དུ་བར་ཁྱམས་སུ་མི་ཞིག་གིས་སྒོ་རྡུང་བཞིན་པ་ཐོས་བྱུང་།འདི་ནི་ཚོང་ཁང་གི་ཚོང་བདག་དེ་རེད།ཁོ་ཡོང་རྒྱུ་འཕྱི་འདུགཁོས་ལྭ་བའི་ཕྱེད་ཀ་ཞིག་ཕུད་འདུགཡིན་ནའང་ཁོས་བཤད་རྒྱུར་ཁོས་གློ་བུར་དུ་དོན་དག་ཅིག་ཡིད་ལ་དྲན་བྱུང་།མཚན་འདི་བསྐྱལ་ན་བརྗེད་པར་དོགས་འགྲོ་ཞེས་བཤད།

      “ངས་བཤད་རྒྱུ་ནི་ངའི་བུ་མོ་རོའུ་ཐིག.ལུན་དང་འབྲེལ་བའི་དོན་དག་ཅིག་ཡིན།ཁོ་མོ་ནི་མཛེས་སྡུག་ལྡན་པའི་བྱིས་པ་ཞིག་ཡིན།ཁོ་མོས་ཡིད་ཆེས་གུས་ལུགས་ཀྱི་ཆོ་ག༼ཡེ་ཤུའི་ཆོས་ལུགས་ཀྱི་ཆོ་ག་ཞིག༽སྒྲུབ་ཟིན་པ་དང་།ད་ལྟ་ངས་ཁོ་མོ་བཀོད་སྒྲིག་ལེགས་པོ་ཞིག་བྱེད་འདོད།”

      “ངའི་ལྕམ་མོ་ད་དུང་ཚེ་ལས་འདས་མི་འདུག”ཁྱིམ་བློན་གྱིས་དེ་ལྟར་བཤད་ཞོར་དུ།དགོད་བཞིན“ང་ལའང་ཁོ་མོར་ངོ་སྤྲོད་བྱ་རྒྱུའི་བུ་ཞིག་མི་འདུག”ཅེས་བཤད་བྱུང་།

      “ངས་བསམ་ན་ཁྱོད་ཀྱིས་ངའི་སྐད་ཆའི་ཧ་གོ་རྒྱུ་རེད།ཁྱིམ་བློན”ཞེས་ཚོང་བདག་གིས་དེ་ལྟར་བཤད་བྱུང་།ཁོ་མོས་རྣོ་སྦྲེང་དཀྲོལ་ཤེས་ལ།གཞས་ཀྱང་ལེན་ཤེས།ཁྱོད་ཀྱིས་ཐོག་ཁང་གི་ཀླད་ནས་གོ་མྱོང་ནའང་ཐང་།ཁོ་མོ་ནི་ལྷན་སྐྱེས་ཀྱི་འཁྲབ་སྟོན་པ་ཞིག་ཡིན།འདི་ནི་ཁྱིམ་ཚང་ཡ་རབས་ཤིག་གི་བུ་མོ་ཞིག་ལ་མཚོན་ནས་བཤད་ན་བགྲོད་ལམ་བཟང་པོ་ཞིག་ཡིན།ཁོ་ཚོས་ཁོ་མོ་སྐུ་ཞབས་ཞིག་ལ་གཉེན་སྒྲིག་ཏུ་བཅུག་ན་འདོད་ཡོད་མོད།འོན་ཀྱང་འདི་ནི་ང་དང་རོའུ་ཐིག.ལུན་གྱི་བསམ་ཚུལ་མིན།མོས་རྣོ་སྦྲེང་དཀྲོལ་ཤེས་ལ།གཞས་ཀྱང་ལེན་ཤེས།ཡར་སྔོན་ང་ཁོ་མོ་དང་འགྲོགས་ནས་རོལ་དབྱངས་སློབ་གྲྭར་ཐེངས་ཤིག་སོང་མྱོང་།ཁོ་མོས་གླུ་ཞིག་བླངས་མོད།ཡིན་ནའང་ཁོ་མོར་བུ་མོ་ཚོར་ངེས་པར་དུ་དགོས་པའི་འདར་སྒྲ་མི་ལྡན་ལ།མི་རྣམས་ཀྱིས་གཞས་མ་ལ་བཏོན་པའི་བྱ་སྤུ་སེར་ལྟ་བུའི་སྐད་གདངས་ཕྲ་མོ་མི་འདུགདེ་བས་ངས་བསམ་ན།ཁོ་མོ་གཞས་མ་ཞིག་ཏུ་འགྱུར་ཐུབ་རྒྱུ་མ་རེད།གང་ལྟར་ཅི་བྱས་ཡང་འཁྲབ་སྟོན་པ་ཞིག་ཏུ་འགྱུར་ཐུབ།འཁྲབ་སྟོན་པ་ཡིས་འཁྲབ་ཚིག་བློར་བཟུང་བས་ཆོགདེ་རིང་ངས་དགེ་རྒན་ནམ་མི་རྣམས་ཀྱིས་ཁོ་ལ་དེ་ལྟར་འབོད་བཞིན་པའི་མི་ཞིག་ལ་ཁ་བརྡ་བྱས་པ་ཡིན།ཁོས་ང་ལ‘མོས་དཔེ་ཆ་མང་པོ་ཞིག་བཀླགས་མྱོང་ངམ།’ཞེས་དྲིས་པ་དང་།ངས‘མ་མྱོང’ཞེས་བཤད་པ་ཡིན།ཁོས‘ཅི་ཡང་བཀླགས་མ་མྱོང་ངམ’ཞེས་བཤད་པ་མ་ཟད། ‘དཔེ་ཆ་ཀློག་པ་ནི་སྒྱུ་རྩལ་པ་ཞིག་ལ་མཚོན་ནས་བཤད་ན་ཤིན་ཏུ་གལ་ཆེན་པོ་ཞིག་རེད’ཅེས་བཤད་བྱུང་།ངས་བསམ་ན་དོན་དག་འདི་ནི་སྒྲུབ་དཀའ་མོ་ཞིག་མ་རེད།དེ་བས་ང་ཕྱིར་ཡུལ་ལ་ལོག་པ་ཡིན།ངས་བསམ་ན་ཁོ་མོས་དཔེ་ཀློག་ཁང་ཞིག་གླས་ནས་དཔེ་ཆ་བཀླགས་ཆོག་ཅིང་།ས་དེ་གའི་དཔེ་ཆ་ཡོངས་བཀླགས་ཆོག་པ་རེད།ཡིན་ནའང་།དེ་དགོང་ང་ཉལ་གྲབས་བྱས་ནས་ལྭ་བ་ཕུད་པའི་སྐབས་སུ།གློ་བུར་དུ་ངའི་སེམས་ལ་དཔེ་ཆ་གཡར་བསམ་པའི་དུས་སུ།ཅིའི་ཕྱིར་དཔེ་ཆ་གླ་དགོས་པ་རེད་དམ།ཁྱིམ་བློན་ལ་ཡོད་པ་ནི་དཔེ་ཆ་ཡིན་ལ།ཁོ་མོར་ཀློག་ཏུ་བཅུག་ཆོག་པ་མ་ཟད།ནམ་ཡང་བཀླགས་ཚར་མི་སྲིད་ལ།དངུལ་ཡང་སྤྲོད་དགོས་པ་མ་རེད་བསམ་པ་ཡིན།”

     “རོའུ་ཐིག.ལུན་ནི་སྙིང་རྗེ་བའི་བུ་མོ་ཞིག་ཡིན།” ཅཱ་ཁྲིན་གྱིས་དེ་ལྟར་བཤད་པ་དང་། “བུ་མོ་མཛེས་མ་ཞིག་ཡིན་ན་དཔེ་ཆ་ཀློག་དགོས་པ་རེད།ཡིན་ནའང་ཁོ་མོའི་ཀླད་པའི་ནང་དུ་མི་རྣམས་ཀྱིས་བཤད་བཞིན་པའི‘མདངས’ཞེས་པའམ་རིག་པ་ཞེས་པ་དེ་མེད་དམ།དེ་ལས་ཀྱང་གལ་ཆེ་བ་ནི།ཁོ་མོར་བསོད་ནམས་མེད་པ་རེད་དམ།”

     “ཁོ་མོར་རྒྱན་ཤོག་ཐེངས་གཉིས་ལ་བྱ་དགའ་ཐོབ་མྱོང་།”ཚོང་བདག་གིས་དེ་ལྟར་བཤད་པ་དང་། “ཐེངས་ཤིག་ལ་ལྭ་སྒྲོམ་ཞིག་ཐོབ་ཅིང་།ཐེངས་གཉིས་པར་མལ་གདན་དྲུག་ཐོབ་པ་རེད།ངས་འདི་དག་ལ་སྟེས་དབང་ཞེས་འབོད་བཞིན་ཡོད་པ་དང་།ཁོ་མོར་ཏག་ཏག་སྟེས་དབང་འདི་དག་ཡོད་པ་རེད།”ཅེས་བཤད་བྱུང་།

     “ངས་ལྡེ་མིག་ལ་འདྲི་དགོས།” ཁྱིམ་བློན་གྱིས་དེ་ལྟར་བཤད་བྱུང་།

      ཁོས་ལྡེ་མིག་རང་གི་ལག་པ་གཡས་པའི་མཛུབ་མོ་དང་ཚོང་བདག་གི་མཛུབ་མོའི་སྟེང་དུ་བཞག་པ་དང་།ཁོ་རང་འཁོར་ཏུ་བཅུག་བྱུང་བས།གཅིག་རྗེས་གཉིས་མཐུད་བྱས་ནས་ཡིག་འབྲུ་རིམ་པ་ཞིག་བྱུང་།

      ལྡེ་མིག་གིས“རྒྱལ་ཁ་དང་སྟེས་དབང”ཞེས་བཤད་བྱུང་།དེ་བས་རོའུ་ཐིག.ལུན་གྱི་མ་འོངས་བ་འདི་ལྟར་ཐག་གིས་བཅད་པ་རེད།

      ཁྱིམ་བློན་གྱིས་མྱུར་ཏུ་ཁོ་མོར་དཔེ་དེབ་གཉིས་བྱིན་ནས་བཀླགས་སུ་བཅུག་པ་སྟེ།དེ་ནི“ཏུའུ་ཝེ་ཁི”ཡི་འཁྲབ་གཞུང་དང་ཁཱི་ཉིའུ་ཀི་ཡི《མི་དང་འབྲེལ་ལུགས་དང་གྲོགས་སྒྲིག་པ》ཞེས་པ་དེའོ།།

      དགོང་མོ་དེ་ནས་བཟུང་རོའུ་ཐིག.ལུན་དང་ཁྱིམ་བློན་གྱི་ཁྱིམ་ཚང་བར་གྱི་མཛའ་མཐུན་གྱི་འབྲེལ་བ་བྱུང་བའི་འགོ་ཚུགས་བྱུང་།ཁོ་མོ་རྒྱུན་དུ་ཁྱིམ་ཚང་འདིར་མགྲོན་དུ་ཡོང་བ་དང་།ཁྱིམ་བློན་གྱིས་ཁོ་མོ་ནི་བུ་མོ་རིག་ཡག་ཅིག་རེད་བསམ་བཞིན་འདུག་ལ།མོས་ཀྱང་ཁོ་དང་ཁོའི་ལྡེ་མིག་ལ་ཡིད་ཆེས་བྱེད་བཞིན་ཡོད།ཁྱིམ་བློན་གྱི་ལྕམ་མོ་ཡིས་ཁོ་མོའི་དུས་གཏན་གྱི་ཤེས་མེད་ཚོར་མེད་དུ་མངོན་ཡོང་བའི་རྨོངས་བའི་ཁྲོད་དུ།ཁོ་མོའི་བྱིས་བློ་དང་དྭངས་གཙང་ལྷད་མེད་ཀྱི་སེམས་པ་དེ་ཚོར་བྱུང་བས།མི་ཚང་མས་རང་རང་གི་ལྟ་སྟངས་བཞིན་དུ་ཁོ་མོར་དགའ་མོས་བྱེད་བཞིན་ཡོད་ལ།ཁོ་མོ་ཡང་དེ་བཞིན་དུ་ཁོ་ཚོར་ཤིན་ཏུ་དགའ་བོ་ཡོད།

     “ཐོག་ཁང་དུ་དྲི་ཞིམ་ཞིག་འཐུལ་བཞིན་འདུག” རོའུ་ཐིག.ལུན་གྱིས་དེ་ལྟར་བཤད་བྱུང་།

      བར་ཁྱམས་སུ་དྲི་ཞིམ་ཞིག་འཐུལ་བཞིན་འདུགདྲི་ངད་ཞིམ་པོ་ཞིག་འཐུལ་བཞིན་འདུག་སྟེ།ཀུ་ཤུའི་དྲི་ཞིམ་ཞིག་འཐུལ་བཞིན་འདུགཁྱིམ་བློན་གྱི་ལྕམ་མོས་ཡར་སྔོན་བར་ཁྱམས་སུ“ཀི་ལོའུ་སིའི་ཀུ་ཤུ”ཞིག་བཞག་སོང་།དེ་བས་ཁང་བའི་ནང་དུའང་རྒྱ་སེ་མེ་ཏོག་དང་བདུག་སྤོས་ཀྱི་དྲི་ངད་ལྡང་བཞིན་འདུག

     “འདི་ནི་དངོས་ནས་སྙིང་རྗེ་བོ་ཞིག་རེད།” རོའུ་ཐིག.ལུན་གྱིས་དེ་ལྟར་བཤད་བྱུང་།

      ཁྱིམ་བློན་གྱི་ལྕམ་མོས་རྒྱུན་དུ་འདི་རུ་མེ་ཏོག་རིགས་སྣ་ཚོགས་བཤམས་པར་བྱེད་ཅིང་།དེས་རོའུ་ཐིག.ལུན་གྱི་མིག་དབང་ཡོངས་སུ་བཀུག་འདུགརེད་ཡ།ཐ་ན་དགུན་ཁར་ཡང་།འདི་རུ་ལི་ཤིའི་མེ་ཏོག་དང་སྲེའུ་ཡི་ལྕུག་ཕྲན་ལ་མེ་ཏོག་བཞད་འདུགཆུའི་ནང་དུ་བཙུགས་ཡོད་པའི་ལྕུག་ཕྲན་འདི་དག་ནི།དྲོད་འཇམ་ལྡན་པའི་ཁང་བའི་ནང་དུ།མྱུར་ཏུ་མྱུ་གུ་འབུས་ནས་མེ་ཏོག་བཞད་པར་བྱེད།

      “མི་རྣམས་ཀྱིས་སྐྱ་ཐེར་ཐེར་གྱི་ལྕུག་མ་འདི་དག་ལ་ཚེ་སྲོག་མེད་པར་འདོད་ངེས།ཡིན་ནའང་།ཁོ་ཚོ་ཅི་ལྟར་འཆི་བ་ནས་གསོན་པའི་ལམ་དུ་བསྐྱོད་པར་ལྟོས་དང་།”

      “ངས་ཡར་སྔོན་དངོས་བོ་འདི་འདྲ་ཞིག་གཏན་ནས་མཐོང་མ་མྱོང་།” རོའུ་ཐིག.ལུན་གྱིས་དེ་ལྟར་བཤད་པ་དང་། “རང་བྱུང་ཁམས་ནི་དངོས་ནས་ཡ་མཚར་བ་ཞིག་རེད”ཅེས་བཤད་བྱུང་།

      དེ་བས་ཁྱིམ་བློན་གྱིས་ཁོ་མོར་ཁོའི“ལྡེ་མིག་གི་དཔེ་ཆ”ལ་བལྟ་རུ་བཅུག་སོང་།དཔེ་ཆའི་ནང་དུ་ལྡེ་མིག་གིས་གསུངས་པའི་ངོ་མཚར་བའི་དོན་དག་རྣམས་ཟིན་བྲིས་སུ་བཏབ་འདུགཐ་ན་དགོང་མོ་ཞིག་ལ།ཁོའི་གཡོགས་མོའི་དགའ་རོགས་ཁོ་མོར་བལྟ་རུ་ཡོང་བའི་དུས་སུ།ཇ་ཁང་ནང་གི་སིལ་ཏོག་ཀུ་ཤུ་ཕྱེད་ཙམ་ཞིག་ཡོད་པ་མེད་པར་གྱུར་བའི་དོན་དག་དེ་ལྟ་བུའང་ཟིན་བྲིས་སུ་བཀོད་འདུག

      ཁྱིམ་བློན་གྱིས་ཁོའི་ལྡེ་མིག་ལ“སུས་ཀུ་ཤུ་ཕྱེད་ཀ་དེ་ཟས་པ་རེད་དམ།ཞི་ལ་རེད་དམ།ཡང་ན་ཁོ་མོའི་དགའ་རོགས་རེད”ཅེས་དྲིས་པ་ན།ལྡེ་མིག་གིས“ཁོ་མོའི་དགའ་རོགས་ཀྱིས་ཟོས་པ་རེད”ཅེས་ལན་བཏབ་བྱུང་།ཁྱིམ་བློན་གྱིས་ཁོ་ལ་མ་དྲིས་སྔོན་ལའང་སེམས་སུ་གསལ་བོར་ཤེས་ཡོད་པ་རེད།གཡོགས་མོས་ཁས་ལེན་དགོས་ཏེ།ཤི་རྒྱུ་མེད་པའི་ལྡེ་མིག་འདིས་ཡོད་ཚད་ཤེས་ཡོད་པ་རེད་ཅེས་བཤད་བཞིན་འདུག

     “རེད་ཡ།འདི་ནི་ངོ་མཚར་བ་ཞིག་མ་ཡིན་ནམ།” ཁྱིམ་བློན་གྱིས་དེ་ལྟར་བཤད་བྱུང་། “ལྡེ་མིག་ཡ།ལྡེ་མིགཁོས་རོའུ་ཐིག.ལུན་ལ་འདི་ལྟ་བུའི་ལུང་བསྟན་ཞིག་གནང་བྱུང་བ་སྟེ། ‘རྒྱལ་ཁ་དང་སྟེས་དབང་ངོ་།།’  ང་ཚོས་མ་འོངས་པར་དེ་མངོན་འགྱུར་བྱུང་བ་མཐོང་སྲིད།ངས་ཁག་ཐེག་བྱེད་ངེས་ཡིན།”

     “དེས་ན་དངོས་ནས་ཡག་པོ་རེད།” རོའུ་ཐིག.ལུན་གྱིས་དེ་ལྟར་བཤད་བྱུང་།

      ཁྱིམ་བློན་གྱི་ལྕམ་མོས་སྐད་ཆ་འདིའི་རིགས་ལ་གང་འདོད་དུ་ཡིད་ཆེས་བྱེད་བཞིན་མི་འདུགཡིན་ནའང་ཁོ་མོས་ཐད་ཀར་དེ་ལ་དོགས་པ་ཟ་བཞིན་མི་འདུག་སྟེ།རྒྱུ་མཚན་ཁོ་མོ་རང་གི་ཁྱོ་གས་གོ་བར་སྐྲག་པས་རེད།ཡིན་ནའང་ཁོ་མོས་རྗེས་སུ་རོའུ་ཐིག.ལུན་ལ་བཤད་དོན།ཁྱིམ་བློན་ཡང་ལོ་ན་ཆུང་བའི་དུས་སུ་གར་ལ་ཤིན་ཏུ་དགའ་མཁན་ཞིག་ཡིན།གལ་ཏེ་དེ་དུས་མི་ཞིག་གིས་ཁོ་ལ་རམ་འདེགས་བྱས་ཡོད་རྒྱུ་ན།ཁོ་རང་འཁྲབ་སྟོན་པ་ཞིག་ཏུ་འགྱུར་ཁོ་ཐག་ཡིན།ཡིན་ནའང་ཁོའི་ཁྱིམ་ཚང་གིས་ཁོ་རང་ཕྱོགས་གཞན་ཞིག་ཏུ་དེད་བྱུང་།ཁོས་ཡར་སྔོན་རང་ཉིད་ཟློས་གར་གྱི་འཇིག་རྟེན་དུ་ཞུགས་རྒྱུ་དེ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ།དམིགས་ཡུལ་འདི་འགྲུབ་པའི་ཆེད་དུ།ཁོས་ཡར་སྔོན་ཟློས་གར་ཞིག་ཀྱང་བྲིས་མྱོང་།

     “སྙིང་ཉེ་བའི་རོའུ་ཐིག.ལུན་ལགས།འདི་ནི་ངས་ཁྱོད་ལ་བཤད་པའི་གསང་བ་ཆེན་པོ་ཞིག་ཡིན།ཟློས་གར་དེ་བྲིས་པ་དེ་འདྲའི་ཞན་རྒྱུ་མེད་ལ།གོང་མའི་ཟློས་གར་ཁང་གིས་ཁོ་རང་དང་ལེན་བྱས་སོང་།ཡིན་ནའང་ཁོ་ལ་ལྟད་མོ་རྣམས་ཀྱིས་ཤུ་སྒྲ་འབྱིན་ནས་སྟེགས་བུ་ལས་འབབ་ཏུ་བཅུག་སོང་།དེའི་རྗེས་ནས་ཁོ་རང་གླེང་མཁན་གྱི་མི་མེད་པར་གྱུར་སོང་།མཇུག་འབྲས་འདིའི་རིགས་ཀྱིས་ང་ཤིན་ཏུ་དགའ་རུ་བཅུག་སོང་།ང་ནི་ཁོའི་ལྕམ་མོ་རེད།ང་ཁོ་ལ་ཆ་རྒྱུས་ཡོད་པ་རེད།ཨིན།ཁྱོད་ཀྱང་མ་འོངས་པར་འདི་ལྟ་བུའི་ལམ་ལ་འགྲོ་དགོས་པ་རེད།ངའི་རེ་བར་ཁྱོད་ཀྱི་བྱ་བ་ཐམས་ཅད་བདེ་བླག་ཡོང་བར་སྨོན།འོན་ཀྱང་ངས་འདི་དག་དོན་དངོས་སུ་འགྱུར་བར་ཡིད་ཆེས་བྱེད་མི་སྲིད་ལ།ང་ལྡེ་མིག་ལའང་ཡིད་ཆེས་མེད།”

      རོའུ་ཐིག.ལུན་གྱིས་དེ་ལ་ཡིད་ཆེས་བྱེད་བཞིན་འདུགདད་མོས་འདིའི་ཐད་ནས།ཁོ་དང་ཁྱིམ་བློན་བར་ལ་གཅིག་མཐུན་གྱི་ལྟ་སྟངས་འདུག

      ཁོ་གཉིས་ནི་ལྷག་བསམ་རྣམ་དག་ངང་གཅིག་སེམས་གཅིག་གིས་རྟོགས་ཡོད།

      བུ་མོ་དེ་ནི་འཇོན་ཐང་ཆེན་པོ་ཅན་ཡིན་པས་ཁྱིམ་བློན་གྱི་བཟའ་ཟླས་ཧ་ཅང་དགའ་པོ་བྱས།ལོ་ཐེ་ལུན་གྱིས་ཞི་ཁོག་ལས་སིང་ཕྱེ་ཇི་ལྟར་བསྙལ་པ་ཤེས་པ་དང་ཨུ་སུའི་རྐང་ཤུབས་རྙིང་པ་ལས་ལག་ཤུབས་ཇི་ལྟར་བསྟར་པར་ཤེས།མ་གཞི་ཁོ་མོར་སྟོད་ཐུང་གསར་པ་ཡོད་ཀྱང་ད་དུང་ཞབས་བྲོའི་ལྷམ་གྱི་སི་སྐུད་དག་ཇི་ལྟར་ལེན་པར་ཤེས།ཁོ་མོ་ནི་ཚོང་པ་དེས་བཤད་པར་ལྟར།དྲུད་སྒམ་ནང་དུ་ཡོད་པ་ནི་དངུལ་སྒོར་དང་།དངུལ་སྒམ་ནང་དུ་ཡོད་པ་ནི་མ་རྐང་འཛིན་ཤོག་རེད་འདུགཁྱིམ་བློན་གྱི་བཟའ་ཟླའི་སེམས་སུ་ཁོ་མོ་ནི་སྨན་སྦྱོར་བའི་ཕུགས་བསམ་ནང་གི་བཟའ་ཟླ་ཆགས་ངེས་སྙམ།འོན་ཀྱང་ཁ་ནས་མ་བཤད་ལ་ལྡེ་མིག་དེར་ཡང་བཤད་ཏུ་མ་བཅུགམི་འགྱང་བར་སྨན་སྦྱོར་མཁན་དེས་ཁྱིམ་ཚང་འཛིན་རན་འདུག་ལ།གྲོང་ཁྱེར་ནང་དུ་སྨན་ལེན་ཁང་ཞིག་རྐྱང་བཙུགས།

      ལོ་ཐེ་ལུན་གྱིས་རྒྱུན་དུ་《ཏོ་འེ་ཁེ》་དང་ཁེ་ཉི་ཀེའི་《འཚོ་སྟངས་དང་གྲོགས་འགྲོགས་སྟངས》་ཞེས་པའི་དེབ་དེ་གཉིས་ཀློགས།ཁོ་མོས་དེབ་དེ་དག་ལོ་གཉིས་ལྷག་ཉར་ཚགས་བྱས།དེ་《ཏོ་འེ་ཁེ》་ཞེས་པའི་དེབ་འདི་ལ་ཁོ་མོར་བག་ཆགས་ཆེན་པོ་ཡོད།ཁོ་མོས་དེབ་དེའི་ནང་གི་མི་སྣ་ཚང་མ་སེམས་ནང་དུ་ངེས་ཡོད་ཀྱང་རང་ཉིད་ནི་དེ་དག་ཁྲོད་ཀྱི་མི་སྣ་གཅིག་རང་ཆགས་པའི་རེ་བ་བྱེད་བཞིན་ཡོད།དེ་ནི་ཏོ་འེ་ཁེ་ཞེས་པའི་མི་སྣ་དེ་ཡིན།དུས་མཚུངས་སུ་ཁོ་མོས་གྲོང་ཁྱེར་དཀྱིལ་དུ་འཁྲབ་སྟོན་བྱས་མི་འདོད་དེ་རྒྱུ་མཚན་ནི་གནས་དེར་མིོ་མང་པོས་ཁོ་མོར་ཕྲག་དོག་བྱ་ངེས་ལ།ཁོ་མོའི་འཁྲབ་སྟོན་ལ་དགའ་བསུ་མི་ཐུབ།ཁྱིམ་བློན་གྱིས་བཤད་པ་ནང་བཞིན།ཁོ་མོ་གྲོང་གསེབ་ཅུང་ཆེ་བ་ཞིག་ལ་ཕྱིན་ནས་སྒྱུ་རྩལ་གྱི་བྱ་བཞག་སྙེགས་འདོད།

      འདི་ཡང་ངོ་མ་ཡ་མཚན་ཞིག་རེད།ལོ་ན་གཞོན་པའི་སྨན་སྤྱོར་མཁན་དེས་གྲོང་བརྡལ་འདིའི་ནང་ནས་ལས་གནས་གཉེར་བྱུང་།  གལ་ཏེ་ཁོ་ནི་ཞིང་གྲོང་འདིའི་སྨན་སྦྱོར་མཁན་གཅིག་པུ་དེ་མིན་ཚེ།ལོ་ན་ཆེས་གཞོན་པའི་སྨན་སྤྱོར་མཁན་དེ་ཡིན་འདུག

      ཡུན་རིང་རེ་སྒུག་བྱས་པའི་རླབས་ཆེན་གྱི་དགོང་མོ་དེ་གཞི་ནས་སླེབས་བྱུང་།  ལུའོ་ཐེ་ལུན་གར་སྟེགས་སྟེང་བུད་བྱུང་།ཡོ་ཧྲིས་བཤད་པ་ནང་བཞིན་རྒྱལ་ཁ་དང་རྒྱུ་ནོར་ཐོབ།ཇ་ཁྲིན་འདིར་མི་འདུག་ཏེ་ཁོས་ན་ནས་ཉལ་སར་ལྷུང་པས་ཁོའི་ལྕམ་མོས་གཉོར་བཞིན་འདུག  ཁོའི་དྲོད་འཇམ་གྱི་གཙང་ཤོག་དགོས་ལ།ཀན་ལུག་མིག་གི་ཟ་འཐུང་དགོས་ཏེ་ཕོ་བའི་སྟེང་དུ་གཙང་ཤོག་དང་ནང་དུ་ཇ་ཡིན།

      <ཁེ་བེའི་ཁེ>འཁྲབ་སྟོན་བྱེད་པའི་སྐབས།  བཟའ་ཟླ་འདི་གཉིས་དེ་གར་མི་འདུག་ཀྱང་སྨན་སྤྱོར་མཁན་འདུག་པས།   ཁོས་ཐེངས་འདི་འཁྲབ་སྟོན་གྱི་རྣམ་པ་འཕྲིན་ཡིག་ནང་དུ་བྲིས་ཏེ་རང་གི་ཤ་ཉེ་ཁྱིམ་བ྄ོན་ལྕམ་མོ་ལ་བསྐུར།

     “ཆེས་ཚུགས་ཀ་དང་ལྡན་པ་དེ་ཏུའུ་ཝེ་ཁེའི་ལྭ་བའི་གོང་བ་རེད།” ཁོས་བྲིས་དོན།  “གལ་སྲིད་ཁྱིམ་བློན་གྱི་ལྡེ་མིག་ངའི་གློ་ཁུག་ནང་ཏུ་ཡོད་ན།ངས་ཕྱིར་ལེན་སྲིད་ལ་ཕུ་འདེབས་འགའ་བྱེད་ངེས།ཁོ་མོར་བརྩི་བཀུར་འདི་འདྲ་བྱེད་འོས་ཤིང་སྒོ་ཕྱེ་སྤྱད་ཀྱི་ལྡེ་མིག་ལའང་དེ་རན་པ་ཞིག་ཡིན། —དེ་སྔོན་དེས་ངོ་ཚ་ཁྲེལ་མེད་ཀྱིས’རྒྱལ་ཁ་དང་ལས་ཅན’སོགས་ཐ་སྙད་བཀོལ་ནས་མགོ་སྐོར་བཏང་བས་ཕྱིར།”

      ཁྱིམ་བློན་གྱིས་འཕྲིན་དེ་ཀློག་རྗེས་བཤད་རྒྱུར།འདི་ནི་ཐལ་ཆེ་བའི་ཉེས་མེད་ཉེས་འགལ་ཞིག་སྟེ།ལྡེ་མིག་ལ་འཁོན་སེམས་བཅངས་པ་ཞིག་དང་། — དུས་མཚུངས་སུ་འཁོན་སེམས་དེ་ལྷད་མེད་ཀྱི་བུ་མོ་དེའི་སྟེང་དུ་ཕྱིར་འདོན་པ་ཞིག་རེད།

      ཁོ་ཡར་ལངས་ཐུབ་པ་དང་སླར་བདེ་པོར་བྱུང་མ་ཐགགནག་ཐལ་ཆེ་བའི་འཕྲིན་ཐུང་ཅིག་སྨན་གཉེར་བ་དེར་བསྐུར་བ་དང་དེས་ཀྱང་ཕྱིར་འཕྲིན་ཞིག་བསྐུར།

      ཁོས་ཁོའི་འཕྲིན་ཡིག་དེ་ལ་བཀའ་དྲིན་ཞུས།དེ་ནི་ཁོས་ནང་བློན་གྱིས་ཐེངས་རེ་རེར་ཁོས་ཚབ་དུ་ལྡེ་མིག་གི་སྔར་མེད་ཀྱི་རིན་ཐང་དང་གལ་ཆེའི་རང་བཞིན་དྲིལ་བསྒྲགས་བྱས་པར་བཀའ་དྲིན་ཆེ་ཞུས་པ་གཅིག་མཚུངས་རེད།ཁོང་གིས་ནང་བློན་ལ་བཤད་པ།ཁོང་གིས་རུ་སྨན་སྡེབ་པའི་དགེ་རྒན་གྱི་བྱ་བ་བསྒྲུབས་པ་ལས་གཞན།ད་དུང་རླབས་ཆེན་གྱི་ལྡེ་མིག་གི་གཏམ་རྒྱུད་ངོ་མཚར་ཅན་ཞིག་འབྲི་བཞིན་ཡོད།དེབ་དེའི་ནང་གི་མི་སྣ་དག་གཅིག་ཀྱང་མ་ལུས་པར་ཚང་མ་ལྡེ་མིག་ཡིན་། “སྒོ་འབྱེད་ལྡེ་མིག་“ནི་དེའི་ནང་གི་མི་སྣ་གཙོ་བོ་དེ་ཡིན་པ་མ་ཟད།  ནང་བློན་གྱི་སྒོ་འབྱེད་ལྡེ་མིག་ནི་དེའི་མ་དཔེ་དངོས་མ་དེ་ཡིན་ལ།མ་བྱུང་སྔོན་རྟོགས་ཀྱི་ཁྱད་ཆོས་ལྡན་ཡོད།ལྡེ་མིག་གཞན་པ་ཐམས་ཅད་ཀྱིས་དེ་ཉིད་དཀྱིལ་སྙིང་དུ་བཟུང་ནས་འཕེལ་རྒྱས་ལ་ཕྱོགས་གྱིན་ཡོད་དེ།ལྡེ་མིག་དེ་ནི་དཔེར་ན་རྒྱལ་པོའི་ཕོ་བྲང་གི་རྒྱས་སྤྲོས་དང་།དགའ་སྟོན་རྟེན་འབྲེལ་སོགས་ཀྱི་རྣམ་པ་དེ་ཤེས་པའི་ནང་བློན་གྱི་ལྡེ་མིག་ལགས།ཆུང་རྩགསྤུས་དག་པ།ལྟ་ན་སྡུག་པ།ལྕགས་མགར་ཁང་ནས་དོང་ཙེ་གསུམ་གྱི་རིན་ཁུག་པའི་སྒོ་འབྱེད་ལྡེ་མིག་ལགས།དུས་རྒྱུན་དུ་ཡེ་ཤུའི་ཆོས་འཆད་མཁན་ལ་འབྲེལ་གཏུགས་བྱེད་པ་དང་།སྔར་ལྡེ་མིག་ཁུང་ནང་ནས་ཞག་གང་བོར་ལྷག་རྐྱེན་འདྲེ་མཐོང་མྱོང་་བ་དང་ཆོས་འཆད་ལས་རིགས་གཉེར་བའི་ལྡེ་མིག་ལགས།མཛོད་ཁང་དང་།བུད་ཤིང་རྩྭ་སྐམ་ཁང་།ཆང་བསྲེགས་དཀྲུགས་དོང་ཁང་གི་ལྡེ་མིག་སོགས་ཀྱང་ཐོན་ཡོད་ལ།ཚང་མས་གུས་ཞུ་མཛད་པ་མ་ཟད་སྒོ་འབྱེད་ལྡེ་མིག་གི་མཐའ་འཁོར་དུ་འགུལ་སྐྱོད་བྱེད་བཞིན་ཡོད་།ཉི་འོད་ཀྱིས་སྒོ་འབྱེད་ལྡེ་མིག་དངུལ་སྐར་མེ་ལོང་བཞིན་དུ་གསལ་བར་བཏང་ལ།རླུང་བུ།----འཇིག་རྟེན་གྱི་ཁ་རླུང་།---ཁོ་བོ་ལུས་ཟུངས་སུ་འཐུམ་ནས་ཁོ་ལ་པི་པིའི་སྐད་གདངས་གཏོང་དུ་བཅུགདེ་ནི་ལྡེ་མིག་གི་རྒྱལ་པོ་ཡིན།ནང་བློན་གྱི་སྒོ་འབྱེད་ལྡེ་མིག་དེ་ཡིན།ད་ལྟ་ལྡེ་མིག་དེ་ནི་ལྷ་ཡུལ་གྱི་སྒོ་མོ་འབྱེད་ལྡེ་མིག་དང་།ཆོས་བདག་གི་ལྡེ་མིག་གི་ཡིན་ལ་ལྡེ་མིག་དེ་ནི་ནམ་ཡང་ནོར་མི་སྲིད།

         “ངན་སེམས”ཁྱིམ་བློན་གྱིས་བཤད་རྒྱུར། “སྐྱི་གཡའ་བའི་ངན་སེམས། ”།

       ཁོ་དང་སྨན་སྦྱོར་བ་གཉིས་ངོ་ཐུག་གི་མེད།....ངོ་མ།  ཁྱིམ་བློན་གྱི་ལྕམ་ཆུང་བང་སོར་འཇུག་པའི་དུས་ཁོ་གཉིས་ད་གཟོད་ངོ་ཐུག་པ་རེད།

       ཁོ་མོ་ནི་སྔོན་ལ་ཤི་སོང་།

       ཁང་བའི་ནང་ཡིད་སྐྱོ་བ་དང་ཕངས་པའི་བརྩེ་སེམས་ཀྱིས་བཅིངས་འདུགཐ་ན་མེ་ཏོག་བཞད་ཅིང་འབྲས་བུ་འབུས་པའི་ཁམ་བུའི་ཡལ་ག་དེ་དག་ཀྱང་ཡིད་སྐྱོ་བས་རྙིད་སོང་།ཁོ་ཚོ་མི་ཡིས་བརྗེད་སོང།དེའི་རྒྱུ་རྐྱེན་ནི་ཁོ་མོས་ཁོ་ཚོ་ལ་གཟིགས་སྐྱོང་བྱེད་མི་ཐུབ་པས་སོ།

       ཁྱིམ་བློན་དང་སྨན་སྦྱོར་བ་གཉིས་ནི་ཁོ་མོའི་ཆེས་སྙིང་ཉེ་བའི་གཉེན་ཉེ་ཡིན་པའི་ཆ་ནས།པུར་སྒམ་རྒྱབ་ནས་གྲལ་བསྒྲིགས་ནས་སོང་།ད་ལྟ་ཁོ་ཚོ་ལ་དུས་ཚོད་མེད་ཅིང་།ཁ་རྩོད་བྱེད་པའི་སེམས་ཤུགས་ཀྱང་མེད།

      རོའུ་ཐིག.ལུན་གྱིས་ཁྱིམ་བློན་གྱི་ཞྭ་མོའི་སྟེང་སེང་རས་ནག་པོ་ཞིག་དཀྲིས།ཁོ་མོ་སྔ་མོ་ཞིག་ནས་འདིར་ཕྱིར་ཐོན་ཡོད།ཁོ་མོས་སྒྱུ་རྩལ་གྱི་བྱ་གཞག་ཁྲོད་ནས་རྒྱལ་ཁ་དང་ལས་ཡག་མ་ཐོབ།འོན་ཀྱང་མ་འོངས་པ་ན་ཁོ་མོར་རྒྱལ་ཁ་དང་ལས་ཡག་ཐོབ་སྲིད།རོའུ་ཐིག.ལུན་ལ་ཁོ་མོའི་མདུན་ལམ་ཡོད།ལྡེ་མིག་གིས་སྔར་བཤད་མྱོང་།ཁྱིམ་བློན་གྱིས་ཀྱང་འདི་ལྟར་བཤད་མྱོང་།

      ཁོ་མོ་ཁོ་ལ་ལྟ་རུ་ཡོང།ཁོ་ཚོས་འདས་པོའི་སྐོར་གླེང།ཁོ་ཚོར་མིག་ཆུ་ཤོར།རོའུ་ཐིག.ལུན་ནི་སེམས་སྙི་མོ་ཅན་ཞིག་ཡིན།ཁོ་ཚོས་སྒྱུ་རྩལ་གྱི་སྐོར་གླེང་དུས།རོའུ་ཐིག.ལུན་ནི་བློ་བརྟན་འགྱུར་མེད་ཅན་ཞིག་ཡིན།

      “གར་སྟེགས་ཀྱི་འཚོ་བ་ནི་ངོ་མ་ཤིན་ཏུ་སྙིང་རྗེ་པོ་ཞིག་འདུག།”ཁོ་མོས་བཤད་རྒྱུར། “འོན་ཀྱང་སུན་སྣང་དང་ཕྲག་དོག་ཀྱང་ངོ་མ་མང་པོ་འདུགདེ་ལས་ང་རང་ཉིད་ཀྱི་ལམ་བུ་བགྲོད་པ་དགའ།སྔོན་ལ་ང་རང་ཉིད་ཀྱི་གནད་དོན་ཐག་གཅོད་བྱས་རྗེས།ད་གཟོད་སྒྱུ་རྩལ་གླེང་།”

ཁུ་ནེས་ཀུ་ཡིས་སྔོན་ཆད་འཁྲབ་སྟོན་གྱི་སྐོར་གྱི་དཔེ་ཆའི་ནང་སྐད་ཆ་དྲང་མོར་བཤད་མྱོང་།མོས་ལྡེ་མིག་གིས་སྐད་ཆ་དྲང་མོ་བཤད་མེད་པ་ཤེས།འོན་ཀྱང་མོས་ཁྱིམ་བློན་གྱི་མདུན་དུ་ཁོ་བོའི་འཚང་རྟོལ་མ་འདོད།མོ་ཁྱིམ་བློན་ལ་ཤིན་ཏུ་དགའ་བའི་རྒྱུ་མཚན་གྱིས།

      ཁོས་མྱ་ངན་འཁུར་བའི་ལོ་འདི་དག་ལ།སྒོ་འབྱེད་པའི་ལྡེ་མིག་ནི་ཁོ་ལ་སེམས་གསོ་དང་སྐུལ་འདེབས་བྱེད་མཁན་གཅིག་པུ་དེ་ཡིན།ཁོས་ལྡེ་མིག་ལ་དྲི་བ་མང་པོ་དྲིས།ལྡེ་མིག་གིས་དྲི་བ་རེ་རེར་ལན་བཏབ།ལོ་འདི་འགོར་རྗེས་ཀྱི་ཉིན་ཞིག་གི་དགོང་མོར་ཁོ་དང་ལོའོ་ཐུ་ལིན་གཉིས་བརྩེ་དུང་ཟབ་མོའི་ངང་མཉམ་དུ་བསྡད་ཅིང་།ཁོས་ལྡེ་མིག་ལ་དྲིས་དོན།“ངས་གཉེན་སྒྲིག་བྱེད་སྲིད་དམ།ངས་སུ་དང་གཉེན་སྒྲིག་བྱེད་སྲིད།”ད་ལྟ་ཁོ་འདེད་མཁན་གྱི་མི་སུ་ཡང་མེད་པས།ཁོ་རང་གིས་ལྡེ་མིག་འདེད་པ་ལས་འོས་མེད།ལྡེ་མིག་གིས་“རོའུ་ཐིག.ལུན”ཞེས་ཟེར།སྐད་ཆ་འདི་འདྲ་བཤད་ཚར་ན།རོའུ་ཐིག.ལུན་ཡང་ཁྱིམ་བློན་གྱི་ལྕམ་མོར་གྱུར།

    “རྒྱབ་ཁ་དང་སྟེས་དབང”ཞེས་པའི་སྐད་ཆ་འདི་ནི་སྒོ་འབྱེད་པའི་ལྡེ་མིག་གིས་སྔོན་ཆད་ནས་བཤད་མྱོང་།


  • ལེ་ཚན་སྔོན་མ།:སྒོ་འབྱེད་པའི་ལྡེ་མིག ༡༽
  • ལེ་ཚན་རྗེས་མ།:གནས་སྐབས་མེད།