མཚོ་སྔོན་མི་རིགས་སློབ་ཆེན། བཀྲ་ཤིས། 2018-05-07
ལྡེ་མིག་རེ་ལ་གཏམ་རྒྱུད་རེ་ཡོད།འོན་ཀྱང་ལྡེ་མིག་གི་རིགས་ཀྱང་འདྲ་མིན་སྣ་ཚོགས་ཡོད།ཁྱིམ་བློན་གྱི་ལྡེ་མིག།ཆུ་ཚོད་ཕྱེ་བའི་ལྡེ་མིག།ཧྲེང་པི་བདེ་ཆོས་ཁང་ཆེན་མོའི་ལྡེ་མིག།ང་ཚོས་ལྡེ་མིག་གང་རུང་ཞིག་གླེང་མོལ་བྱེད་ཆོག།འོན་ཀྱང་ད་ལྟ་ང་ཚོས་ཁྱིམ་བློན་གྱི་སྒོ་འབྱེད་པའི་ལྡེ་མིག་དེ་ཅིག་བཤད།
ཁོ་ནི་མགར་ཁང་ནང་དུ་སྐྱེ་ཞིང་།འོན་ཀྱང་མི་རྣམས་ཀྱིས་རྡུང་རྡར་དྲག་པོ་བྱས་ནས།ཁོ་ནི་ཕལ་ཆེར་མགར་བའི་ཐོན་རྫས་ཞིག་ཡིན་པར་འདོད།དོར་ཁུག་ལ་མཚོན་ན།ཁོ་ཤིན་ཏུ་ཆེ།དེའི་རྐྱེན་གྱིས་མི་རྣམས་ཀྱིས་སྟོད་ཐུང་ཁུག་མའི་ནང་མི་འཇུག་ཐབས་མེད་བྱུང་།ཁོ་རྟག་པར་ཁུག་མའི་མུན་ནག་གི་ནང་དུ་བསྡད།ཡིན་ན་ཡང་ཁོ་ལ་གྱང་ངོས་སུ་གཏན་འཇགས་ཀྱི་གནས་ས་ཞིག་ཡོད།གནས་ས་དེ་ནི་ཁྱིམ་བློན་བྱིས་དུས་ཀྱི་འདྲ་པར་གྱི་འགྲམ་རེད།པར་དེའི་ནང་གི་ཁྱིམ་བློན་ནི་གོས་ལྭ་ཧྲུལ་བོས་གཡོགས་པའི་ཤ་རིལ་ཞིག་དང་གཉིས་སུ་མ་མཆིས།
མི་རྣམས་ཀྱིས་སྐར་ཚོམ་འོག་ཏུ་སྐྱེས་བའི་མིའི་གཤིས་ཀ་དང་བྱ་སྤྱོད་དེ་སྐར་ཚོམ་དེའི་ཁྱད་ཆོས་དང་མཐུན་ཞེས་བཤད་སྲོལ་ཡོད།ལོ་ཐོའི་ནང་བཤད་པ་ནང་བཞིན།དཔེར་ན།གསེར་གླང་སྐར་ཚོམ་དང་།མོ་གསར་སྐར་ཚོམ་དང་སྡིག་པའི་སྐར་ཚོམ་ལྟ་བུ།ཁྱིམ་བློན་གྱི་ལྕམ་ཆུང་གིས་སྐར་ཚོམ་འདིའི་རིགས་མ་གླེང་།མོའི་ཁྱོ་ག་"ལག་འབུད་སྐར་ཚོམ་"འོག་སྐྱེས་པ་ཡིན་པ་ལས་་གཞན་མ་བཤད།དེའི་རྒྱུ་མཚན་ནི་མོའི་ཁྱོ་ག་ནི་མིས་རྒྱབ་ལོགས་ནས་དེད་ན་མ་གཏོགས་རང་རྟོགས་མེད་པའི་མི་ཞིག་ཡིན་པར་བཤད།
ཁོའི་ཨ་ཕས་ཁོ་གཞུང་ལས་ཁང་གཞན་པ་ཞིག་ནང་དུ་སྡོད་དུ་བཅུག།ཁོའི་ཨ་མས་ཁོ་གཉེན་སྒྲིག་གི་ལམ་ལ་དེད།ལྕམ་ཆུང་གིས་ཁོ་ཁྱིམ་བློན་བྱེད་དུ་བཅུག།འོན་ཀྱང་མཐའ་མཇུག་གི་དོན་དག་འདི་མོས་མ་བཤད།རྒྱུ་མཚན་ནི་མོ་ནི་འོས་མཐུན་གྱི་ཁོར་ཡུག་ཁྲོད་ཁུ་སིམ་མེར་འདུག་པ་དང་།འོས་མཐུན་གྱི་ཁོར་ཡུག་ཁྲོད་གཏམ་གླེང་དང་མདུན་དུ་བསྐྱོད་པར་བྱེད།
ད་ལྟ་ཁོ་ལོ་ན་མཐོ་བའི་རྐྱེན་གྱིས་གནས་ལུགས་ཤེས་པའི་མི་ཞིག་ཏུ་གྱུར་ཡོད།ཁོས་བཤད་པ་ནང་བཞིན་ཁོ་ནི་སྤྱོད་ཡོན་ལྡན་པའི་མི་ཁ་མཚར་ཅན་ཞིག་ཡིན།ལྡེ་མིག་ལ་མཚོན་ན་ཁོ་ནི་ཤེས་ཡོན་སྣ་འཛོམས་ཡོད་པའི་མི་ཞིག་ཡིན།ལྡེ་མིག་གི་དོགས་གནད་སྐོར་ལ་ང་ཚོས་ཅུང་ཙམ་སྒུག་ན་ཤེས་ཐུབ།ཁོ་ནི་དུས་རྒྱུན་དུ་སེམས་སྐྱིད་པོའི་ངང་བསྡད་ཡོད་པས།མི་རྣམས་ཀྱང་ཁོ་ལ་དགའ།ཁོ་དང་ཁ་བརྡ་ལབ་པའི་སྤྲོ་བ་ཡང་ཡོད།ཁོ་གྲོང་ནང་ལ་སོང་དུས།གལ་ཏེ་ཁོའི་ཨ་མས་རྒྱབ་ནས་དེད་མེད་ཚེ།ཁོ་ཡུལ་ལ་ལོག་རྒྱུ་དཀའ།རྒྱུ་མཚན་ནི་ཁོས་ལམ་བར་དུ་ངོ་ཤེས་རྣམས་དང་ཁ་བརྡ་ལབ་ནས་བསྡད།འོན་ཀྱང་ཁོའི་ངོ་ཤེས་མང་ཤོས་ནི་དོན་མེད་ཀྱི་གྲོགས་པོ་ཡིན་པས།ཁོའི་ཟ་མ་ཟ་བའི་དུས་ཚོད་ཀྱང་འགོར་འགྱངས་བྱས།
ཁྱིམ་བློན་གྱི་ལྕམ་ཆུང་གིས་སྒེའུ་ཁུང་འགྲམ་ནས་ཁོ་ལ་རེ་ལྟོས་བྱས་ནས་བསྡད། “ད་ལྟ་ཁོ་སླེབས་བྱུང་”ཞེས་མོས་གཡོག་མོར་བཤད།“མྱུར་དུ་ཁོག་མ་ཐབ་ཐོག་ཏུ་ཚུགས”……འོན་ཀྱང་ཁྱིམ་བློན་ཡང་བསྡད་ནས་འགྲམ་གྱི་སུ་ཡིན་མི་ཤེས་པའི་མི་ཞིག་དང་ཁ་བརྡ་ལབ་ནས་འདུག།མྱུར་དུ་ཁོག་མ་མར་བཞག།དེ་ལྟར་མ་བྱས་ན་སྔོ་ཚོད་འབག་པོར་འགྱུར་རྒྱུ་རེད།ཁོ་ཡང་ཕྱིར་ལོག་བྱུང་།མགྱོགས་པོ།ཁོག་མ་ཐབ་ཐོག་ལ་ཚུགས།
ཡིན་ནའང་ཁོ་ད་དུང་སླེབས་མི་འདུག།
ཁྱིམ་བློན་སྒེའུ་ཁུང་འོག་ལངས་ནས་མོ་ལ་མགོ་ལྕོག་ལྡེམ་ཙམ་བྱས།ཡིན་ནའང་ཉེ་འགྲམ་ཏུ་མི་ངོ་ཤེས་ཤིག་སོང་ན།ཁོས་ཡང་ཁ་བརྡ་ལབ་ཀྱི་འདུགགལ་ཏེ་མི་འདི་དང་ཁ་བརྡ་ལབ་དུས་ངོ་ཤེས་གཞན་ཞིག་འཕྲད་ན།ཁོས་ཡང་ཁ་བརྡ་ལབ་བཞིན་པའི་མི་དེའི་ལག་པ་འཇུས་ནས་གཞན་པ་དེ་དང་ཁ་བརྡལབ་ཀྱི་འདུག།
ཡང་མི་ངོ་ཤེས་ཡོང་ན།སྔར་བཞིན་དེ་ལྟའོ།
ཁྱིམ་བློན་ལྕམ་ཆུང་གི་བཟོད་སེམས་ལ་མཚོན་ན་འདི་ནི་དངོས་ནས་ཉམས་ཚོད་ལེན་པ་ཞིག་རེད། “ཁྱིམ་བློན”“ཁྱིམ་བློན”མོས་དེ་ལྟར་བོས། “རེད།མི་འདི་ནི་ལག་འབུད་སྐར་ཚོམ་དུས་སུ་སྐྱེས་པས་ཁོ་ལ་མ་སྐུལ་ན།ཁོ་འགྲོ་མི་ཤེས་”ཞེས་བཤད།
ཁྱིམ་བློན་ནི་དཔེ་ཁང་ནང་ལ་འགྲོ་རྒྱུར་ཤིན་ཏུ་དགའ་བའི་མི་ཞིག་ཡིན།དཔེ་ཆ་དང་ཚགས་པར་སོགས་ཀློགས་ཀྱི་འདུག
ཁོས་དཔེ་བཙོང་བ་ལག་རྟགས་འགའ་སྟེར་བ་དེ་དཔེ་གསར་དག་གཡར་ནས་བལྟ་བའི་ཆེད་དུ་ཡིན།-གསལ་བོར་བཤད་ན།ཆོག་མཆན་ཐོབ་རྗེས་དེབ་ཀྱི་དཀྱུས་ཕྲལ་དགོས་པ་ལས་ཞིང་ཕྲལ་དགོས་པ་མིན།རྒྱུ་མཚན་ནི་ཁོས་དེ་ལྟར་བྱས་ཚེ་དཔེ་ཆ་གསར་བ་བཙོང་མི་ཐུབ། ཁོ་ནི་ཉེས་དམིགས་མེད་པའི་ཚགས་པར་གསོན་པོ་ཞིག་སྟེ།ཁོས་གཉེན་རྟགས་རྒྱག་པ།གཉེན་སྟོན།དུར་སྦེད་སོགས་དཔེ་ཆ་སྟེང་གི་ལོག་གཏམ་དང་སྲང་ལམ་ཁྲོད་གྱི་སྐད་ཆ་སོགས་འབྲེལ་ཡོད་དོན་དག་ཡོད་ཚད་ཤེས།མི་གཞན་གྱིས་མི་ཤེས་པའི་དོན་དག་དག་ཁོས་ཤུགས་བསྟན་ནས་ཤེས་སུ་འཇུག་ཐུབ།དེ་ནི་ཁོའི་སྒོ་འབྱེད་པའི་ལྡེ་མིག་ལས་ཐོབ་པའོ།།
ཁྱིམ་བློན་དང་ཁོས་ལྕམ་ཆུང་གཉིས་གཉེན་སྒྲིག་དུས་སྐབས་ནས་བཟུང་ཁོ་རང་གི་གཟིམ་ཤག་ནང་དུ་བསྡད་ཡོད་ལ།དེའི་སྐབས་ནས་ཁོ་གཉིས་ལ་ལྡེ་མིག་དེ་ཡོད།འོན་ཀྱང་དུས་དེར་ཁོ་གཉིས་ཀྱིས་ལྡེ་མིག་དེའི་ཁྱད་མཚར་གྱི་ནུས་པ་དེ་ཤེས་མེད་ཅིང་།རྗེས་སུ་གཞི་ནས་ཤེས་པ་རེད།
དེ་ནི་རྒྱལ་པོ་ཧྥེ་ཐི་ལི་ཁྲི་རབས་དྲུག་པའི་དབང་སྒྱུར་བྱེད་པའི་དུས་སྐབས་ཡིན།དེ་དུས་ཀྱི་ཁོ་ཕེན་ཧ་ཀེན་ལ་ད་དུང་སོལ་རླངས་མེད།སྣུམ་སྒྲོན་བཀོལ་སྤྱོད་བྱེད་བཞིན་ཡོད།ཐིས་ཧྥོ་ལིསདང་ཁྭ་ཤིན་ནོ་མེད།གློག་འཁོར་དང་མེ་འཁོར་སོགས་ཀྱང་མེད།ད་ལྟ་དང་བསྡུར་ན་རོལ་རྩེད་བྱེད་ས་མང་པོ་ཞིག་མེད།གཟའ་ཉི་མ།མི་རྣམས་ཀྱང་གྲོང་ཕྱིར་ལ་སོང་ནས།互助教堂(རོགས་རེས་ཆོས་ཁང)དུ་ལྟ་སྐོར་དུ་འགྲོ།དུར་བྱང་སྟེང་དུ་བརྐོས་ཡོད་པའི་ཡི་གེ་དག་འདོན་པ།རྩྭ་ཐོག་ཏུ་འདུག་པ།སླེ་བོའི་ནང་དུ་ཡོད་པའི་ཟ་མ་སོགས་ཟ་བ་དང་ཆུང་འཐུང་བ།དེ་མིན་ན་ཧྥོ་ལེ་ཏི་ལིས་ཁི་སི་མཁར་རྫོང་གི་གླིང་ཀ་རུ་འགྲོ།འདི་རུ་རོལ་ཆའི་རུ་ཁག་ཅིག་གིས་ཕོ་བྲང་གི་མདུན་དུ་རོལ་མོ་དཀྲོལ་བཞིན་ཡོད།མི་མང་པོ་ཞིག་ཆེད་དུ་འདི་རུ་ཡོང་ནས་གོང་མ་ཚང་གི་མི་དག་གིས་རྒྱ་ཆུང་ལ་གུ་དོག་པའི་གཙང་པོའི་སྟེང་དུ་གྲུ་གཏོང་བར་ལྟ་རུ་ཡོང་བ་རེད།རྒྱལ་པོས་གྲུ་ཡི་ཁ་ལོ་སྒྱུར་བ།ཁོང་དང་རྒྱལ་མོ་གཉིས་ཀྱིས་མི་ཚང་མར་རིགས་མཐོ་དམན་མི་དབྱེ་བར་མགོ་བོ་ལྡེམ་ལྡེམ་བྱེད་པ་དང་།འབྱོར་བ་ཡོད་པའི་ཁྱིམ་ཚང་དག་ཆེད་གྲོང་ནང་ནས་འདི་རུ་ནུབ་ཇ་འཐུང་དུ་ཡོང་།ཁོང་ཚོས་མེ་ཏོག་ལྡུམ་རྭ་འགྲམ་གྱི་ཞིང་པ་ཚང་ནས་ཇ་ལེན་ཐུབ་ལ་འོན་ཀྱང་ཇ་དེམ་རང་གིས་གྲ་སྒྲིག་བྱེད་དགོས་པ་རེད།
གནམ་གཤིས་ཧ་ཅང་བཟང་བའི་གཟའ་ཉི་མའི་ཕྱི་དྲོ་ཞིག་ལ་ནང་བློན་ཁྱིམ་ཚང་གང་བོ་ཡང་འདི་རུ་ཡོང་།ཁོ་ཚང་གི་གཡོག་མོས་ཇ་དེམ་ཞིག་དང་ཟས་རིགས་སླེ་བོ་གང་།ད་དུང་སི་ཕུའུ་ནུ་དུ་ལོའུ་ཕོའུ་(斯本得路普浓酒)ཡི་ཆང་གར་མ་ཞིག་བཟུང་ནས་སྔོན་དུ་འགྲོ་བཞིན་འདུག་ལྕམ་མོས་སྒོའི་ལྡེ་མིག་བཟུང་།ང་ཚོ་ཕྱིར་ཡོང་དུས་ཐད་ཀར་ནང་དུ་འཇུལ་ཆོག་པ་རེད།ཁྱོད་ཀྱིས་ཤེས་གསལ་ལྟར།ཁོ་ཚོས་གནམ་རུབ་མ་ཐག་ཏུ་སྒོ་ལྕགས་རྒྱག་པ་རེད།དེ་རིང་སྔ་མོར་སྒོ་དྲིལ་ཐག་པ་ཡང་ཆད་སོང་། ......ང་ཚོ་དགོང་མོ་ཧ་ཅང་ཕྱི་དུས་ད་གཟོད་ཕྱིར་ལོག་རྒྱུ་ཡིན།དེ་མ་ཟད་ཧྥོ་ལེ་ཏི་ལིས་ཁི་སི་མཁར་རྫོང་དུ་སྤྲོ་གསེང་དུ་འགྲོ་རྗེས།ད་རུང་ནུབ་ཟམ་གྱི་ཅཱ་ཟོ་ཏིང་ཟློས་གར་ཁང་ཏུ་《ཕན་འབྲས་ཐོབ་མཁན་གྱི་འགོ་གཙོ་ཧ་ལེ་ཅེན》ཀྱི་ལྐུགས་མའི་ཟློས་གར་ལ་བལྟ་རུ་འགྲོ་དགོས།པ་སེ་གཅིག་ལ་མ་ཁི་གཉིས་ཡིན།
འདི་ལྟར། ཁོ་ཚོ་ཧྥོ་ལེ་ཏི་ལིས་ཁི་སི་མཁར་རྫོང་ལ་སོང་། རོལ་དབྱངས་ལ་ཉན། རྒྱལ་དར་རླུང་གིས་བསྐྱོད་པའི་རྒྱལ་པོའི་གྲུ་གཟིངས་ལ་མིག་གིས་གཟིགས། རྒས་ཉམས་ཤར་བའི་རྒྱལ་པོ་དང་གངས་ལྟར་དཀར་བའི་ངང་བ་མཐོང་། ཁོ་ཚོས་དགའ་དགའ་སྤྲོ་སྤྲོའི་ངང་ཟ་མ་ཐེངས་གཅིག་འཐུང་རྗེས་བྲེལ་འཚུབ་ངང་ལམ་ལ་ཆས། འོན་ཀྱང་ཟློས་གར་ཁང་དུས་ལྟར་མ་ཐོན།
ཐག་པའི་སྟེང་ལ་སྤོ་བའི་ལྟད་མོ་དེ་མཇུག་རྫོགས་འདུག མཐོ་ལྡིང་བྲོ་གར་དེ་ཡང་མཇུག་བསྡུ་ལ་ཉེ། ལྐུགས་བརྡ་ཟློས་གར་སྔ་མོ་ནས་མགོ་བརྩམས། ཁོ་ཚོ་སྔར་བཞིན་རྗེས་སུ་ལུས། ཁྱིམ་བློན་ལ་ལས་བདའ་བྱས་ན་འོས། ཁོ་ལམ་སྐབས་སྐར་མ་རེ་རེར་སྡོད་གཡེང་བྱས་ནས་ངོ་ཤེས་རྣམས་ལ་ལབ་གླེང་བྱ་དགོས། ཟློས་གར་ཁང་ནས་ཁོ་སྔར་བཞིན་གྲོགས་པོ་བཟང་ཤོས་འགར་ཐུག ལྟད་མོ་འདི་འཁྲབ་ཚར་རྗེས་ཁོ་དང་ཁོའི་ལྕམ་ཆུང་གིས་ངོ་ཤེས་འགའ་དང་མཉམ་དུ་ཞི་ཆོ་ཡི་ཁྱིམ་དུ་སོང་ནས་ཆང་བསྲེས་མ་དཀར་ཡོལ་གང་འཐུང་བ་ལས་འོས་མེད། སྐར་མ་བཅུ་ལ་འཐུང་ཚར་ནའང་། ཁོ་ཚོས་དུས་ཚོད་གཅིག་གི་ཡུན་ལ་བསྲིངས། ཁོ་ཚོ་ལ་སྨྲ་མོ་ཚར་བ་འདྲ། དེ་དག་ལས་སྤྲོ་སྣང་ཆེ་ཤོས་ནི་རེས་ཏེན་གྱི་དཔོན་པོ་དེ་རེད། དེ་འཇར་མན་གྱི་ཡིན་ཡང་སྲིད། ཁྱིམ་བློན་གྱིས་གསལ་བོར་ཡིད་ལ་ཟིན་གྱི་མེད། དག་དག་ལྡོག་པ་ནི་དཔོན་པོ་འདིས་ཁོ་ལ་བཤད་པའི་ལྡེ་མིག་གི་སྣ་ཁ་དེ་རེད། ཁོས་ད་བར་དུ་ཡིད་ལ་གསལ་བོར་བཟུང་འདུག འདི་ངོ་མ་ཧ་ལས་དགོས་པ་ཞིག་རེད། ཁོས་ལྡེ་མིག་ལ་ཁོ་ཡི་གནད་དོན་མར་ལ་ལན་འདེབ་ཏུ་བཞག་ན་ཆོག ཆེས་ལྐོག་གྱུར་གྱི་བྱ་བ་དེའང་།
ཁྱིམ་བློན་གྱི་ལྡེ་མིག་དེ་དམིགས་ཡུལ་འདིར་ཧ་ཅང་འཚམས། དེ་ཡི་མགོ་བོ་ཤིན་ཏུ་ལྕི།དེ་བས་མགོ་མཇུག་ལྡོག་ནས་འཇོག་པ་ལས་འོས་མེད།སྐུ་ཞབས་ཀྱིས་ལྡེ་མིག་གི་འཛིན་ས་དེ་གཡས་ལག་གི་གོར་མཛུབ་སྟེང་དུ་བཞག་དུས།དེ་བག་ཕེབས་ཀྱིས་སྒོ་ནས་དེ་རུ་སྣར་ཡོད།ཁོང་གི་མཛུབ་མོའི་རྩའི་འཕར་ཚད་གཅིག་གིས་དེ་འགུལ་དུ་འཇུག་ཐུབ།གལ་ཏེ་དེ་མ་འགུལ་ན།སྐུ་ཞབས་ཀྱིས་རང་གི་འདུ་ཤེས་ལྟར་དེ་འགུལ་དུ་འཇུག་པ།གཞན་གྱིས་ཤེས་མི་ཐུབ།འཁོར་ཐེངས་གཅིག་གིས་དབྱངས་གསལ་གྱི་ཡི་གེ་ཞིག་མཚོན་ཞིང་།A་ནས་མགོ་བརྩམས་ཏེ།ང་ཚོའི་རེ་འདུན་ཡི་གེ་མ་སླེབས་དུ་འགུལ།དབྱངས་གསལ་གྱི་ཡི་གེ་དང་པོ་དེ་ཡོང་ཚར་རྗེས།ལྡེ་མིག་དེ་ལྡོག་པའི་ཁ་ཕྱོགས་ནས་སྐོར།དེས་ན་དབྱངས་གསལ་གྱི་ཡི་གེ་རྗེས་མ་དེ་བཙལ་ཆོག།དེ་འདྲ་བྱས་ན་ང་ཚོས་ཡི་གེ་ཆ་ཚང་དང་ཚིག་འབྲུ་ཆ་ཚང་།དྲི་བ་ཧྲིལ་བོའི་ལན་ཡང་བཙལ་ཐུབ།འདི་ནི་རྫུན་བཟོ་བྱས་པ་ཞིག་ཡིན་ཀྱང་།སྤྲོ་སྣང་ལྡན་པ་ཞིག་རེད།ཁྱིམ་བློན་གྱི་སྔ་མོའི་ལྟ་ཚུལ་ཡང་དེ་ལྟ་ཡིན་ཀྱང་ཁོས་རྒྱུན་འཁྱོངས་བྱེད་མ་ཐུབ།ཁོ་བོའི་སེམས་ལྡེ་མིག་ལ་གཡེང་།
སྐུ་ཞབས"སྐུ་ཞབས"ཞེས་ཁོའི་ལྕང་མོས་སྐད་ཆེན་པོ་བཏང་། "ནུབ་ཀྱི་སྒོ་ཆེན་ཆུ་ཚོད་བཅུ་གཉིས་ཐོག་ལ་སྒོ་བརྒྱབ་རེད་ཟེར་འདུག།ང་ཚོ་ནང་ལ་འགྲོ་ཐུབ་རྒྱུ་མ་རེད།ད་སྐར་མ་གཅིག་མ་གཏོགས་མི་གདའ།ཁོ་ཚོ་མགྱོགས་པོ་བྱེད་དགོས།གྲོང་ཁྱེར་ལ་ཕྱིར་ལོག་པའི་མི་འགའ་བྲེལ་འཚུབ་ཀྱི་ངང་ནས་ཁོ་ཚོའི་འགྲམ་ནས་ཕར་སོང་།ཁོ་ཚོས་སོ་ཁང་ཆེས་རྗེས་མ་ལ་སླེབས་པའི་སྐབས་སུ།ཆུ་ཚོད་བཅུ་གཉིས་ལ་སླེབས་པས་སྒོ་བརྒྱབ་ཟིན།མི་མང་པོ་ཞིག་སྒོའི་ཕྱི་ལྷག་ཏུ་འདུག།དེའི་ནང་ལ་ཁྱིམ་བློན་བཟའ་ཚང་དང་།ཇ་དེམ་དང་ལག་གཟེབ་སྟོང་པ་བཟུང་བའི་གཡོག་མོ་འདུག།མི་ལ་ལ་དེར་ལངས་ནས་དངངས་སྐྲག་སྐྱེས་པ་དང་།ལ་ལ་སུན་སྣང་སྐྱེ་བཞིན་ཡོད།མི་རེ་རེའི་སེམས་ཁམས་མི་འདྲ་བས།ད་ནི་ཇི་ལྟར་བྱ་དགོས་སམ།
སྟབས་ལེགས་པ་ཞིག་ལ།ཉེ་ལམ་ཐག་གཅོད་བྱས་མྱོང་བས།སྒོ་ཆེན་གཅིག་ཡོད་པས།-བྱང་སྒོ-སྒོ་མི་བརྒྱབ འགྲོ་མི་རྣམས་སོ་ཁང་ནས་གྲོང་ཁྱེར་ནང་དུ་འགྲོ་ཐུབ།
ལམ་འདི་ནི་ཐག་ཉེ་ཞིག་མིནའོན་ཀྱང་གནམ་གཤིས་སྐྱིད་པོ་འདུག།གཡང་དག་པའི་གནམ་མཁར་སྐར་མ་དང་སྐར་མདའ་སོགས་ཁྱབ་འདུག།ཆུ་ཕྲན་དང་རྫིང་བུའི་ནང་དུ་སྦལ་བའི་སྐད་ཅོར་གྱིས་ཁྱབ་འདུག།མི་དེ་ཚོས་གཅིག་རྗེས་གཉིས་མཐུད་གྱིས་གླུ་ལེན་པའི་མགོ་བརྩམས།ཡིན་ནའང་ཁྱིམ་བློན་གྱིས་གླུ་ཡང་མི་ལེན།སྐར་མ་ཡང་མི་ལྟ།དེ་མ་ཚད་འགྲོ་ལམ་ལ་ཡང་མི་ལྟ།དེས་རྐྱེན་གྱིས་མགོ་རྟིང་ལོག་ནས་ཆུ་ཕྲན་གྱི་ནང་དུ་ལྷུང་།མི་ཚོས་ཁྱིམ་བློན་མི་འདི་ནི་ཆང་རྐྱལ་ཞིག་ཡིན་པར་འདོད།འོན་ཀྱང་ཁྱིམ་བློན་ལ་རྒྱུས་ལོན་ཡོད་པའི་མི་ཞིག་ཡིན་ན།ཁྱིམ་བློན་ལ་མགོ་འཁོར་དུ་འཇུག་པ་ནི་ཆང་མིན།ལྡེ་མིག་ཡིན
ཅུང་ཙམ་འགོར་རྗེས་ཁོ་ཚོ་བྱང་སྒོའི་སོ་ཁང་མདུན་དུ་སླེབས་ཏེ་ཟམ་པ་བརྒལ་ནས་གྲོང་ཁྱེར་ནང་དུ་བུད་སོང་།
"ང་ད་ལྟ་སེམས་བདེ་སོང་"།"ང་ཚོ་ཁྱིམ་ལ་སླེབས་སོང་།ལྕང་ཆུང་གིས་དེ་ལྟ་བཤད།
“ འོན་ཀྱང་སྒོ་འབྱེད་པའི་ལྡེ་མིག་གང་ན་བཞག་ཡོད”ཁྱིམ་བློན་གྱིས་དེ་ལྟར་དྲིསལྡེ་མིག་དེ་ངའི་ཁུག་མའི་ནང་མི་འདུག་ཞེས་ཟེར།
"ཡ་མཚན"ཁྱེད་ལྡེ་མིག་བོར་སོང་་རེད་དམ།ཁྱེད་སྔོན་ལ་སྐུ་ཞབས་དང་རྩེད་མོ་རྩེ་བའི་སྐབས་སུ་བོར་སོང་པ་རེད།ད་ནི་ཁྱིམ་ལ་ཇི་ལྟར་འགྲོ།སྒོ་དྲིལ་ཐག་པ་ད་ནངས་སྔ་མོ་ཆད་སོང་།ཐུན་བརྡ་གཏོང་མཁན་ལ་སྒོ་འབྱེད་པའི་ལྡེ་མིག་མེད།ད་ཇི་ལྟར་བྱས་དགོས་སམ།
གཡོག་མོས་ངུ་ཤུབ་གཏོང་།ཁྱིམ་བློན་མ་གཏོགས་གཡོག་མོ་དང་ལྕང་ཆུང་གཉིས་བྲེལ་འཚུབ་ངང་ནས་བསྡད།
ཁོས“ང་ཚོས་ཚོང་ཁང་དེའི་སྒེའུ་ཁུང་གི་ཤེལ་གཅོག་དགོས”ཞེས་བཤད་པ་དང་། “ཁོ་རང་བོས་རྗེས་སུ།དེ་ནས་ནང་དུ་འགྲོ”ཞེས་བཤད་བྱུང་།
ཁོས་དྲ་མ་གཅིག་བཅག་པའི་རྗེས་སུ།ཡང་བསྐྱར་དྲ་མ་གཉིས་བཅག་བྱུང་། “པི་ངྷི་ཧྲིན།” ཁོས་དེ་ལྟར་འབོད་པ་དང་།དུས་མཚུངས་སུ་ཉི་གདུགས་ཀྱི་ཡུ་བ་དེ་སྒེའུ་ཁུང་དུ་བསྲིངས་པ་དང་།ས་འོག་ཁང་བའི་ནང་གི་བུད་མེད་ཀྱིས་ཨག་སྐད་རྒྱབ་བྱུང་།མི་འདིས་ཚོང་ཁང་གི་སྒོ་ཕྱེ་བྱུང་།སྐད་ཆེན་པོའི་ངང་ནས“ཐུན་པ”ཞེས་བོས་བྱུང་།ཡིན་ནའང་ཁོས་ཁྱིམ་བློན་གྱི་ཁྱིམ་མི་གང་བོ་མཐོང་བ་ན།དེ་མ་ཐག་ཏུ་ངོ་ཤེས་བྱུང་བ་དང་།ཁོ་ཚོ་ནང་ལ་ཡོང་དུ་བཅུག་བྱུང་།ཐུན་པ་ཡིས་ཤུ་སྒྲ་འབྱིན་པ་དང་།ཉེ་འགྲམ་གྱི་ཐུན་པ་གཞན་པ་ཞིག་་གིས་ཀྱིས་ཤུ་སྒྲ་འབྱིན་ནས་ལན་བཏབ་བྱུང་ལ།མི་མང་པོ་ཞིག་སྒེའུ་ཁུང་གི་འགྲམ་དུ་བཙིར་བྱུང་།
“ས་ཆ་གང་དུ་མེ་སྐྱོན་བྱུང་བ་རེད།ས་ཆ་གང་དུ་ཟིང་འཁྲུག་ལངས་བྱུང་བ་རེད།”ཚང་མས་དེ་ལྟར་གཅིག་གིས་གཅིག་ལ་དྲིས་ཤིང་།ཁྱིམ་བློན་རང་གི་ཁང་བའི་ནང་དུ་སླེབས་ནའང་།ཁོ་ཚོས་ད་དུང་འདྲི་བཞིན་འདུགཁོས་རང་གི་སྟོད་ལྭ་ཕུད་བྱུང་བ་ན།ལྡེ་མིག་དེ་རུ་ཐོགས་ནས་འདུགལྡེ་མིག་ལྭ་བའི་ཁུག་མའི་ནང་དུ་མི་འདུག་པར།རས་ལྭ་ནང་དུ་འདུགམ་གཞིར་དེ་རས་ལྭའི་ནང་གི་ཡོད་མི་འོས་པའི་ཁུང་བུ་ཞིག་ལས་དེ་རུ་སོང་བ་རེད།
དགོང་མོ་དེ་ནས་བཟུང་།ལྡེ་མིག་ལ་དམིགས་བསལ་ཁྱད་པར་ཅན་གྱི་དོན་སྙིང་ཡོད་པར་གྱུར་བྱུང་།ཁོ་ཚོ་དགོང་མོ་སྒོ་རུ་འགྲོ་བའི་དུས་སུ་དེ་འདྲ་ཡིན་པ་མ་ཟད།ཁོ་ཚོ་ཁྱིམ་དུ་བཙོག་ནས་འདུག་པའི་དུས་སུའང་དེ་འདྲ་ཞིག་ཡིན།ཁྱིམ་བློན་གྱིས་ཁོའི་སྤྱང་གྲུང་མངོན་པར་བྱས་ཤིང་།ལྡེ་མིག་ལ་གནད་དོན་ཡོད་ཚད་ལན་འདེབས་སུ་བཅུག
ཁོས་རང་ཉིད་ཀྱི་བློ་གྲོས་ལ་རྟེན་ནས་ཆེས་འོས་པའི་ལན་ཞིག་བཙལ་བ་ཡིན་མོད།གཞན་པས་དེ་ལ་ཡིད་ཆེས་བྱེད་པའི་ཆེད་དུ།ལྡེ་མིག་ལ་ལན་འདེབས་སུ་འཇུག་པ་རེད།ཡིན་ནའང་སྨན་སྦྱོར་བ་ཞིག་ཡོད་པ་སྟེ།ཁོ་ནི་ཁྱིམ་བློན་གྱི་ལྕམ་མོར་གཉེན་ཉེ་ཡི་འབྲེལ་བ་ཡོད་པའི་ན་གཞོན་ཞིག་ཡིན་ལ།ཁོས་འདི་དག་ལ་ཡིད་ཆེས་བྱེད་པ་མ་རེད།
སྨན་སྦྱོར་མཁན་ནི་སྤྱང་གྲུང་ལྡན་པ་ཞིག་ཡིན།ཁོ་རང་གིས་སློབ་མའི་ཡིན་པའི་དུས་ནས་བཟུང་དཔེ་ཆའི་དཔྱད་བརྗོད་དང་ཟློས་གར་གྱི་དཔྱད་བརྗོད་བྲིས་མྱོང་མོད།ཡིན་ནའང་ཁོས་གཏན་ནས་རང་གི་མིང་བཀོད་མྱོང་བ་མ་རེད།འདི་ནི་ཤིན་ཏུ་གལ་ཆེ་བའི་དོན་དག་ཅིག་ཡིན།ཁོ་ནི་ང་ཚོས་བཤད་བཞིན་པའི་ལུས་སྟོབས་དང་སེམས་ཤུགས་ལྡན་མཁན་གྱི་མི་ཞིག་ཡིན།ཡིན་ནའང་ཁོས་རྣམ་ཤེས་ལ་ཡིད་ཆེས་མི་བྱེད་པར་མ་ཟད།ལྡེ་མིག་གི་རྣམ་ཤེས་ལའང་ཡིད་ཆེས་མི་བྱེད་པ་རེད།
ཁོས“ཡིན་ལགས།ངས་ཡིད་ཆེས་བྱེད།ངས་ཡིད་ཆེས་བྱེད།”ཞེས་བཤད་པ་དང་། “སྙིང་ཉེ་བའི་ཁྱིམ་བློན་ལགས།ངས་ལྡེ་མིག་དང་ལྡེ་མིག་གི་རྣམ་ཤེས་ཡོངས་ལ་ཡིད་ཆེས་བྱེད་དེ།དེ་ནི་ད་ལྟ་མི་ཚང་མས་ཤེས་བཞིན་པའི་ཚན་རིག་གསར་བར་ཡིད་ཆེས་བྱེད་པ་ནང་བཞིན་ཡིན།དེ་ནི་རྫུ་འཕྲུལ་དང་ཁྱིམ་ཆས་གསར་རྙིང་གི་རྣམ་ཤེས་ཤིག་གོ།” ཁྱོད་ཀྱིས་མི་གཞན་པས་བཤད་པ་གོ་མྱོང་ངམ།ངས་གོ་མྱོང་།ང་ཡར་སྔོན་དོགས་པ་ཟ་མྱོང་།ཁྱོད་ཀྱིས་ཤེས་རྒྱུ་རེད།ང་ནི་ཐེ་ཚོམ་སྨྲ་བ་ཞིག་ཡིན།ཡིན་ནའང་ངས་ཡིད་ཆེས་བྱེད་རན་འདུག་པའི་ཕྱི་རྒྱལ་གྱི་དུས་དེབ་ཅིག་ལས་འཇིགས་སུ་རུང་བའི་གཏམ་རྒྱུད་ཅིག་བཀླགས་མྱོང་ཞིང་།དེས་ང་ལ་ཡིད་ཆེས་སུ་བཅུག་བྱུང་།ཁྱིམ་བློན།ཁྱོད་ཀྱིས་བསམ་ཚོད་བྱེད་ཐུབ་བམ།ངས་རང་གིས་ཤེས་པའི་གཏམ་རྒྱུད་འདི་ཁྱོད་ལ་བཤད་པར་བྱའོ།།
“རིག་པ་སྤྱང་པོ་ཡིན་པའི་བྱིས་པ་གཉིས་ཀྱིས་ཁོའི་ཕ་མ་གཉིས་ཀྱིས་ཟས་ཅོག་ཅིག་གི་རྣམ་ཤེས་སད་དུ་བཅུག་པ་མཐོང་ཞིང་།ནམ་ཞིག་བྱིས་པ་ཆུང་ཆུང་འདི་གཉིས་ཁོ་ན་ཁང་བའི་ནང་དུ་བསྡད་ཡོད་པའི་སྐབས་སུ།ཁོ་ཚོས་བྱེད་ཐབས་འདྲ་མཚུངས་སྤྱད་ནས་སྒམ་ཆུང་ཞིག་གི་རྣམ་ཤེས་སད་དུ་བཅུག་བྱུང་།ཁོ་ལ་ཚེ་སྲོག་ཡོད་བྱུང་བས།ཁོའི་རྣམ་ཤེས་སད་པ་རེད།ཡིན་ནའང་ཁོས་བྱིས་པ་གཉིས་ཀྱི་བཀའ་ལ་མི་ཉན་པར་མ་ཟད།རང་འགུལ་གྱིས་ཡར་ལངས་བྱུང་བ་དང་།ཆག་གྲུམ་བྱུང་བའི་སྒྲ་ཞིག་གྲགས་བྱུང་བ་དང་མཉམ་དུ།འཐེན་སྒམ་ཚང་མ་ཕྱིར་བྱོ་བྱུང་བ་རེད།དེ་ནས་མུ་མཐུད་དུ་ཁོས་ཤིང་གི་རྐང་བ་གཉིས་ཀྱིས་བྱིས་པ་འདི་གཉིས་སོ་སོ་འཐེན་སྒམ་དུ་བཅུག་བྱུང་བ་དང་།དེ་ནས་བྱིས་པ་གཉིས་བཅུག་ཡོད་པའི་སྒམ་ཆུང་དེ་ཡངས་པོར་ཕྱེ་འདུག་པའི་སྒོ་ནང་ནས་ཐེམ་སྐས་སུ་རྒྱུགས་ཤིང་།སྲང་ལམ་དུ་རྒྱུགས་ནས་ཐད་ཀར་མིས་བཟོའི་གཙང་བོའི་ནང་དུ་མཆོངས་བྱུང་བ་དང་།མཐར་བྱིས་པ་གཉིས་ཀ་ཆུར་སྣུབས་ནས་ཤི་རུ་བཅུག་བྱུང་།བྱིས་པ་འདི་གཉིས་ཀྱི་བེམ་པོ་ཡེ་ཤུའི་ཆོས་ལུགས་པ་ཡི་དུར་སའི་ནང་དུ་སྦས་པ་རེད།ཡིན་ནའང་སྒམ་ཆུང་དེ་གྲོང་ཁྱེར་སྲིད་གཞུང་གི་ཚོགས་འདུཁང་དུ་འཁྱེར་བྱུང་བ་དང་།སྒམ་ཆུང་དེ་བྱིས་པ་གཉིས་ཀ་གསོད་མཁན་གྱི་ལག་དམར་ཏུ་ངོས་བཟུང་ནས་སྲོག་ཁྲིམས་བཅད་པ་དང་།ཁྲོམ་རའི་ནང་དུ་གསོན་པོར་མེར་བསྲེགས་པ་རེད། ”
“ངས་གཏམ་རྒྱུད་དེ་བཀླགས་མྱོང་།” སྨན་སྦྱོར་མཁན་གྱིས་བཤད་རྒྱུར། “ཕྱི་རྒྱལ་གྱི་དུས་དེབ་ཅིག་ལས་བཀླགས་མྱོང་།འདི་ནི་ངས་རྟོགས་བཟོ་བྱས་པ་ཞིག་མིན།ལྡེ་མིག་གིས་འདི་བདེན་དཔང་བྱས་པས།འདི་ནི་དོན་དངོས་ཤིག་རེད།ངས་རྔམ་བརྗིད་ལྡན་པའི་སྒོ་ནས་མནའ་བསྐྱལ་ཆོག”
ཁྱིམ་བློན་གྱིས་གཏམ་རྒྱུད་འདི་ནི་དངོས་ནས་དགོད་ཁ་འཆོར་བའི་དགོད་གཏམ་ཞིག་རེད་བསམ་བཞིན་ཡོད་ལ།ལྡེ་མིག་དང་འབྲེལ་བའི་དོན་དག་འདིའི་ཐད།ཁོ་གཉིས་ཀར་ནམ་ཡང་གཅིག་མཐུན་གྱི་ལྟ་སྟངས་ཤིག་མ་བྱུང་ཞིང་།ལྡེ་མིག་གི་གནད་དོན་ཐད།སྨན་སྦྱོར་མཁན་ནི་ཡོངས་སུ་མགོ་འཐོམས་ནས་འདུག་མཁན་ཞིག་རེད།
ལྡེ་མིག་དང་འབྲེལ་བའི་ཤེས་བྱ་ལ།ཁྱིམ་བློན་གྱིས་མུ་མཐུད་དུ་ཡར་ཐོན་བྱེད་པ་དང་།ལྡེ་མིག་ནི་ཁོའི་སྤྲོ་སྐྱིད་དང་བློ་གྲོས་ཀྱི་འབྱུང་ཁུངས་སུ་གྱུར་བ་རེད།
རྩོམ་གསར། 10