སྔོ་ཞིང་བསང་བའི་མཁའ་དབྱིངས་སུ་ཅེ་རེར་བལྟས་ཚེ།
བུམ་པ་རྒྱལ་གྱིས་ཉི་ཧོང་གི་ཡི་གེ་ལས་བསྒྱུར། 2016-06-16
སྔོ་ཞིང་བསངས་བའི་མཁའ་དབྱིངས་སུ་ཅེ་རེར་བལྟས་ཚེ།
ང་ལའང་ཕྱིར་ལོག་སའི་གནས་མལ་ཞིག་ཡོད་པའི་སྣང་བ་ཞིག་སྐྱེས་ཡོང་།
འོན་ཀྱང་། སྤྲིན་ལ་ཁུང་བུ་བརྟོལ་ཏེ་ས་རུ་འཕྲོས་པའི་འོད་དཀར་དེ།
ད་ནི་མཁའ་དབྱིངས་སུ་ཕྱིར་ལོག་མི་སྲིད།
འོད་ཀྱི་ཟེར་མ་སེར་སྣ་མེད་པར་ས་ཡི་ཕང་བར་ཟམ་མི་ཆད་པར་འགྱེད་ཡོང་།
མཚན་མོར་སླེབས་སོང་ནའང་ང་ཚོ་དེ་འཐུ་བའི་ལས་ལ་བྲེལ་ཡོད།
མི་རྣམས་ལས་ངན་པའི་དབང་གིས།
ལྗོན་ཤིང་བཞིན་ངལ་གསོས་ཏེ་ལྷོད་པོར་སྡོད་མི་ཐུབ།
སྒེའུ་ཁུང་མང་བའི་ཁང་མིག་དེ་ཕར་གཡུགས་བཞག་ཡོད།
ང་ལ་འཇིག་རྟེན་གྱི་ཁམས་འདིའི་ཁང་མིག་ལས་གཞན་དགོས་མི་འདོད།
དེའི་ཕྱིར་ང་མི་གཞན་དང་འཆམ་པོར་གནས་མི་ཐུབ་པར་གྱུར།
དོན་ལ་ལ་ཞིག་གིས་དུས་ཚོད་དང་བར་སྟོང་ལ་རྨ་ཁ་བཟོས་ཡོད།
དེས་བསྐྱེད་པའི་སྐྱོ་གདུང་གིས་ང་རང་བཅིང་འགྲོ
ང་རང་འདི་རུ་བྲལ་སོང་ན། ང་རང་ནད་མེད་བདེ་ཐང་དུ་འགྱུར་སྲིད་དམ།