2025-01-06
ཧྲེན་དབྱང་དང་། ཧྥུང་ཧྥ་ཀུའེ། ཧྲུའུ་ཏ་ཁྲུན་གྲོས་ཚོགས་སུ་ཞུགས་ནས་རྟེན་འབྲེལ་ཞུས། ཀྲང་ཐུང་རུང་གྲོས་ཚོགས་སུ་ཞུགས།
སྤྱི་ཟླ་དང་པོའི་ཚེས3ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་ལྕགས་ཟམ་རྫོང་དུ་འཚོག་འགོ་འཛུགས་པ་རེད།
སྤྱི་ཟླ་དང་པོའི་ཚེས3ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་ལྕགས་ཟམ་རྫོང་དུ་འཚོག་འགོ་བཙུགས་པ་རེད།
ཐེངས་འདིའི་གྲོས་ཚོགས་སུ་འབྱོར་དགོས་པའི་ཨུ་ཡོན280ཡིན་ཞིང་། ཨུ་ཡོན 251 དངོས་སུ་འབྱོར་ཡོད་པས་གཏན་འབེབས་མི་གྲངས་དང་མཐུན་ཡོད།
ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཀྲང་ཐུང་རུང་། ལིའུ་ཙུང་ཅན་དང་། རྡོ་རྗེ་བཀྲ་ཤིས། སྐུ་བཅར་ཡོན་ཏན་རྒྱ་མཚོ། ནན་ཧུང་། ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན། ཚེ་རིང་དབང་མོ། འཆི་མེད། ལུའོ་ལིན། ལིའུ་ཧུང་། ཞེ་ཏ་ཆོན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།
ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་བཅས་གྲོས་ཚོགས་སུ་ཕེབས་ནས་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུའུ་ཞི་སྟེགས་བུར་བཞུགས་ཡོད།
སྔ་དྲོའི་ཆུ་ཚོད་བརྒྱད་ཕྱེད་ལ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནན་ཧུང་གིས་སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་འཚོག་འགོ་འཛུགས་པའི་ཁྱབ་བསྒྲགས་གནང་ཞིང་། ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་ལེན་པ་རེད།
ཚོགས་ཆེན་དུ་སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཙུང་ཅན་གྱིས་ལས་དོན་སྙན་སེང་ཞུས།
སྙན་སེང་དུ་བསྟན་དོན། 2024 ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་འབད་བརྩོན་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་རྩོམ་པའི་ལོ་གལ་ཆེན་ཞིག་ཡིན། ལོ་གཅིག་གི་རིང་ལ། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་ལ་ནན་ཏིག་འཁྱོལ་བ་དང་། ཏང་གི་འགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་ཡོང་བ་རྒྱུན་འཁྱོངས་ཤིང་། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་གང་ལེགས་བཏོན་པ་དང་། དོན་འཁྱོལ་དམ་དུ་འཛིན། བྱ་སྤྱོད་དངོས་ལ་ལྟ། ཕན་འབྲས་ཐོན་པར་བྱེད་ཅེས་པའི་བྱེད་སྒོ་དོ་དན་སྤེལ་ཅིང་། སྲིད་གྲོས་ཨུ་ཡོན་ཡོངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཁུལ་ཡོངས་ཀྱི་ལས་དོན་གཙོ་བོ་དང་སྤྱི་ཡོངས་ལ་དམིགས་ནས་རང་འགན་གཙང་སྒྲུབ་བྱས་ཏེ། རང་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ་དང་བདེ་འཇགས་ཆུ་ཚད་མཐོན་པོར་ཡོང་བ་སྐུལ་རོགས་དང་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་མགྱོགས་པ་བྱེད་ཆེད། མི་སེམས་དང་བློ་རིག། སྟོབས་ཤུགས་བཅས་གཅིག་ཏུ་བསྒྲིལ་ཡོད།
སྙན་སེང་དུ་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་ནང་དུ་ཁུལ་སྲིད་གྲོས་ཀྱིས་ལྷག་བསམ་ཟོལ་མེད་ཀྱི་“རང་མདངས”་བསྐྱངས་པར་ཤུགས་བརྒྱབ་ཅིང་། བློ་འགུགས་བླ་སྐྱོང་ལ་དམིགས་ནས་“ཆབ་སྲིད་ལ་དང་དོད་”བྱས་པས་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བའི་བསམ་བློའི་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཡོད། “རང་འཁྲིའི་ལས་འགན”་ནན་ཏིག་སྒྲུབ་པར་ཤུགས་བརྒྱབ་ཅིང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་དམིགས་ནས་“འགན་འཁྲི་འཁུར་ཕོད་ལ་དང་དོད”་བྱས་པས་འཕེལ་རྒྱས་མཉམ་དར་ཡོང་བའི་ལག་ལེན་གྱི་བྱས་འབྲས་དེ་བས་ཕན་ནུས་ལྡན་པར་གྱུར་ཡོད།
འཐབ་ཕྱོགས་གཅིག་གྱུར་གྱི“འགན་རྩ”ལེགས་སྒྲུབ་ལ་ཤུགས་བརྒྱབ་ཅིང་། མི་སེམས་གཅིག་སྒྲིལ་ལ་དམིགས་ནས“མཐུན་སྒྲིལ་ལ་དང་དོད”བྱས་པས། ཞི་མཐུན་མཉམ་སྲུང་གི་སྤྱི་ཚོགས་འགྲིལ་ཤུགས་དེ་བས་སྟོབས་ཤུགས་ལྡན་པར་སོང་། དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པའི“གདོད་སེམས”སྲུང་བར་ཤུགས་བརྒྱབ་ཅིང་། མང་ཚོགས་ལ་ཞབས་འདེགས་ཞུ་བར་དམིགས་ནས“དམིགས་ཡུལ་ལ་དང་དོད”བྱས་པས། བདེ་སྐྱིད་མཉམ་གཉེར་གྱི་དམངས་དོན་དེ་བས་ཆེ་རུ་སོང་ཡོད། འགན་སྒྲུབ“འཇོན་ཐང”ཆེ་རུ་གཏོང་བར་ཤུགས་བརྒྱབ་ཅིང་། དུས་བསྟུན་མདུན་སྐྱོད་ལ་དམིགས་ནས“གསར་གཏོད་ལ་དང་དོད”བྱས་པས། གཟུགས་རྣམ་མཉམ་དོད་ཀྱི་ཁྱད་གསལ་ལས་ཀ་དེ་བས་མང་དུ་ཐོན། ལས་ཀའི“འཇོན་ནུས”ཇེ་དྲག་ཏུ་གཏོང་བར་ཤུགས་བརྒྱབ་ཅིང་། དཔུང་ཁག་ཧྲག་འཛུགས་ལ་དམིགས་ཏེ“དམ་ནན་ལ་དང་དོད”བྱས་པས། འགན་ནུས་མཉམ་སྒྲུབ་ཀྱི་ནུས་ཚད་དེ་བས་ཆེ་རུ་སོང་ཡོད། སྙན་སེང་དུ་བསྟན་དོན། ད་ལོའི་སྲིད་གྲོས་ཀྱི་ལས་དོན་ཡག་པོ་བསྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་ངོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དུ་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་དེ་བཞིན་སི་ཁྲོན་གྱི་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་དྲུག་པའི་ཐབས་ཇུས་སྲིད་གཅོད་གལ་ཆེན་དང་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པའི་བཀོད་སྒྲིག་གལ་ཆེན་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ་དང་། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག། ཁུལ་ཨུའི་སྤྱིའི་ལས་དོན་བཀོད་སྒྲིག་ལ་དམིགས་ཤིང་། དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་ཕྱོགས་ནས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་སྔར་ལས་ལྷག་པར་འདོན་པ་དང་། དོན་ལ་གནས་པའི་གྲོས་འགོ་མང་པོ་འབུལ་བ་དང་རྣམ་དཔྱོད་ལྡན་པའི་ཐབས་ཇུས་མང་པོ་འདོན་པ། དམངས་ལ་ཕན་ཐོགས་པའི་བྱ་བ་མང་པོ་སྒྲུབ་པ། མཐུན་སྒྲིལ་གྱི་སྟོབས་ཤུགས་མང་པོ་བསྡུ་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་ཧུར་ཐག་བརྩམ་པར་སྲིད་གྲོས་ཀྱི་འགན་ཁུར་མཚོན་ཅིང་སྲིད་གྲོས་ཀྱི་བྱས་རྗེས་གཞག་དགོས། སྙན་སེང་དུ་བསྟན་དོན། ཆབ་སྲིད་ཀྱི་ཚུགས་གནས་སྤར་དགོས་པ་དང་། ཐོག་མའི་བསམ་འདུན་བརྟན་པོར་འཛིན་པ། ངེས་ཤུགས་ཇེ་ཆེར་བཏང་ནས་བློ་སེམས་དཀར་པོ་བསྲུང་དགོས། ལས་དོན་གཙོ་བོ་དང་སྤྱི་ཡོངས་ལ་དམིགས་ཤིང་། འཕེལ་རྒྱས་ཀྱི་དགོས་མཁོར་ཞབས་འདེགས་ཞུ་བ་དང་། བློ་རིག་ཕུལ་ཏེ་འགན་འཁྲི་འཁུར་དགོས། དམངས་ལ་བཅངས་པའི་བརྩེ་སེམས་ཆེ་རུ་གཏོང་ཞིང་། དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་ལག་ལེག་བསྟར་བ་དང་། ཤུགས་ཡོད་དགུས་བདེ་རྩ་དོན་དུ་གཉེར་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་འདོན་སྤེལ་བྱེད་ཅིང་། སེམས་མཐུན་འཁོར་རྒྱ་བསྐྱེད་པ་དང་། མཉམ་ཤུགས་བསྒྲིལ་ཏེ་མཐུན་སྒྲིལ་ཡོང་བར་བྱ་དགོས། གཞུང་བསྲངས་གསར་གཏོད་རྒྱུན་འཁྱོང་ཞིང་། འགན་སྒྲུབ་ནུས་པ་ཇེ་ཆེར་བཏང་སྟེ་ཤུགས་ཆད་མེད་བརྒྱབ་ནས་རང་ངོས་འཛུགས་སྐྱོང་ཡག་པོ་བྱ་དགོས། སྲིད་གྲོས་ཀྱི་དཀར་མཛེས་ཁུལ་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་དབང་མོས་ཚོགས་ཆེན་ལ་སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་འཆར་ལས་དོན་གྱི་གནས་ཚུལ་སྙན་སེང་ཞུས་པ་རེད། སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་གྲོས་འཆར206བཏོན་ཡོད། ཞིབ་དཔྱད་བྱས་ནས་གྲོས་འཆར202ཐོར་བཀོད་པ་དང་། 2024 ལོའི་ཟླ་བ 12 པའི་ཚེས 31 ཉིན་བར་གྲོས་འཆར་བསྒྲུབས་ཟིན་པ་རེད། སྒྲུབ་འགན་འཁུར་བའི་ལས་ཁུངས་ཁག་གིས་གྲོས་འཆར་ནན་ཏན་གྱིས་བསྒྲུབས་པ་དང་། བསམ་འཆར་དང་གྲོས་འགོ་མང་པོ་དང་ལེན་བྱས་པར་མ་ཟད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྲིད་ཇུས་དང་འཕེལ་རྒྱས་འཆར་འགོད། དེ་བཞིན་སྡེ་ཚན་ཁག་གི་ལས་ཀའི་ཁྲོད་དུ་མངོན་པར་བྱས་ནས། ཁུལ་ཨུའི“གཅིག་གཉིས་གསུམ་བཞི་ལྔའི”སྤྱིའི་ལས་དོན་བཀོད་སྒྲིག་སྤྱི་འདོམས་ངང་སྐུལ་བར་དགེ་ཕན་ནུས་པ་བཏོན་ཡོད། ཚོགས་ཆེན་དུ་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་ཅིང། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་གསར་གཏོད་གསར་སྐྲུན། འབད་འབུངས་དངོས་སྒྲུབ། སྟོབས་སྐྱེད་བྱས་བཞག་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་བརྩམ་ཆེད་བྱས་རྗེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད། ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་མི་དམངས་སྲིད་གཞུང་། དཀར་མཛེས་ཡན་ལག་དམག་ཁང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་མགོ་ཁྲིད་བློ་མཐུན། དཀར་མཛེས་ཁུལ་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁག་གཅིག་དང་། སི་ཁྲོན་མི་རིགས་སློབ་གླིང་། དཀར་མཛེས་ཁུལ་ལས་རིགས་སློབ་གླིང་། ཀྲེ་ཅང་ཞིང་ཆེན་གྱི་རོགས་སྐྱོར་ལས་དོན་རུ་ཁག་དང་ཁྲེང་ཏུའུ་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་གི་འགན་ཁུར་བ་གཙོ་བོ། དཀར་མཛེས་ཁུལ་ཡོད་པའི་ཞིང་ཆེན་དང་ཁུལ་སྲིད་གྲོས་ཀྱི་མགོ་ཁྲིད་རྒན་པ་སོགས་གདན་ཞུས་ལྟར་འགོ་འཛུགས་ཚོགས་ཆེན་ལ་ཞུགས་ནས་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། ཞིང་ཆེན་ཁོངས་གཏོགས་སྲིད་འཛིན་དང་ཁེ་ལས་དོན་ལས་སྡེ་ཚན་གྱི་འགན་ཁུར་བློ་མཐུན། ཁུལ་ཁོངས་གཏོགས་དོན་ལས་སྡེ་ཚན་གྱི་འགན་ཁུར་བློ་མཐུན་སོགས་ཚོགས་འདུར་ཟུར་ཞུགས་བྱས་ཡོད།།
( ཡེ་ཤེས་དང་སྐལ་བཟང་རྒྱ་མཚོས་བྲིས་ཤིང་པར་བླངས།)
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10