ཡོད་ཡོད་འདྲ་ལ་མི་ཟིན་པའི་ནོར་བུ།

ལུག་རྫི།        2021-10-22

ཁྱོད་ཀྱི་སྒྲོམ་དུ།

ངའི་དུས་གསུམ་གྱི་ཡོད་ཚད།

གསང་བའི་ཚུལ་དུ་གབ།

ང་བྲེལ་དུས་ཁྱོད་ཤིན་ཏུ་ཉུང་།

ཁྱོད་མང་དུས་ང་ཧ་ཅང་དལ།

ང་ཁྱོད་ཀྱི་ནང་དུ་འཚར་བ་དང་།

ཁྱོད་ང་ཡི་འགུལ་བསྐྱོད་ཁྲོད་དུ་ཟད།

གནའ་སྔ་མོའི་གཏམ་རྒྱུད་ཁུར་བའི།

དེང་མི་ལུས་སྐྱེད་སྲིང་ར་བ་ཆེ།

རྒྱལ་ཕམ་ཤན་འབྱེད་ཀྱི་གཡུལ་ཁ་ཁྱོད།

ཤོག་ལྷེ་དང་མཚུངས་པར།

ན་ཚོད་ཀྱི་ཆར་རྒོད་ཐིགས་པས་བརྡུངས།

ཤོག་མགོར་སློག་ན་མེས་པོ་མཇལ་ཡོང་།

ཤོག་རྔར་བུད་ནས་རུས་རྒྱུད་དེད་ན།

ཚ་བོ་ཞེས་དབྱངས་གསལ་གྱི་མིང་ཅན་ཞིག

ང་ཚོའི་དབུགས་རྒྱུན་མཐུད་མཁན་དུ།

ང་རྒྱལ་གྱིས་ལངས་ནས་ཨ་ལན་སྟེར་ཨེ་ཡོང་།



  • ལེ་ཚན་སྔོན་མ།:སྟོན་ཁར་བཀུགས་པའི་གཞས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།