རང་ཁུལ་གྱིས་ད་དགུན་སང་དཔྱིད་ཀྱི་ནགས་རྩྭའི་མེ་ཟོན་ཚོགས་འདུ་འཚོགས།

ཐུབ་ཀྱིས་བསྒྱུར།        2021-10-22

     སྤྱི་ཟླ10པའི་ཚེས21ཉིན་ལ། རང་ཁུལ་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་ཟོན་ལས་དོན་གྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་ཟོན་ལས་དོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་དང་ལག་ལེན་དངོས་སུ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་བླང་བྱ་དོན་འཁྱོལ་ནན་ཏིག་བྱས་ཏེ། བསམ་བློའི་ངོས་འཛིན་གཅིག་གྱུར་བཟོ་ཞིང་མདུན་ངོར་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་བྱེད་ཅིང་། གནད་དོན་གྱི་ཞན་ཆ་འཚོལ་བ་དང་བཀོད་སྒྲིག་ཁྱོན་ཡོངས་ནས་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གྲོས་ཚོགས་སུ་ཞུགས་ཤིང་གསུང་བཤད་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་གི་གྲོས་ཚོགས་གཙོ་སྐྱོང་གནང་།

    གྲོས་ཚོགས་སུ་རིམ་ཁག་དང་སྡེ་ཚན་ཁག་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་ཟོན་ལས་དོན་དེ་ད་ལོའི་དགུན་ཁ་དང་དང་སང་ལོའི་དཔྱིད་ཀའི་ལས་དོན་ཆེས་གལ་ཆེན་ཞིག་ཏུ་བརྩིས་ནས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དང་ཞིང་དཔོན་ཧོང་ཆང་གཉིས་ཀྱི་ལས་དོན་བླང་བྱ་ལྟར། ཏང་སྲིད་འགན་མཉམ་དང་གནས་གཅིག་འགན་གཉིས། སྤྱི་འཛིན་མཉམ་སྒྲུབ། འགན་འཛོལ་བདའ་འདེད་བཅས་ཀྱི་འགན་ནུས་དོན་འཁྱོལ་ནན་པོ་བྱེད་པ་དང་། མི་དམངས་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱེད་ཅིང་། བྱ་སྤྱོད་ལག་ལེན་བསྟར་ཚེ་འགན་འཁྲི་ལས་མི་ཡོལ་བ་དང་ལས་དོན་སྒྲུབ་དུས་དཀའ་ངལ་ལ་མི་འཛེམ་པའི་སྙིང་སྟོབས་སྐྱེད་པ་དང་། རྡོ་ལ་རི་མོ་བརྐོས་པ་དང་གནམ་ལྕགས་ཐོག་འདྲ་བའི་ངར་ཤུགས་ཆེ་རུ་བཏང་སྟེ། ཉེན་ཁ་མི་མངོན་པར་ཚགས་བཤེར་དང་། མེ་སོན་དོ་དམ་ཚོད་འཛིན། དྲིལ་བསྒྲགས་སློབ་གསོ། དཔུང་སྡེ་སྦྱོང་བརྡར། དངོས་ཟོག་གྲ་སྒྲིག་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་བྱས་ཏེ་ཡག་པོ་བསྒྲུབས་ནས། མིའི་རྐྱེན་གྱིས་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་ཚབས་ཆེན་མི་འཆོར་བ་དང་མི་སྣ་ཤི་རྨས་ཚབས་ཆེན་མི་འབྱུང་བའི་མཐིལ་ཚད་གཉིས་མཐའ་གཅིག་ཏུ་བསྲུང་ཐུབ་དགོས་ཞེས་བསྟན་པ་རེད།། 


  • ལེ་ཚན་སྔོན་མ།:མི་ཉག་རྡོ་ར་དཀར་མོ།། རྡོ་རའི་ནང་གི་མེ་ཏོག།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ཏོག་གསར་གློ་རིམས་དང་འབྲེལ་བའི་འབོད་སྐུལ་ཛ་དྲག་མ།
  • དོ་སྣང་ཆེ་བའི་རྩོམ།