རང་ཁུལ་གྱི་ཞབས་བྲོ་གཉིས་ཞིང་ཆེན་ཡོངས་ཀྱི་མཇུག་འགྲན་གྲས་ལ་ཚུད།

བདེ་ཆེན་གྱིས་བསྒྱུར།        2021-10-20

རང་ཁུལ་གྱི་ཞབས་བྲོ་གཉིས་ཞིང་ཆེན་ཡོངས་ཀྱི་མཇུག་འགྲན་གྲས་ལ་ཚུད།

   སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ནན་ཁྲུང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཞིང་།སི་ཁྲོན་ཞིང་ཆེན་སྒྱུ་རྩལ་ཞིབ་འཇུག་ཁང་དང་། ནན་ཁྲུང་གྲོང་ཁྱེར་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས།ནན་ཁྲུང་གྲོང་ཁྱེར་ཀའོ་ཕིང་ཆུས་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་ཐོག་སྒྲུབ་འགན་ཁུར་བའི2021ལོའི་སི་ཁྲོན་ཞིང་ཆེན་གྱི་ཞབས་བྲོའི་བརྩམས་ཆོས་གསར་པའི་འགྲན་བསྡུར་མཇུག་འགྲན་དེ་སྤྱི་ཟླ10པའི་ཚེས12ནས15ཉིན་བར་ནན་ཁྲུང་གྲོང་ཁྱེར་ཟློས་གར་ཁང་དུ་སྤེལ་བ་རེད།

    རང་ཁུལ་ལྕགས་ཟམ་རྫོང་རིག་གནས་ཁང་གི་གསར་རྩོམ་ཞབས་བྲོལ་ངོས་ཀྱི་གཟི་ཉམས།ཞེས་པ་དང་ཉག་ཆུ་རྫོང་ཁམས་པའི་ཕོ་རྒོད་སྒྱུ་རྩལ་ཚོགས་པའི་གསར་རྩོམ་ཞབས་བྲོཁམས་པའི་ཕོ་རྒོདཞེས་པ་གཉིས་ཐེངས་འདིའི་ཞིང་ཆེན་ཞབས་བྲོའི་བརྩམས་ཆོས་གསར་པའི་འགྲན་སྡུར་གྱི་མཇུག་འགྲན་ནང་ཚུད་ཡོད་པ་རེད།

རང་ཁུལ་གྱི་ཞབས་བྲོ་གཉིས་ཞིང་ཆེན་ཡོངས་ཀྱི་མཇུག་འགྲན་གྲས་ལ་ཚུད།

   ད་ལོའི་སི་ཁྲོན་ཞིང་ཆེན་གྱི་ཞབས་བྲོའི་བརྩམས་ཆོས་གསར་པའི་འགྲན་བསྡུར་དེ་ཐོག་མའི་རགས་འདེམས་དང་བསྐྱར་མའི་འགྲན་བསྡུར། མཇུག་འགྲན། མཇུག་སྒྲིལ་བའི་མཛད་སྒོ་སྙན་ཞུ་འཁྲབ་སྟོན་བཅས་ཁག་བཞི་ལས་གྲུབ་པ་དང་། འགྲན་བསྡུར་ནང་ཁེར་བྲོ་དང་མི་གཉིས་ཀྱི་ཞབས་བྲོ། མི་གསུམ་གྱི་ཞབས་སྡེབ་ཚོགས་ཆུང་། མང་ཚོགས་ཀྱི་ཞབས་བྲོའི་ཚོགས་ཆུང་བཅས་བཙུགས་ཡོད་པ་རེད། སྤྱི་ཟླ3པའི་ཟླ་གཞུང་ནས་མིང་ཐོ་བཀོད་པ་ནས་བཟུང་སྤྱི་ཚོགས་ཀྱི་དོ་ཁུར་རྒྱ་ཁྱབ་ཆེན་པོ་ཐོབ་པ་དང་།ཞིང་ཆེན་ཡོངས་ཀྱི་རིག་རྩལ་ལས་ཁུངས52དང་སྒྱུ་རྩལ་སློབ་གླིང་།ཁེ་ལས་སློབ་གླིང་དང་ཚོགས་པ།དེ་བཞིན་མི་སྒེར་བཅས་ཀྱིས་རགས་འདེམབས་བྱས་རྗེས་བསྐྱལ་བའི་བརྩམས་ཆོས94འབྱོར་ཞིང་། འགྲན་བསྡུར་བསྐྱར་དུ་བྱས་པར་བརྒྱུད་མཇུག་འགྲན་ནང་ཚུད་པའི་བརྩམས་ཆོས63ལ་ཞིབ་དཔྱད་བྱས་པ་རེད། དེའི་ནང་མང་ཚོགས་ཀྱི་ཞབས་བྲོའི་བརྩམས་ཆོས52ནང་མི་རིགས་དམངས་ཁྲོད་ཞབས་བྲོ་དང་གནའ་བོའི་ཞབས་བྲོ།དེང་རབས་ཞབས་བྲོ་སོགས་ཚུད་ཡོད་པ་རེད།

 

རང་ཁུལ་གྱི་ཞབས་བྲོ་གཉིས་ཞིང་ཆེན་ཡོངས་ཀྱི་མཇུག་འགྲན་གྲས་ལ་ཚུད།

  རང་ཁུལ་གྱི་མཇུག་འགྲན་ནང་ཚུད་པའི་ཞབས་བྲོའི་བརྩམས་ཆོསལ་ངོས་ཀྱི་གཟི་ཉམས།ཞེས་པ་ནི་ལྕགས་ཟམ་རྫོང་རིག་གནས་ཁང་གིས་ས་གནས་དེ་གའི་རིག་གནས་སྔོག་འདོན་བྱེད་པའི་བློ་ཁོག་ཆེན་པོའི་ཚོད་ལྟ་ཞིག་རེད། གསར་རྩོམ་ཞབས་བྲོལ་ངོས་ཀྱི་གཟི་ཉམས།ཞེས་པ་དེ་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་སྟེ་ལ་ངོས་ཀྱི་སྐོར་བྲོའི་ཁྲོད་ནས་རྒྱུ་ཆ་བླངས་པ་ཞིག་རེད།

 རང་ཁུལ་གྱི་ཞབས་བྲོ་གཉིས་ཞིང་ཆེན་ཡོངས་ཀྱི་མཇུག་འགྲན་གྲས་ལ་ཚུད།
རང་ཁུལ་གྱི་ཞབས་བྲོ་གཉིས་ཞིང་ཆེན་ཡོངས་ཀྱི་མཇུག་འགྲན་གྲས་ལ་ཚུད།

   ཉག་ཆུ་རྫོང་ཁམས་པའི་ཕོ་རྒོད་སྒྱུ་རྩལ་ཚོགས་པའི་གསར་རྩོམ་ཞབས་བྲོའི་བརྩམས་ཆོསཁམས་པའི་ཕོ་རྒོདཞེས་པ་དེ་ཉག་ཆུ་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱིས་ཉག་ཆུ་ཁའི་ཁམས་པའི་ཕོ་རྒོད་ལ་དམིགས་ནས་གསར་དུ་བཟོས་པ་ཞིག་ཡིན་ཞིང་།ཞབས་བྲོ་དེར་ཁུལ་ཡོངས་ཀྱི་གསར་དུ་འཚར་ལོངས་བྱུང་བའི་མི་གསར་པའི་ཞབས་བྲོའི་བརྩམས་ཆོས་ཆེན་མོའི་ཁྲོད་ཨང་བཞི་པ་ཐོབ་ཡོད། ཞབས་བྲོའི་ཐོག་ནས་ཉག་ཆུ་རྫོང་ཁམས་པའི་ཕོ་རྒོད་ཀྱི་བློ་རིག་དང་དཔའ་ཉམས་ཡོངས་སུ་མཚོན་ཡོད།

  • ལེ་ཚན་སྔོན་མ།:བདེ་སྡོད་ལས་བརྩོན་བྱས་ནས་བདེ་སྐྱིད་ཀྱི་མཛེས་རིས་གསར་པ་བྲིས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།