རང་ཁུལ་གྱི་ཏོག་གསར་གློ་རིམས་དང་འབྲེལ་བའི་འབོད་སྐུལ་ཛ་དྲག་མ།

ཐུབ་ཀྱིས་བསྒྱུར།        2021-10-22

 དཀར་མཛེས་ཁུལ་བདེ་ཐང་འཕྲོད་བསྟེན་ཨུ་ལྷན་དང་དཀར་མཛེས་ཁུལ་རིམས་འགོག་ལྟེ་གནས་ཀྱིས་འབོད་སྐུལ་ཛ་དྲག་སྤེལ་བ་ལྟར་ན།རྒྱལ་ཡོངས་སུ་ཏོག་གསར་གློ་རིམས་ཀྱི་ཉེན་ཁ་ཆེ་བའི་ས་ཁུལ་གཅིག་གསར་དུ་བྱུང་བ་སྟེ་ནང་སོག་ཏ་ལེ་ཧུའུ་པུ་གྲོང་རྡལ་རེད། དེ་ལས་ནུབ་བྱང་ཡུལ་སྐོར་དང་འབྲེལ་བའི་ནད་པ57ཡོད་པ་རེད། ཐེངས་འདིའི་རིམས་ཚུལ་དེ་ཀན་སུའུ་དང་ཧྲའན་ཞི།ལིང་ཞ།ནང་སོག། ཧུའུ་ནན།པེ་ཅིང་།ཧོ་པེ།ཀུའེ་ཀྲོའུ།ཧུའུ་པེ།མཚོ་སྔོན་བཅས་ཞིང་ཆེན་དང་གྲོང་ཁྱེར།རང་སྐྱོང་ཁུལ10ལ་མཆེད་ཡོད།དཀར་མཛེས་ཁུལ་བདེ་ཐང་འཕྲོད་བསྟེན་ཨུ་ལྷན་དང་དཀར་མཛེས་ཁུལ་རིམས་འགོག་ལྟེ་གནས་ཀྱིས་རྒྱ་ཆེ་བའི་མང་ཚོགས་ལ་འབོད་སྐུལ་ཛ་དྲག་ཆེ་བ་འདི་ལྟར་བྱས་པ་སྟེ།

   གཅིག། ད་ཆའི་རིམས་ཚུལ་གྱི་གནས་བབ་ལ་གཞིགས་ནས།དགོས་ངེས་མིན་ན་རིམས་ཚུལ་གྱི་ཉེན་ཁ་ཆེ་འབྲིང་གི་ས་ཆར་མི་འགྲོ་ན་དགའ། རིམས་ཁུལ་ནས་འགྲོ་འོང་བྱེད་མཁན་གྱིས་སྔོན་ལ་རང་ཁུལ་ས་གནས་ཁག་གི་འགོག་ཟོན་བླང་བྱ་རྒྱུས་ལོན་བྱ་དགོས། འགྲོ་འོང་ཁྲོད་དུ་རང་ཉིད་འགོག་སྲུང་ཡག་པོ་བྱ་རྒྱུ་དང་།ཁུལ་དུ་སླེབས་དུས་མ་སྐུལ་དང་ལེན་གྱིས་འབྲེལ་ཡོད་འགོག་ཟོན་བྱེད་ཐབས་དོན་འཁྱོལ་བྱེད་པར་རམ་འདེགས་བྱ་དགོས།

    གཉིས། རྒྱ་ཆེ་བའི་མང་ཚོགས་ཀྱིས་དུས་ཐོག་ཏུ་གསར་འགྱུར་འཕྲིན་སྦྱོར་ཆེན་པོ་ཁག་དང་གཞུང་ཕྱོགས་ཀྱི་དྲྭ་ཚུགས་ཐོག་ནས་ཁྱབ་བསྒྲགས་བྱེད་པའི་ནད་གསར་བྱུང་ཚུལ་ལ་དོ་ཁུར་བྱ་རྒྱུ་དང་།ཁྱབ་བསྒྲགས་བྱས་པའི་ནད་པ་ལ་ཡུལ་དུས་ཀྱི་འབྲེལ་བ་ཡོད་པ་ཡིན་ན་དེ་མ་ཐག་སྤྱི་ཁུལ་དང་།གཞིས་མི་དང་གྲོང་མི་ཨུ་ལྷན་ལ་ཐོ་འགོད་སྙན་སེང་བྱས་ནས་འབྲེལ་ཡོད་ཀྱི་འགོག་ཟོན་བྱེད་ཐབས་ལག་ལེན་བྱེད་པར་རམ་འདེགས་བྱ་དགོས།

    གསུམ། ཏོག་གསར་གློ་རིམས་དང་ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་དགོས།ཏོག་གསར་གློ་རིམས་ཀྱི་རིམས་འགོག་སྨན་ཁབ་དང་ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་བར་འགྱངས་དུས་ཚོད་ནི་ཉིན14ཡིན།རིམས་འགོག་སྨན་ཁབ་རྒྱག་པའི་ཆ་རྐྱེན་འཛོམས་མཁན་གྱི་མི་སྣ་ཡིན་ལ་ད་རུང་རིམས་འགོག་སྨན་ཁབ་རྒྱག་མེད་མཁན་ཚོས་དུས་ཐོག་ཏུ་རིམས་འགོག་སྨན་ཁབ་རྒྱག་ས་འགྲོ་ན་དགའ།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ད་དགུན་སང་དཔྱིད་ཀྱི་ནགས་རྩྭའི་མེ་ཟོན་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།